གསེར་གཡུའི་ལྷ་ཁང་། ༼ཨ་མདོའི་ཟིན་བྲིས་གསུམ་པ།༽

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བན ཆེ་ཁུ།
མ་ཡིག་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་དགུ་བརྒྱ་དང་དྲུག་བཅུ་རེ་གྲངས་ནང་མཇལ་སྐོར་བ་ཞིག་ཨ་མདོ་བརྒྱུད་ནས་བསྐྱོད། ཁོང་ནི་རི་བོ་རྩེ་ལྔ་ནས་ཕེབས་པའི་རྒྱའི་གྲྭ་བ་ཞིག་ཡིན་ཞིང་། ཁོང་གིས་ཁོང་གི་སྔ་རོལ་བྱུང་བའི་རྒྱའི་ནང་པ་གང་མང་དང་མཚུངས་པར་རྒྱ་གར་དུ་བསྐྱོད་དེ་ནཱ་ལན་ཌ་གཙུག་ལག་སློབ་གཉེར་ཁང་ནས་སློབ་གཉེར་བྱ་བའི་རེ་བ་བྱས། ང་ཚོས་ཁོང་གི་སྐོར་ཤེས་དོན་ནི་ཁོང་གི་ཕྱི་བསྐྱོད་གནས་ཡིག་ཏུན་ཧོང་དུ་བཞག་ཡོད་པས་རེད། གནས་ཡིག་དེ་ནི་ཏུན་ཧོང་གི་བྲག་ཕུག་དཔེ་མཛོད་ཁང་དུ་བཅུག་ནས་དུས་རབས་ཉི་ཤུ་བའི་ནང་གཞི་ནས་ཕྱིར་མངོན་པ་རེད། (more…)

གསང་བའི་ལུང་གཤོངས་དང་དེའི་མིང། (ཨ་མདོའི་ཟིན་བྲིས་གཉིས་པ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བན ཆེ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དུས་རབས་བཅུ་བའི་ནང་དུ་དན་ཏིག་རི་ཁྲོད་ནི་བོད་ཀྱི་བསྟན་པའི་མེ་རོ་གསོ་མཁན་དུ་གྲགས་པ་བླ་ཆེན་དགེ་བ་རབ་གསལ་གྱི་བཞུགས་གནས་རེད། ཐག་རིང་གི་ལུང་གཤོངས་འདི་ནས་ཁོང་གིས་འདུལ་བའི་བསྟན་པ་རྒྱུན་འཛིན་དང་བོད་དབུས་ནས་ཕེབས་པའི་དགེ་འདུན་པར་རྒྱུད་སྤྲོད་བྱས་པ་རེད། དགེ་འདུན་པ་འདི་དག་ཕྱིར་ལོག་ནས་བོད་དུ་ནང་བསྟན་ཁྱབ་གདལ་དུ་འགྲོ་འགོ་བཙུགས་པ་རེད།༼འདི་དག་སྐོར་ངའི་ཟིན་བྲིས་སྔོན་མར་གཟིགས་རོགས།༽ (more…)

དྲང་བདེན་ནི་འཐབ་འཁོར་ལས་རྒྱལ་ངེས་ཡིན།(ཕྱི་མ)

(ཏཱ་ལའི་བླ་མ་དང་གྲོས་མོལ་ཟིན་བྲིས།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཅཱི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བདག་གིས་ཞུ་རྒྱུར།
ཁྱེད་ཀྱི་དགོངས་འཆར་ནི་དངོས་གནས་སྙིང་གཏམ་ཟོལ་མེད་ཅིག་རེད།

ཏཱ་ལའི་བླ་མས་གསུང་རྒྱུར།
ཁྱོད་ཐེ་ཝཱན་ཕྱོགས་ལ་འབྲེལ་བ་ཡོད་མེད་མི་ཤེས། ངས་བསམ་པར། ཐེ་ཝཱན་ནི་རྒྱ་ནག་སྐམ་ས་ཆེན་མོས་ཚད་འཛིན་དང་མིག་དཔེ་ལྟ་འོས་པ་ཞིག་རེད།

བདག་གིས་ཞུ་རྒྱུར།
བདག་གིས་ག་དུས་ཡིན་ཡང་ཐེ་ཝཱན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ལ་སེམས་ཁུར་བྱེད་ཀྱི་ཡོད། བདག་ཐེ་ཝཱན་གྱི་རྩོམ་པ་པོ་ཁ་ཤས་དང་མི་སྒེར། ཆོས་ཚོགས། འབངས་མིའི་སྡེ་ཁག་བཅས་ལ་འབྲེལ་བ་ཡོད། མ་ཟད་ཐེ་ཝཱན་གྱི་སྐོར་ལ་རྩོམ་ཡིག་མང་པོ་བྲིས་མྱོང་ཡོད།

