འོད་ཟེར། བོད་མིའི་སླད་དུ་བསླངས་པའི་སྒྲོན་མདུང་ཞིག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲན་ཆིས་མར་ཁྲིན་ལོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་པ་སྙན་ངག་པ་དང་རྩོམ་པ་པོ་འོད་ཟེར་ཀྱིས་སེམས་སྐྱོ་ལྷང་ལྷང་ངང་ “སྤྱི་ལོ་༢༠༠༨ལོའི་ཟླ་༣པའི་ཚེས་༡༤རྗེས་ཀྱི་མི་ཚེ་ནི་སྔར་དང་འདྲ་བ་ཞིག་གཏན་ཡོང་མི་སྲིད་”ཟེར། ཁོ་མོ་ནི་སི་ཁྲོན་ཞིང་ཆེན་གྱི་ཁམས་ཁུལ་ནས་ལང་ཚོའི་གཉོམ་ལག་རྒྱས་ཤིང་། རྒྱ་སྐད་ཤོད་སྐབས་སི་ཁྲོན་གྱི་སྐད་གདངས་ཅུང་ཟད་འདྲེས་བ་ཞིག་ཡིན། འོད་ཟེར་གྱི་མིང་ཆ་ཚང་ལ་ཚེ་རིང་འོད་ཟེར་ཞེས་འབོད་ཅིང་། ཁོ་མོའི་བརྩམས་ཆོས་ཀྱིས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཀྱིས་ཁྱབ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ཁོ་མོའི་འཇིགས་ཞུམ་བྲལ་བའི་སྙུ་གུས་རང་ཡུལ་གྱི་སྐྱེས་ཕོ་མོ་ཚོའི་ལས་དབང་དང་བོད་ཀྱི་དངོས་ཡོད་གནས་སྟངས་ཟིན་ཐོར་བཀོད་པས། རྒྱལ་སྤྱིའི་སྟེང་གི་གཟེངས་རྟགས་གང་མང་ཐོབ་ཡོད་ནའང་། འོད་ཟེར་ཕྱིའི་རྒྱལ་ཁབ་གཅིག་ལའང་བསྐྱོད་མ་མྱོང་། ཁོ་མོ་རྒྱ་ནག་ལས་བརྒལ་ནས་ཕྱིའི་རྒྱལ་ཁབ་ཁག་ལ་གཟེངས་རྟགས་བཞེས་སུ་འགྲོ་དབང་མེད་ལ། དེ་ལས་ལྡོག་སྟེ་ཁོ་མོའང་ལིའི་ཞོ་པོ་དང་ཨེ་བེ་བེ་སོགས་ལྟར་མི་གཏེ་རུ་གྱུར་ཡོད། འོན་ཀྱང་། ཁོ་མོ་ནི་རང་ཡུལ་གྱི་ཡུལ་མི་མང་པོ་ཞིག་གི་མཚོན་རྟགས་ཤིག་དང་སྒྲོན་མདུང་ཞིག་ཡིན། ཁོ་མོར་དྲ་ཚིགས་ཤིག་མཆིས་ཤིང་། དེ་རུ་མོས་རང་ལུས་མེར་བསྲེགས་གཏོང་མཁན་གྲྭ་བ་དག་གི་དངོས་སྒྲུང་དག་གོ་རིམ་བཞིན་བཀོད་ཡོད་པས། ཀློག་མཁན་དག་གིས་དོན་རྐྱེན་དེ་དག་སྐབས་ཅི་འདྲ་ཞིག་ལ་ཚུལ་ཇི་ལྟར་དང་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཐུན་མིན་རེ་ཡང་རྙེད་བཏུབ།། (more…)

བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཅིག་གི་མི་སེར་རེད་། (ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའོ་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆག་སྒོ་བསླངས་བ།