ཏཱ་ལའི་བླ་མས་གསུང་རྒྱུར།
འདི་ངོ་མ་ཡག་པོ་འདུག དེང་སྐབས་ཕྱོགས་གཉིས་ཀའི་འབྲེལ་བ་ཞི་འཇགས་སུ་འགྲོ་ཡི་ཡོད། ཐེ་ཝཱན་གྱི་རྩ་དོན་ཡང་འབུར་དུ་ཐོན་གྱི་ཡོད། དཔེར་ན། རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་སྐོར་བ་མང་པོ་ཐེ་ཝཱན་ལ་ཡུལ་སྐོར་དུ་འགྲོ་བ་དང་། རྒྱ་ནག་སྐམ་ས་ཆེན་མོའི་སློབ་ཕྲུག་མང་པོ་ཐེ་ཝཱན་ལ་སློབ་སྦྱོང་བྱེད་དུ་ཡོང་གི་ཡོད། ཕྱོགས་གཉིས་ཀའི་སྐད་དང་རིག་གཞུང་གི་ཐད་ནས་འདྲ་ས་ཡོད། དེར་བརྟེན། ཐེ་ཝཱན་ནི་མང་གཙོའི་རང་དབང་ཁྱབ་གདལ་དུ་གཏོང་བའི་ཆེས་ལེགས་པའི་དགོངས་གཞིའི་སྒེའུ་ཁུང་དེར་གྱུར་ཡོད། མཚམས་མཚམས་སུ་ང་ཐེ་ཝཱན་གྱི་གྲོགས་པོ་དང་ཐུག་འཕྲད་བྱེད་ཀྱི་ཡོད། ཁོང་ཚོ་ལ་ཞུ་རྒྱུར། གུང་ཁྲན་ཏང་གིས་ཐེ་ཝཱན་བཅིངས་འགྲོལ་གཏང་གི་ཡིན་ཟེར་གྱི་ཡོད། ཁོང་ཚོ་བརྟེན་ས་ནི་དམག་དོན་གྱི་སྟོབས་ཤུགས་དང་འཕུར་མདའ། མཁའ་ལམ་འབར་མདེལ་ལ་སོགས་པ་རེད། གུང་ཁྲན་ཏང་ལ་དྲག་པོའི་མཚོན་ཆ་ཡོད་པ་བདེན་མོད་ཀྱང་། ཐེ་ཝཱན་གྱི་མིའི་སེམས་ཁམས་འཇོམས་མི་ཐུབ། དེ་ལས་ལྡོག་སྟེ་ཐེ་ཝཱན་གྱིས་ཕྱིར་རྒྱ་ནག་སྐམ་ས་ཆེན་མོ་བཅིངས་འགྲོལ་གཏོང་སྲིད། མང་གཙོའི་རང་དབང་གི་རིན་ཐང་སྤྱད་ནས་རྒྱ་ནག་མི་མང་ལ་རེ་བ་དང་དོན་དངོས་ཀྱི་བཅིངས་འགྲོལ་ཞིག་ཕུལ་ཡོད། (more…)

དྲང་བདེན་ནི་འཐབ་འཁོར་ལས་རྒྱལ་ངེས་ཡིན།(སྔ་མ)

(ཏཱ་ལའི་བླ་མ་དང་གྲོས་མོལ་ཟིན་བྲིས།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཅཱི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཉིའུ་ཡོག་(纽约)ཡི་མཱན་ཧཱ་ཏུན་(曼哈顿)ཞེས་པའི་ཚད་གཞི་འབྲིང་ཅན་གྱི་མགྲོན་ཁང་ཞིག་ཏུ་གདན་ཞུས་ལྟར་དེར་འབྱོར་བའི་སྐབས་གཞི་ནས་ཚོགས་ཁང་ཆེན་མོ་དེ་ནང་དུ་སྔར་ནས་བསྡད་ཡོད་པ་ནི་ཏཱ་ལའི་བླ་མ་ལ་མཇལ་ཁར་བཅར་བའི་སྐུ་མགྲོན་ཏེ། ནུབ་ཕྱོགས་པ་དང་རྒྱ་མི། ད་དུང་བོད་མི་བཅས་ཡོད་པ་རྟོགས། དེར་བསྒུགས་ནས་སྡོད་མཁན་གྱི་བོད་མིའི་ཁྲོད་དུ་དབུ་སྐྲ་དུང་ལྟར་དཀར་ཞིང་བལྟས་པ་ཙམ་གྱིས་དཀའ་སྡུག་ཚད་མེད་མྱངས་ཡོད་པའི་རྒད་པོ་ཞིག་འདུག ད་རུང་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་ཀྱི་ཆས་གོས་གོན་ཞིང་མིག་ནང་དུ་རེ་སྒུག་གི་རྣམ་འགྱུར་ཡོངས་སུ་མངོན་པའི་མཛེས་སྡུག་ལྡན་པའི་གཞོན་ནུ་མའང་འདུག ཐ་ན་ད་དུང་ཨ་རཱིའི་དམག་ཆས་གྱོན་པའི་བོད་རིགས་གཞོན་ནུ་མ་ཞིག་ཀྱང་འདུག

ངས་བོད་རིགས་ཀྱི་བརྟན་བརླིང་དང་བསྟུན་མཁས་ལ་བརྩི་བཀུར་ཞུ་ཡི་ཡོད། ཀྲུང་གུང་གིས་བོད་བདག་བཟུང་བྱས་པ་ནས་བཟུང་བོད་མི་ལ་བཀལ་བའི་ནམ་མཁར་མི་ཤོང་བའི་ནག་ཉེས་ཆེན་པོ་དེར་འགྱོད་བཤགས་ཞུ། ཀྲུང་གུང་གིས་བོད་མི་དམར་གསོད་བཏང་བའི་ལོ་རྒྱུས་དང་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་དབང་ལ་ངོ་རྒོལ་བྱེད་པའི་དོན་དངོས་འདི་ལ། ངའི་རྒྱ་རིགས་གྲོགས་པོ་མང་ཆེ་བས་ཡང་ན་ཅི་ཡང་མི་ཤེས་ཁུལ་བྱེད་ལ། ཡང་ན་སྣང་མེད་དུ་འཇོག (more…)

དྲན་ཤེས་ཅན་གྱི་ལས་འགུལ་བ་སྟེ། ཕན་སེམས་ཀྱི་ནུས་སྟོབས།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
རྩོམ་པ་པོ་ཨེན་རྗིས་ལ ཨེ རོའུ་སོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ངོ་ཁ་ཤས་ཤིག་གི་སྔོན་ལ་ང་དང་གྲོགས་པོ་ཞིག་གིས་ཁོང་གི་ཡིད་ཆེས་ཏེ་མི་ཚེའི་ནང་ང་ཚོ་རེ་རེ་ལ་རང་ཉིད་ཀྱི་དམིགས་ཡུལ་རེ་ཡོད་པ་རེད་ཅེས་པའི་སྒང་ལ་བགྲོ་གླེང་བྱས་པ་ཡིན། ངས་ཁོང་ལ་གལ་ཏེ་དེ་འདྲ་ཡིན་ན་ང་ལ་ང་རང་གི་དམིགས་ཡུལ་ག་རེ་ཡིན་པའི་ཁུངས་སྣེ་མི་འདུག་ཅེས་ལབ་པ་ཡིན། ཁོང་གིས་མྱུར་དུ་“ཁྱོད་ཀྱི་དེ་ཕན་སེམས་རེད”་ཅེས་ཐེ་ཚོམ་ཅི་ཡང་མེད་པའི་ཐོག་ནས་ལན་བཏབ་བྱུང་།

ངས་ཇི་ལྟར་ལན་བརྒྱག་དགོས་པ་རེད་དམ། དེ་ནི་རྣ་བར་སྙན་པ་ཞིག་རེད་ལ་ཐོབ་སྐལ་ཞིག་ཀྱང་རེད་་་་་་་་།

ང་རང་གི་ལས་ཀ་དང་དགའ་ཕྱོགས་མང་ཆེ་ཤོས་སྤྱི་ཚོགས་ལས་རིགས་སྒང་ལ་ཡིན། དེར་བརྟེན། ཕན་སེམས་ཀྱི་དམིགས་ཡུལ་འདིས་ངའི་འདོད་པ་བསྐངས་མ་སོང་། ཕན་སེམས་ཀྱིས་བདེན་པ་བདེན་ཐུབ་ལ་ཇི་ལྟར་དགོས་འདུན་འདོན་དགོས་པ་རེད། ཕན་སེམས་ཀྱིས་འཁོན་འཛིན་ལ་ཇི་ལྟར་ཁ་གཏད་གཅོག་དགོས་པ་རེད། དེས་འགྲོ་བ་མིའི་ཐོབ་ཐང་ཧམ་སྤྱོད་གཏོང་བ་ལ་ཇི་ལྟར་འཐབ་རྩོད་བྱེད་དགོས་པ་རེད། དེ་ཡིས་ལམ་ལུགས་ཀྱི་འགྱུར་བ་ཇི་ལྟར་ངེས་བརྟན་བཟོ་དགོས་པ་རེད་ཅེས་ངས་བསམ་གཞིགས་བྱས་པ་ཡིན། ཕན་སེམས་ལ་ཕན་ཡོན་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ཡང་། རང་གི་མི་ཚེའི་ནང་དེ་མུ་མཐུད་དུ་ལྟེ་བ་དང་མཁོ་གལ་ཆེན་པོའི་དམིགས་དོན་ཞིག་ཏུ་བཟུང་བའི་ནུས་པ་ལ་ང་རང་དོགས་པ་ཆེན་པོ་བྱུང་། དམིགས་བསལ་གྱིས་འདི་འདྲའི་འཐབ་འཛིང་དག་གི་སྐབས་སུ་ཐེ་ཚོམ་ཆེན་པོ་བྱུང་། (more…)

ནང་མི་དག་གིས་འགྲོ་སོང་ཇི་ལྟར་གཏོང་བཞིན་ཡོད་དམ།

(རྒྱལ་ཁབ་བྷི་རེ་ཟིལ་དང་། ཨུ་རུ་སུ། རྒྱ་ནག རྒྱ་གར། ཨེ་ཇེབ། གྲུར་ཀེས། ཨེན་རྡོ་ནེ་ཤུ་ཡ། སོ་རྡིས་ཨ་རབ་བཅས་ཀྱི་ནང་མི་དག་གིས་འགྲོ་སོང་ཇི་ལྟར་གཏོང་བཞིན་ཡོད་དམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སྒྲེས་རིགས་ཐོམ་སན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་རིའི་ཡུལ་གྱི་ནང་མི་སྤྱིར་བཏང་བ་ཤིག་གིས་སོ་སོའི་ཡོང་འབབ་ཀྱི་ཕྱེད་ཀ་སྡོད་ཁང་དང་འགྲིམས་འགྲུལ་ཆེད་དུ་གཏོང་བཞིན་ཡོད་མོད། འོན་ཀྱང་། ཨེ་ཇེབ་ཀྱི་ནང་མི་ཞིག་གི་ཡོང་འབབ་ཀྱི་ཕྱེད་ཀ་སོ་སོའི་ཁ་ལག་དང་བཟའ་བཅའི་ཆེད་དུ་གཏོང་བཞིན་ཡོད།