༡༩༩༨ལོར་ང་ལ་ཨ་རིའི་ཝ་ཤིན་ཌོན་གྱི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་ཞིག་གིས་ཁ་པར་འབྱོར་ཏེ། རྒྱ་གར་ནས་ཡོང་བའི་ཨ་རིའི་བོད་མིའི་སྐྱབས་བཅོལ་སྤྱི་ཚོགས་ཁྲོད་ཀྱི་མི་ངན་གཏེ་བོ་(པདྨ་དགའ་གཞོན)ཞིག་གི་སྐོར་ལ་སྐད་ཆ་དྲིས་བྱུང་ལ། དོན་དངོས་ཐོག་རྒྱ་གར་ནང་གི་བོད་མི་ཚོ་ཉེན་ཚབས་ཆེ་བའི་གནས་སྟངས་ཤིག་གི་ནང་དུ་ལྷག་ཡོད་མེད་ཀྱང་དྲིས་བྱུང།ངས་རྒྱ་གར་ནང་སྲིད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས།གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཡིག་ཆ་དང་མཉམ་དུ་རྒྱ་གར་གྱི་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མིར་རོགས་རམ་བྱས་པ་དང་། རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་པའི་ལོ་རྒྱུས་བཅས་བསྐུར་བ་ཡིན། དངོས་ཡོད་ཐོག་ནས་མི་སྒེར་རེ་ཟུང་ལ་བརྙས་བཅོས་དང། བཤུ་གཞོག་བྱས་པ་དེ་འདྲ་ཡོད་སྲིད་ཀྱང། སྤྱིའི་ཆ་ནས་རྒྱ་གར་གྱིས་བོད་མིའི་བདེ་རྩར་ཞབས་འདེགས་དང་། བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པ་ནི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད།

དེའི་རྗེས་ཅང་མ་འགོར་བར་སྐུ་ཞབས་པདྨ་དགའ་གཞོན་གྱིས་བཏང་བའི་འཕྲིན་ཡིག་ཅིག་འབྱོར་བྱུང། ཁོང་ནི་སྐབས་དེར་ནེའུ་ཡོག་དང་ནེའུ་རྗེར་སིས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཅིག་རེད། ནེའུ་ཡོག་བོད་མི་ཚོའི་འདུ་འཛོམས་བྱེད་སར་མང་པོ་མཐོང་རྒྱུ་ཡོད་པའི་མི་ཞིག་རེད། ཁོང་གིས་རྒྱ་གར་ནས་ཨ་རིར་བོད་མི་སྐྱབས་བཅོལ་བ་ལེན་པའི་འཆར་གཞི་ཞིག་འདིང་གི་ཡོད་སྐོར་གྱི་ཡི་གེ་ཞིག་བསྐུར་བྱུང་། ཡི་གེ་དེའི་ནང་འདི་ལྟར་འཁོད་འདུག། “ང་ཚོའི་ལས་འཆར་འདིའི་རྒྱབ་ལྗོངས་ཀྱི་ཆ་ནས་གཞོགས་འདེགས་ཀྱི་གཞི་རྩ་བརྟན་པོ་མེད་པ་ཤེས་ཀྱི་ཡོད་པས།གལ་ཏེ།ཁྱེད་ཀྱིས་ང་ཚོའི་ལས་འཆར་འདིར་གྲོས་ཚོགས་འཐུས་མི་དང་སྲིད་འཛིན་ཁི་ལེན་ཌོན་གྱིས་རྒྱབ་སྐྱོར་འཐོབ་ཐབས་བྱ་ཐུབ་ཚེ།ང་ཚོས་ཁྱེད་ཀྱིས་འདོད་མོས་བཞིན་གླ་ཡོན་ཕུལ་ཆོག” (more…)