བདུན་ཕྲག་འདིའི་ནང་དུ། ང་ཚོས་ཨ་རིའི་ནང་དུ་དཔལ་འབྱོར་ཉམས་རྒུད་བྱུང་རྗེས་ཨ་རིའི་ཡུལ་མི་དག་གིས་སོ་སོའི་འཕྲོད་བསྟེན་དང་། སློབ་སྦྱོང་། ཁ་པར་སོགས་ཀྱི་ཆེད་དུ་འགྲོ་སོང་ག་ཚོད་ཅིག་གཏོང་བཞིན་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་ཡིན། འོན་ཀྱང་། ལས་གཞི་དེའི་ཐོག་མར་ང་ཚོས་འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལའང་སྤྱི་ཡོངས་ནས་ཞིབ་འཇུག་བྱས་པ་ཡིན། ཁྱེད་ཀྱིས་ཚོད་དཔག་བྱས་ན། ཨེ་ཇེབ་དང་། ཨེན་རྡོ་ནེ་ཤུ་ཡ། དེ་བཞིན་རྒྱ་ནག་བཅས་ཀྱི་ཁྱིམ་ཚང་དཀྱུས་མ་དག་གི་དཔལ་འབྱོར་གྱི་གནས་སྟངས་ག་འདྲ་ཡིན་ནམ། ཉོ་ཚོང་མ་དངུལ་ཐེབས་རྩ་ཁང་གིས་དམིགས་བསལ་བཅར་འདྲིའི་ཞིབ་བཤེར་བརྒྱུད་ནས་རྒྱ་གར་དང་། ཨུ་རུ་སུ། བྷི་རེ་ཟིལ། སོ་རྡིས་ཨ་རབ། གྲུར་ཀེས་བཅས་དང་། དེ་བཞིན་གོང་དུ་བཀོད་པའི་རྒྱལ་ཁབ་གསུམ་(ཨེ་ཇེབ་དང་། ཨེན་རྡོ་ནེ་ཤུ་ཡ། རྒྱ་ནག)བཅས་ཁྱོན་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བརྒྱད་ཀྱི་མི་མང་སྟོང་ཕྲག་ཁ་ཤས་ལ་བཅར་འདྲི་བྱས་ནས། ཁྱིམ་ཚང་སོ་སོའི་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོའི་ཁྲོད་ཀྱི་ཅ་ལག་རིགས་ཏེ། དཔེར་ན། རླངས་འཁོར་དང་། བཟའ་བཏུང་རིགས། དེ་བཞིན་ཁ་པར་བཅས་ཀྱི་ཆེད་དུ་འགྲོ་སོང་ག་ཚོད་ཅིག་གཏོང་བཞིན་ཡོད་མེད་སྐོར་ལ་ཉམས་ཞིབ་བྱས་པ་ཡིན། (more…)

ང་ཕོད་འཇིགས་མེད་ལས་གནས་ནས་ཕྱིར་ཕུད་བཏང་བའི་དགོད་བྲོ་བའི་ཟློས་གར་ལ་དཔྱད་པ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་གནམ་ལོ་ཡག

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངས་དྲ་ཐོག་ནས་མི་ཞིག་གིས་ལོ་བཅུ་བཞིའི་ཡར་སྔོན་དུ་ང་ཕོད་འཇིགས་མེད་ལགས་ལ་བཅར་འདྲི་བྱས་པའི་ཟིན་བྲིས་ཞིག་བརྒྱུད་འགོད་བྱས་ཡོད་པ་མཐོང་སོང་། དེ་ལས་ང་ཕོད་འཇིགས་མེད་ལགས་ཀྱི་མི་གཤིས་དང་། ཡོན་ཚད། སྒེར་ཚུགས་ཀྱི་བསམ་བློ། ད་དུང་ཁོས་མི་རིགས་ལ་བཅངས་བའི་ལྷག་བསམ་སོགས་ལ་བརྩི་འཇོག་ཡིད་སྨོན་དང་དགའ་གུས་ཡི་རངས་བྱེད་པའི་ཚིག་འབྲུ་རེ་རེ་ཀློག་དུས་ང་ལ་རང་བཞིན་གྱིས་དངངས་སྐྲག་ཞིག་སྐྱེས་བྱུང་། ཕལ་ཆེར་ཁོས་ང་ཕོད་འཇིགས་མེད་ལགས་ལ་མྱ་ངན་ཞུ་བ་དང་འདྲ། དེའི་རྐྱེན་གྱིས་ངས་མིང་གྲགས་ཆེ་བའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་འཇིགས་མེད་ལགས་སྐུ་གཤེགས་པར་དོགས་ནས་འདི་སྐོར་ཀྱི་གནས་ཚུལ་རྩད་གཅོད་བྱས་ཤིང་། ཁ་པར་བརྒྱུད་ནས་དོན་དག་ཁ་ཤས་ལ་རྒྱུས་ལོན་བྱས་པ་ཡིན། (more…)

ང་ཕོད་འཇིགས་མེད་ཅིའི་ཕྱིར་ལས་ཁུངས་ནས་གློ་བུར་དུ་ཕྱིར་ཕུད་བཏང་བ་རེད།

(ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་འཇིགས་མེད་ལགས་ཅིའི་ཕྱིར་ལས་ཁུངས་ནས་གློ་བུར་དུ་ཕྱིར་ཕུད་བཏང་བ་རེད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
འོད་ཟེར་གྱིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ང་ཕོད་འཇིགས་མེད་ལགས་སྤྱི་ཟླ་༡༡པའི་ཚེས་༡ཉིན་གློ་བུར་དུ་ལས་ཁུངས་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་དེ་ཐོས་རྗེས་ང་རང་ཧ་ལས་སོང་། ངས་ངོ་ཤེས་པའི་བོད་ཕྱི་ལོགས་ཀྱི་ཤེས་ཡོན་པ་དང་གསར་འགོད་པ། ད་དུང་རྒྱ་རིགས་བོད་དོན་ཉམས་ཞིབ་པ་དང་རྒྱལ་སྤྱིའི་བོད་རིག་པ་བ་ཚང་མ་འདིའི་ཐད་ལ་དངངས་འཚབ་སྐྱེས་ཤིང་ཅི་ཡིན་འདི་ཡིན་མ་ཤེས་པར་མགོ་འཐོམ་ནས་བསྡད་འདུག

ང་ཕོད་འཇིགས་མེད་ནི་༡༩༨༥ལོར་བོད་ནས་ཕྱི་ལ་ཡོང་ཞིང་། སྔོན་ཆད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་ཀྱི་ལས་འགུལ་ཐད་དུ་ལས་ཀ་བསྒྲུབས་མྱོང་ལ། ཨ་རིའི་བར་རྗི་ནི་ཡ་སློབ་ཆེན་(弗吉尼亚)དུ་གཞུང་དང་ཕྱི་འབྲེལ་སྡེ་ཚན་གྱི་སློབ་སྦྱོང་བྱས་མྱོང་། ཁོ་བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་ལ་བྱང་ཆུབ་ཅིང་རང་རྐྱ་འཕེར་བའི་ཤེས་ཡོན་པ་གཞན་དང་མ་འདྲ་བ་ཞིག་ཡིན། ༡༩༩༦ལོར་ཨ་རིའི་རྒྱལ་ཚོགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གསར་འཛུགས་བྱེད་པར་ཆོག་མཆན་ཐོབ་པ་དང་། ཁོ་ནི་བོད་སྐད་སྡེ་ཚན་དེའི་འགན་འཛིན་གྱི་འོས་མི་ཉག་གཅིག་ཆགས་ནས་ལས་ཁུངས་གསར་འཛུགས་ཐད་ལ་འགན་གཙོ་བོ་བཞེས། དེ་ནས་ད་བར་དུ་ལོ་ངོ་༡༦རིང་ལ་ཁོང་གིས་རང་ནུས་ཡོད་རྒུ་བཏོན་ནས་གསར་འགོད་པ་དང་རྩོམ་སྒྲིག་པ་༣༠ལྷག་ལས་གྲུབ་པའི་ཨེ་ཤེ་ཡ་རང་དབང་རང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་འདི་ཉིད་འཛམ་བུ་གླིང་གི་ཆེས་གལ་ཆེན་དང་མིག་དཔེར་འོས་བའི་བོད་སྐད་གསར་ལམ་ཞིག་ཏུ་བསྒྱུར་བ་རེད། ཡིན་ནའང་དེ་རིང་གནས་ལུགས་རྒྱུ་མཚན་ཅི་ཡང་མེད་པར་ཁོང་ཉིད་ལས་ཁུངས་དེ་ནས་གློ་བུར་དུ་ཕྱིར་ཕུད་བཏང་ཡོད་པ་རེད། (more…)

བོར་ཟིན་པའི་དམག་མི། (ཨ་མདོའི་ཟིན་བྲིས་དང་པོ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་སམ་ཝན་ཤེག

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཐེངས་དང་པོར་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཀློག་སྐབས། ཁོང་གིས་ས་ཐག་རིང་བའི་བོད་རྒྱལ་ཁབ་ཀྱི་བྱང་ཤར་༼ད་ལྟའི་ཨ་མདོ་༽དུ་མངགས་པའི་བོད་དམག་རུ་ཁག་བཀའ་མ་ལོག་ལ་ཁུངས་གཏུགས་འདུག་པ་དེས་ང་རང་ཡ་མཚན་དུ་བཅུག་སོང་། དོན་དངོས་སུ། བོད་རྒྱལ་ཁབ་སིལ་བུར་འཐོར་སྐབས། དམག་མི་འདི་དག་གིས་ཕྱིར་ལོག་ཆོག་པའི་བཀའ་ལ་སྒུག་ནས་བསྡད་མོད། འོན་ཀྱང་བཀའ་དེ་ནམ་ཡང་མ་འབྱོར། དེའི་སྟབས་ཀྱིས་ཁོང་ཚོ་ས་དེར་གཞིས་ཆགས་ཤིང་། གཉེན་སྒྲིག་པ་དང་བུ་ཕྲུག་སྐྱེས་ནས་ཨ་མདོ་བ་ཆགས་པ་རེད། འོན་ཀྱང་། ཁོང་ཚོ་དང་ཁོང་ཚོའི་རིགས་རྒྱུད་ཀྱིས་དུས་རྟག་ཏུ་བོད་དབུས་ཀྱི་ཕ་གཞིས་དེ་དྲན་གྱིན་ཡོད། (more…)

ཐ་མག་དང་མང་ཚོགས་ཀྱི་འཕྲོད་བསྟེན། (ཕྱི་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བཱར་རྗི་ནཱེ ཧུའུ་སི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རབ་རིབ་ཀྱི་མ་འོངས་བ།
ད་ལྟའི་དུས་སྐབས་ལ་རྔུབ་སྨན་དེ་དག་རྒྱ་མི་ཕྱུག་པོ་ཚོ་ལ་མ་གཏོགས་རེག་གི་མེད་པ་རེད། ཡིན་ཡང་། རྒྱ་ནག་གི་དཔལ་འབྱོར་མུ་མཐུད་གོང་འཕེལ་དུ་འགྲོ་བཞིན་ཡོད་སྟབས་འབྱོར་འབྲིང་གྲལ་རིམ་ཚོ་ལའང་རེག་གི་རེད། རིན་གོང་མཐོན་པོ་ཅན་གྱི་སྨན་སྣ་དག་གི་ཁྲོམ་རྭ་ཞིག་ལ་འགྱུར་གྱི་རེད།