བོད་ཀྱི་ངོ་བོར་འཛིན་པའི་ལྟ་ཚུལ་གསར་པ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བློ་བཟང་རབ་རྒྱས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཚོ་རླངས་འཁོར་ལ་བསྡད་དེ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བོད་ཀྱི་གཞིས་ཆགས་ཁག་ལ་ལྟ་སྐོར་དུ་སོང་བ་ཡིན། རླངས་འཁོར་སྐྱོད་པའི་འགྲོས་སུ། དེར་སོ་ཕག་གི་རྩིག་གྱང་ལ་རྩི་དཀར་པོ་བྱུགས་ཤིང་། ཀླད་ཁེབ་འདམ་འབག་གིས་བྱས་པའི་དུད་ཁྱིམ་རྣམས་སྐོར་ཚན་སྐོར་ཚན་བྱས་ཏེ་ཆགས་ནས་ཡོད་པ་དང། གཞི་རྒྱ་ཆེ་བའི་ཞིང་ཁ་དག་རྨོད་འདེབས་ཀྱི་དུས་སུ་སླེབས་ནས་འདུག་པ། དེ་བཞིན་གཞུང་ལམ་གྱི་འགྲམ་དུ་དམར་པོ་དང་། སེར་པོ། ལི་ཁྲིའི་མདོག་སོགས་ལྡན་པའི་མེ་ཏོག་སྣ་ཚོགས་བཞད་ཡོད་པ་བཅས་མཐོང་བྱུང་ལ། མཐར་ང་ཚོ་བསྡད་པའི་རླངས་འཁོར་དེ་དཀྱོགས་མཚམས་ཤིག་ནས་ཁ་དགྱུས་ཏེ་སྐྱོད་པའི་ཚེ། ཤིང་ཏོག་ངང་ལག་སྐྱེས་པའི་སྡོང་པོ་ཞིག་གི་འོག་ཏུ་མཐུག་ཅིང་ནག་པའི་བོད་ལྭ་གྱོན་པའི་བུད་མེད་བགྲེས་སོང་ཞིག་སོས་དལ་བག་ཕེབས་ངང་དེར་འགྲེང་ནས་སྡོད་པ་མཐོང་བྱུང་། བདག་གིས་ཁོ་མོ་མཐོང་བའི་དུས་ཡུན་དེ་འཁྱུག་ཙམ་ཞིག་གི་རིང་ཡིན་ནའང། སྐབས་དེའི་སྣང་བརྙན་དེ་ཡིད་ངོགས་ནས་ནམ་ཡང་ཡལ་ཐབས་མེད། དེ་སྔ་ངས་གནམ་གཤིས་ཚ་གདུག་ཆེ་བའི་ཁོར་ཡུག་ཅིག་ཏུ་བོད་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་བོད་མི་ཞིག་གཏན་ནས་མཐོང་མ་མྱོང་། (more…)

བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཅིག་གི་མི་སེར་རེད་། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའོ་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༡༡ལོར་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གིས་ལས་འཁུར་ཞུས་བ་དང་མཉམ་དུ་བོད་མིའི་རང་བསྲེག་ངོ་རྒོལ་གྱི་དོན་རྐྱེན་ཛ་དྲག་ཆགས་པ་དེས་དབུས་བོད་མིའི་སྒྲིག་འཛུགས་ལ་བོད་ནང་གི་ཛ་དྲག་ཆེ་བའི་དུས་བབ་གཉན་འཕྲང་ཅན་དང་། རྒྱ་བལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཁག་ཁ་གསལ་གཏིང་གསལ་བཟོ་རྒྱུའི་གོ་སྐབས་དཀོན་པོ་ཞིག་བསྐྲུན་པ་རེད། བོད་ནང་གི་རང་ལུས་མེ་མཆོད་ལ་འབུལ་མཁན་གྱི་རྒྱལ་གཅེས་པ་དག་གི་སྣང་བརྙན་ནི། ཨེ་ཤ་ཡའི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་འབུར་ཐོན་བྱུང་བའི་ཞེད་སྣང་གི་གཡོ་འགུལ་ཏེ། རྒྱ་ནག་བཅིངས་འགྲོལ་དམག་མིའི་འཐབ་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བསྐྱོད་པ་དང། བོད་ནང་དུ་རྒྱ་ནག་གིས་ཆུ་མཛོད་བརྒྱབ་སྟེ་གཙང་པོ་དང། རྒྱལ་མོ་རྔུལ་ཆུ། སེང་གེ་ཁ་འབབ་བཅས་ཀྱི་བཞུར་རྒྱུན་གྱི་ཁ་བསྐོར་བའི་ཚ་རླབས་འཕྱུར་བའི་དུས་དང་བསྡོངས་ནས་བྱུང་པ་ཞིག་རེད།(གནས་ཚུལ་རྒྱས་བ་དྲ་ཚིགས་འདི་ནས་ཀློག་ཐུབ།www.meltdownintibet.com)