སྨན་སྦྱོར་ཆེན་མོའི་ལག་ལེན་བྱེད་འགོ་བཙུགས་ཡོད། སི་ཝེར་རྫི་ལན་ཊི་ཡི་བྷཱ་སེལ་དུ་གཏན་གཞི་བྱས་ཡོད་པའི་ནོ་བཱར་ཊི Novartis ་ཡི་མགྲིན་ཚབ་པ་ཡིས་བརྗོད་དོན་ལྟར་ན། ཁོང་ཚོའི་ཚོགས་པས་ཉེ་ཆར་རྒྱ་ནག་ནང་གི་འཆར་ཅན་གྱི་ངོ་ཚབ་ཁང་ཞིག་ལ་དེ་ཡི་ཉིན་གཅིག་གི་སྨན་ཐུན་གཅིག་གི་རྔུབ་སྨན་གྱི་ཆེད་དུ་དེར་སོང་འདུག ཀོང་ཀྲུག་དབུགས་འབྱིན་རྔུབ་ན་ཚའི་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་རོགས་ཅིན་ཕིན་ཀྲིང་གིས་ལན་ཊིན་དུ་གཏན་གཞི་བྱས་ཡོད་པའི AstraZeneca ཡིས་རྒྱ་ནག་ནང་གི་ COPDལ་རྟོག་ཞིབ་བྱེད་ཀྱི་འདུག་ཅེས་བརྗོད་འདུག ཁོང་གིས་མུ་མཐུད་བརྗོད་ན་ལན་ཊིན་དུ་གཏན་གཞི་བྱས་ཡོད་པའི་ GlaxoSmithKline (GSK)ཀྱིས་ཀྱང་ COPDཡི་སློབ་གཉེར་ཁང་ཞིག་བཙུགས་འདུག་པ་དང་དེར་རྒྱ་ནག་ཁྱོན་ཡོངས་ནས་སྤྱིར་བཏང་གི་ལག་ལེན་པ་༢༠༠༠༠་ལས་བརྒལ་བ་ཡོད་འདུག ལས་རིམ་གསུམ་པ་ཞིག་ COPDཡི་སྨན་མིང་ལ་Seretideཟེར་བ་ཞིག་གི་སྒང་ལ་དམིགས་ཀྱི་ཡོད་འདུག དེ་ནི་ GSK ཡིས་ཁྲོམ་རྭར་ཉོ་ཚོང་བྱེད་བཞིན་པའི་གཉན་ཚད་འགོག་རྒོལ་དང་གློ་ཡུའི་རྔུབ་སྨན་གཉིས་སྡེབ་སྦྱོར་བྱས་ཡོད་པའི་སྨན་ཞིག་རེད། GSKཚོགས་པས་བརྗོད་པ་ལྟར་ན་གཉིས་པ་དང་གསུམ་པ་ནི་རྒྱ་ནག་ནང་གི་དབུགས་འབྱིན་རྔུབ་སྐོར་གྱི་མཐོ་རིམ་ཆེད་མཁས་པ་བཅོ་བརྒྱད་ཀྱིས་རོགས་རམ་འོག་དར་སྤེལ་་བཏང་བ་ཡིན་འདུག་ཅིང་། དེ་ཡིས་COPDཡི་ནད་ངོ་བརྟག་དཔྱད་གཞིར་བཞག་སྟེ་ཕྱོགས་ལྷུང་མེད་པའི་སློབ་གསོ་སྤྲོད་པར་དམིགས་ཀྱི་ཡོད་འདུག (more…)

ཐ་མག་དང་མང་ཚོགས་ཀྱི་འཕྲོད་བསྟེན། (བར་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བཱར་རྗི་ནཱེ ཧུའུ་སི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་མེ་རི་ཀའི་འཕྲོད་བསྟེན་ལས་བྱེད་པ་ཚོས་ཐགས་ལས་ཀྱི་བཟོ་གྲྭ་དག་གི་ནང་གི་ལས་བཟོ་བ་ཚོ་ཤིང་བལ་གྱི་གད་སྙིགས་ལ་ཐུག་པར་ཇེ་ཉུང་དུ་གཏོང་དགོས་པའི་སྒྲིག་ཁྲིམས་གཏན་འབེབ་གནང་སྐབས་སྐུ་ཞབས་ཁུ་རི་སི་ཊི་ནེ་སྤྱི་ལོ་༡༩༧༠་ལོའི་ལོ་མཇུག་ནས་ COPD ཡི་ཐ་མག་མི་འཐེན་པའི་རྒྱུ་སྐྱེན་སྐོར་ལ་ཞིབ་འཇུག་བྱེད་པའི་འདུན་པ་སྐྱེས་པ་རེད། ཤིང་བལ་གྱི་མེ་ཏོག་སོབ་སོབ་དག་སྲིང་སྐུད་དམ་པོ་ལ་བསྒྱུར་སྐབས་དེ་ཡིས་ཕྱི་རོལ་ལ་སྲིང་བལ་གྱི་ཐལ་རྡུལ་དང་འབུ་དུག སྐྱེ་ལྡན་ཕྲ་རབ་ལས་བྱུང་བའི་དུག་རྫས་དག་གཏོར་གྱི་ཡོད་པ་དང་ཐགས་ལས་ལས་བཟོ་བ་དག་ལ་དབུགས་འབྱིན་རྔུབ་ཀྱི་ན་ཚའི་ཚད་གཞི་མཐོན་པོ་ཡོད་པ་རེད། ཡིན་ན་ཡང་། ཨ་རིའི་ཐགས་ལས་བཟོ་གྲྭ་དག་གིས་དེའི་མཚུངས་སུ་ལས་བཟོ་བ་ཚོའི་གློ་བའི་དཀའ་ངལ་དག་ཐ་མག་འཐེན་པ་ལས་བྱུང་བ་མ་གཏོགས་བཟོ་ལས་ཁང་གི་གནས་བབ་ལ་བརྟེན་ནས་བྱུང་བ་མིན་པའི་བསམ་འཆར་བརྗོད་ཀྱི་ཡོད་པ་རེད། ཁུ་རི་སི་ཊི་ནེ་ཡིས་བརྗོད་དོན། “ལས་བཟོ་བ་མང་ཆེ་ཤོས་ཐ་མག་འཐེན་མཁན་རེད། དེར་བརྟེན། འདི་ཚོའི་ཁྱད་པར་གསེད་བཀྲོལ་བྱེད་རྒྱུ་ཧ་ཅང་ཁེག་པོ་རེད།” (more…)

ཐ་མག་དང་མང་ཚོགས་ཀྱི་འཕྲོད་བསྟེན། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།
རྩོམ་པ་པོ་བཱར་རྗི་ནཱེ ཧུའུ་སི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཐ་མག་དང་མཁའ་དབུགས་འབག་བཙོག་གིས་གློ་ནད་དང་འབྲེལ་བའི་འགོག་རྐྱེན་བྱེད་ནུས་ཀྱི་གཅོང་ནད་chronic obstructive pulmonary disease (COPD)དེ་རྒྱ་ནག་ནང་གི་དཀའ་རྙོག་ཆེ་ཤོས་ཤིག་ལ་བཟོས་ཡོད། ད་ལྟ་དེའི་ཐོག་ཏུ་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱེད་ཐབས་རྙིང་བ་ཡིན་སྟབས་ཆེད་ལས་པས་གནས་སྟངས་ཇེ་སྡུག་ཏུ་འགྲོ་ངེས་པ་བརྗོད་ཀྱིན་ཡོད།
རྒྱ་ནག་ལ་འགྲོ་བའི་ལྟ་སྐོར་བ་ཞིག་ཡིན་ན་གནམ་གྲུ་མར་བབས་པ་དང་རྒྱལ་ཁབ་དེའི་ན་བུན་གྱི་དཀའ་རྙོག་དེ་དོ་སྣང་ཡག་པོ་ཡོང་སྲིད་པ་རེད། གྲོང་ཁྱེར་ཆེ་ཤོས་དག་སྟེ་དཔེར་ན་པེ་ཅིན་དང་ཧྲང་ཧེ་ལྟ་བུ་དག་གི་ནང་གི་དུ་ཞགས་ཀྱིས་གྲོང་ཁྱེར་ནང་གི་ལྟེ་གནས་གཞན་དག་གི་ཡར་རྒྱས་ལ་འགོག་རྐྱེན་ཡང་ཡང་བཟོ་བཞིན་ཡོད། དེ་ནས། དེ་རུ་ཐ་མག་གི་དུ་བ་ཡོད་པ་རེད། འཛམ་གླིང་གི་མི་འབོར་ཆེས་མང་ཤོས་ཀྱི་རྒྱ་ནག་གིས་ཕལ་ཆེར་འཛམ་བུ་གླིང་གི་ཐ་མག་འཐེན་མཁན་གྱི་མི་གྲངས་ཀྱི་གསུམ་ཆའི་གཅིག་ཟིན་གྱི་ཡོད་པ་བརྗོད་ཀྱི་ཡོད། ཉུང་མཐའ་མི་གྲངས་ས་ཡ་༣༠༠་ཡོད་པ་དང་ཁོང་ཚོས་མཉམ་རུབ་ཀྱི་ཐོག་ནས་ལོ་རེར་ཐ་མག་ཁྲག་ཁྲིག་ཆེན་པོ་གཅིག་ཚེག་བདུན་1.7 trillion འཐེན་གྱི་ཡོད་པ་རེད། གྲོང་གསེབ་ཀྱི་ས་ཁུལ་དག་ཏུ་འགྲིམ་འགྲུལ་རླངས་འཁོར་དག་དང་ཚོང་ཁང་དག ཐ་ན། སྨན་པའི་གཞུང་ལས་ཁང་དག་གི་ནང་དུ་འང་ཐ་མག་འཐེན་ཆོག་གི་ཡོད་པ་རེད། (more…)

ཤར་ཕྱོགས་རང་སྐྱོང་། (མི་ལོ་སུམ་ཅུའི་སྔོན་གྱི་སྙན་ཞུ་ཞིག)

བོད་རིགས་རང་སྐྱོང་ས་ཁོངས་བསྐྱར་དུ་ལེགས་སྒྲིག་བྱས་ནས་མི་རིགས་ཀྱི་རང་བདག་དབང་ཆར་དངོས་འབྲེལ་འགན་སྲུང་ཡོང་ཐབས་སྐོར་གྱི་བསམ་འཆར་འགའ་ཤས།
ཕྱི་ལོ་༡༩༨༠ ལོའི་ཟླ་༡༡ ཚེས་༢༧ ལ། །

ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང༌། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ལ།

ང་ཚོ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་བོད་རིགས་ལས་བྱེད་དཀྱུས་མ་འགའ་ཤས་ཡིན། ༼མི་བཞི་ཤོག་ཁག༽ གཏོར་རྗེས། ཀྲུང་དབྱང་ནས་ཟིང་བཅོས་ཡོ་བསྲང་གིས་མི་རིགས་སྲིད་ཇུས་ཐོག་མར་དོན་འཁྱོལ་གནང་བ་དེར་སྙིང་ནས་དགའ་སྤྲོ་འཕེལ་ཞིང༌། ལྷག་པར་དུ༌།༨༠། ཡིག་ཆ་ཨང་༣༡ པ་དེས་སྐྱོན་ཆ་ཡོད་སར་རྣག་ཐོག་གཙག་འཁེལ་ལྟ་བུས་གནད་འགག་ལ་གཏུགས་ཐུབ་པ་དེ་ནི་ང་ཚོའི་ཏང་གི་མི་རིགས་གནད་དོན་གྱི་ཤེས་རྟོགས་རྣམ་བཤད་ཀྱི་ཐད་ལ་བརྟོལ་ཕོད་པ་དང་བརྒལ་ཕོད་པ་ཞིག་བྱུང་བ་དང༌། དེ་ནི་མི་རིགས་ལས་དོན་ཀྱི་ཁ་ཕྱོགས་སྒྱུར་མཚམས་དང༌། འགོ་འཛུགས་ས་གསར་པ་ཞིག་ཡིན། ལོ་སུམ་ཅུའི་རིང་མི་རིགས་ཀྱི་གནད་དོན་ཐོག་ཡོ་ལང་གི་གོད་ཆག་བྱུང་བའི་ལོ་རྒྱུས་ལ་ཕྱི་མིག་ལྟ་སྐབས། ང་ཚོའི་ཏང་འདི་མི་རིགས་ཀྱི་གནད་དོན་ཐོག་བསྐྱར་དུ་བཀས་བཀོད་རྒྱུད་འཛིན་གྱི་འཆིང་རྒྱར་ཚུད་མི་རུང་བ་དང༌། དངོས་ཕན་རིང་ལུགས་ཀྱི་སྤྱོད་ཚུལ་འཛིན་མི་རུང་བ། བསྐྱར་དུ་སྲོལ་རྒྱུན་འདུ་ཤེས་ཀྱིས་ང་ཚོའི་བྱ་སྤྱོད་ལ་བཀོད་འདོམས་བྱེད་དུ་འཇུག་མི་རུང༌། (more…)