འོན་ཀྱང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་བསྡུར་ན་བོད་ཀྱི་འཐབ་རྩོད་ལ་ནམ་ཡིན་ཡང་ཆ་རྐྱེན་གྱི་མ་འདང་བའི་འགོག་རྐྱེན་ཅིག་འཕྲད་ཀྱི་ཡོད། ༡༩༨༩་ལོའི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་བའི་རྗེས་ནས་བཟུང་རྒྱ་གཞུང་གིས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྤྱི་དམངས་འབྲེལ་ལམ་ལས་ཁུངས་ཧེལ་དང་ནོལ་ཌོན་(Hill and Knowlton)ལ་སྒོར་མོ་ས་ཡ་མང་པོ་སྤྲད་དེ། རྒྱ་གཞུང་གི་བྱས་ཉེས་ཁག་མཚོན་པའི་གཟུགས་བརྙན་རྣམས་བསུབ་ཏེ། དམར་ཤོག་ཚོགས་པའི་གཏན་འབེབ་སྲིད་ཇུས་དག་ཁྱབ་སྤེལ་དང། རྒྱ་ནག་དམར་ཤོག་ཚོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པའི་ལམ་ལུགས་སྟེ། མ་རྩ་རིང་ལུགས་དང་གུང་ཁྲན་རིང་ལུགས་གཉིས་མཉམ་སྦྲེལ་བྱས་པ་འདི་འབྲས་བུ་གཡུར་དུ་སྨིན་པའི་དཔལ་འབྱོར་ལམ་ལུགས་ཤིག་དང་། རྒྱལ་ཁབ་འཛིན་སྐྱོང་གི་ལམ་ལུགས་མིག་དཔེར་འོས་པ་ཞིག་ཡིན་པ་རྒྱ་ཁྱབ་ཏུ་ཁྱབ་བསྒྲགས་བྱེད་པའི་ལས་གཞི་རྒྱུན་འཁྱོངས་ཡོང་ཆེད་འགྲོ་སོང་མང་པོ་བཏང་ཡོད། (more…)

༧གོང་ས་ཏཱ་ལའི་བླ་མས་ངེས་བར་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྐྱོན་བརྗོད་བྱེད་འོས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། སི་ཏྲེ་སྤན་ཕུ་རོ་ཐས་རོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་༡༩༦༣ལོར་བེ་གྲི་ནམ་(Vietnamese)གྱི་ནང་བའི་དགེ་འདུན་པ་ཐེས་ཆུ་ཆང་སྒྲག་(Thich Quang Duc)ལགས་ཀྱིས་སེ་དགོན་དུ་རང་ལུས་མེ་རུ་བསྲེགས་ནས་ནོ་སྒོ་སྒྲེན་སྒྲེམ་(Ngo Dinh Diem)གྱིས་དབུ་ཁྲིད་པའི་བེ་གྲི་ནམ་ལྷོ་མའི་གཞུང་གིས་གདུག་རྩུབ་ཆེན་པོས་ནང་བའི་དགེ་འདུན་པ་དག་མནར་གཅོད་དང་གདུག་གསོད་བྱེད་བཞིན་པར་ངོ་རྒོལ་བྱས་པས། འཛམ་གླིང་ཡོངས་སུ་གཡོ་འགུལ་ཆེན་པོ་ཐེབས་པ་མ་ཟད་སྐབས་དེའི་དངོས་བྱུང་པར་དུ་ལེན་མཁན་སྐུ་ཞབས་མེལ་ཀོན་བྷུ་རོན་ལགས་སུ་ཡང་རྒྱལ་སྤྱིའི་དཔའ་བོ་པར་དུ་བཏབས་པའི་པོ་ལིས་རྫར་(Pulitzer Prize)གཟེངས་རྟགས་ཐོབ། དེར་བརྟེན། ལོ་དེའི་མཇུག་མ་རྫོགས་གོང་རོ་མན་ཡེ་ཤུ་རྙིང་བའི་སྣེ་ཁྲིད་པའི་ནོ་སྒོ་སྒྲེན་སྒྲེམ་གྱི་གཞུང་དེ་རྩ་འཐོར་དུ་ཕྱིན་པ་རེད། (more…)

ཕྱིར་ལོག་གི་སྟ་གོན་ཞིག ཇི་ལྟར་སྒྱུ་རྩལ་དང་གློག་བརྙན་གྱིས་བོད་པ་རྣམས་རང་ཁྱིམ་དུ་ལོག་པར་རོགས་རམ་ཐུབ་བམ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་རྡོར།