ཧན་ཧན་གྱིས་སྨྲ་བརྗོད་རང་དབང་རེ་བ་བྱེད་པ།


བསྒྱུར་མཁན། ཚེ་རིང་སྐྱིད་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༡ དྲི་བ། ད་ཐེངས་ཁྱེད་ཀྱི་བརྩམས་ཆོས་ཐེངས་དང་པོ་དབྱིན་ཡིག་ནང་བསྒྱུར་བ་རེད། དབྱིན་ཡིག་གི་ཁོར་ཡུག་ཁྲོད་དུ་ཁྱེད་ཀྱི་རྩོམ་ཡིག་གི་རྗེས་འབྲས་ཐད། ཁྱེད་ལ་རེ་བ་དང་སེམས་ཁྲལ་ག་རེ་ཡོད་དམ།

ཧན་ཧན། ང་འདི་ལ་རེ་བ་ཆེན་པོ་གང་ཡང་མེད། ཐ་ན་ངས་རང་ཉིད་ཀྱི་རྩོམ་ཡིག་རྣམས་དབྱིན་ཡིག་ནང་དུ་ནམ་ཞིག་ལ་བསྒྱུར་ཐུབ་པར་དོ་སྣང་བྱེད་མ་མྱོང་། རྩོམ་ཡིག་འབྲི་བ་པོ་ཞིག་གིས་རང་གི་མ་སྐད་ནང་དུ་རྩོམ་ཡིག་བྲིས་ཚར་བ་དེ་ཡིན་ན་བརྟན་པོ་དང་འགྱུར་བ་མེད་པ་དེ་རེད། དེའི་རྐྱེན་གྱིས་སེམས་ཁྲལ་དང་རེ་བ་ཚང་མ་ཕན་མེད་རེད། མ་ཟད། ངའི་རྩོམ་ཡིག་རྣམས་ནི་གཏམ་རྒྱུད་རང་གི་ཐོག་ནས་གྲུབ་འབྲས་ལྡན་པ་བྱུང་བ་མ་ཡིན་པར་བརྗོད་བྱ་ཟུར་འདོན་བྱས་ཡོད་པའི་ཡི་གེ་མང་པོ་ཡོད་པས། དེ་ལས་ཀྱང་ཡིག་བསྒྱུར་བྱ་རྒྱུ་ཁག་པོ་ཡོད་པ་རེད།

༢ དྲི་བ། ཁྱེད་ཀྱིས་བསམ་ན་ཁྱེད་རང་གི་རྩོམ་ཡིག་ནང་དུ་ནུབ་གླིང་གི་ཀློག་པ་པོ་ཚོར་གློ་ཡུལ་ལས་འདས་པའི་ཚོར་བ་སྤྲོད་ཐུབ་པའི་གནས་ཚུལ་དེ་འདྲ་ཡོད་དམ།

ཧན་ཧན། གནད་དོན་འདི་ཀློག་པ་པོ་ཚོས་ལན་བཏབ་པ་ཡིན་ན་རན་ཤོས་རེད། (more…)

ནང་ཆོས་དང་ཚན་རིག (ཚན་རིག་ནང་ཆོས་དང་འཕྲད་པའི་གལ་གནད།)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧྥ་རན་སེ་སི་ཀོ བ་རེ་ལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནང་ཆོས་ཀྱིས་ཕན་ནུས་དང་ལྡན་པའི་སྒོ་ནས་གཙོ་བོ་ཚན་རིག་གི་གནད་དོན་གཉིས་ཏེ། སེམས་པ་འཚོལ་བར་ཞིབ་ཕྲའི་བརྟག་དཔྱད་རང་བཞིན་གྱི་དཔང་པོ་དང་། ཚན་རིག་གི་རྨང་གཞི་སྟེ། ལྷག་པར་དུ་དངོས་ཁམས་ཚན་རིག་གི་རྨང་གཞི་ལ་ཚད་མ་རིག་པའི་ཤན་ཤུགས་ཅི་ཡོད་གཉིས་ཀྱི་སྒང་ལ་གལ་ཆེ་ཞིང་གྲུབ་འབྲས་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དཔང་པོ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཞིབ་འཇུག སྲོག་གི་ཚན་རིག་ལོ་ངོ་ལྔ་བཅུའི་རིང་ལ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད། སྡེ་ཚན་གལ་ཆེན་ཞིག་ནི་ཀླད་པའི་ཚན་རིག་གིས་བྱ་བ་གཙོ་བོར་བྱེད་པའི་སེམས་པ་ཞིབ་འཇུག་དང་། ཡུལ་རྟོགས། ཚོར་བ། འབྲེལ་ཡོད་སེམས་ཀྱི་སྣང་ཚུལ་བཅས་རེད། ཤེས་པ་དང་ཚོར་བ། ལས་བཅས་ཀྱི་རང་བཞིན་སྟེང་སློབ་གཞི་མང་པོ་ཞིག་གིས་མཉམ་རུབ་ཀྱིས་ནུས་པ་སྤུངས་བར་རྒྱུན་ལྡན་མིན་པའི་ཤུགས་རྐྱེན་ཐེབས་ཡོད་པ་རེད། སློབ་གཞི་དེ་དག་ནི། ཀླད་རྩའི་ཚན་རིག་དང། ཕྲ་ཕུང་རིགས་རྒྱུན་དཔྱད་ཞིབ་རིག་པ། བརྟག་དཔྱད་སེམས་ཁམས་རིག་པ། མིས་བཟོས་རིག་སྟོབས་རིག་པ། སྐད་ཡིག་རིག་པ་བཅས་རེད། (more…)