མ་རྩོམ་ལ་གཟིགས་ན་འདི་ལ་བསྣུན།

རང་ཡུལ་དུ་ཕྱིར་ལོག་པ་ནི་བཙན་བྱོལ་བ་ཞིག་གི་བླ་ན་མེད་པའི་རྨི་ལམ་ཡིན་ལ་ཕྱི་ཡུལ་ནས་རང་གི་རྡོག་ལམ་འགག་སྟེ་སྡོད་པ་ནི་བཙན་བྱོལ་བ་ཞིག་གི་གོང་ན་མེད་པའི་སྡུག་བསྔལ་ལོ།། འདས་ཟིན་པའི་དུས་རབས་ཕྱེད་ཀའི་རིང་རྒྱ་ནག་གིས་བོད་ཡུལ་མི་སེར་སྤེལ་ཡུལ་དུ་བཙན་བཟུང་བྱས་པ་དེ་ཡིས་བོད་མི་བཙན་བྱོལ་བ་འབུམ་གཉིས་ཙམ་ལ་ལོངས་སུ་བཅུག་ཅིང་། ཁོང་ཚོར་སྲ་བརྟན་གྱི་བཙན་བྱོལ་བའི་སྲིད་གཞུང་ཞིག་ཀྱང་ཡོད་དུ་བཅུག་ལ། འཛམ་གླིང་གང་སར་གྲངས་ཉུང་མི་རིགས་ཁྲོད་ཀྱི་ཆེས་གྲངས་ཉུང་མི་རིགས་སུ་ཁ་འཐོར་ཏེ་སྡོད་པའི་ཁོང་ཚོའི་འཚོ་གནས་ནི་ཆབ་སྲིད་ཀྱི་ངོས་འཛིན་དང་འཚོ་གནས་རྒྱུན་སྲིང་། རིག་གཞུང་རྒྱུན་འཛིན་བཅས་ཀྱིས་གྲུབ་པའི་གཡུལ་འགྱེད་ཅིག་གོ། (more…)

ཁྱོད་ཀྱིས་མིང་འདོགས་རོགས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་འོང་ཊན ཧྥོ་ནེ་ཁུ་སིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངའི་གྲོགས་མོ་ཞིག་གིས་ཁོ་མོའི་ཐེངས་དང་པོའི་ཕྲུ་གུ་སྐྱེ་བར་རེ་སྒུག་བྱེད་བཞིན་འདུག མོ་རང་ནི་ངའི་“མནའ་མ་ཞར་གོག”(1)་ཅེས་པའི་བརྩམས་སྒྲུང་ནང་གི་སྒྲོལ་མ་ཞེས་པའི་མི་སྣ་དེ་རེད།

ད་ལྟ་ཁོ་མོ་རང་གི་སྐྱེས་པ་ཌན་ནིལ་དང་ལྷན་དུ་འགྲོ་ཚར་བ་མ་ཟད། གཉེན་བསྒྲིགས་ཀྱང་བྱས་ཚར་འདུག མོ་རང་གི་ཕ་མས་གཉེན་སྟོན་ལ་ངོ་རྒོལ་གནང་པ་རེད། དེ་ལྟ་ནའང་ཁོང་གཉིས་ཀས་མི་འདོད་བཞིན་དུ་དོན་དངོས་དེ་ཁས་ལེན་གནང་ཡོད། སྐབས་དེར། སྒྲོལ་མས་ཕྲུ་གུ་ལ་འོས་འཚམ་གྱི་རུས་མིང་ཞིག་འཚོལ་བཞིན་གདའ། (more…)

རྒྱལ་ཁབ་མེད་ཀྱང་དཀའ་ངལ་མེད།

(རྒྱལ་ཁབ་མེད་པའི་རྩེད་འགྲན་པ་དག་ཇི་ལྟར་ཨོ་རྩལ་འགྲན་ཚོགས་སུ་ཞུགས་བཞིན་ཡོད་དམ།)
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སེན་སྒུ་རེས་སྒོ་རེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གལ་སྲིད། ཕྱི་ལོ་༢༠༡༢ཟླ་༠༨ཚེས་༡༢་ཉིན་རྒྱལ་སྤྱིའི་ཨོ་རྩལ་(OlympicGame)གྱི་ཐག་རིང་རྒྱུགས་ཤར་མཁན་སྒོར་མཱ་རེལ་(GuorMarial)ལགས་སུ་གསེར་གྱི་རྟགས་མའི་གཟེངས་རྟགས་ཐོབ་ཚེ།གཟེངས་མཐོ་བའི་ཨོ་རྩལ་རྒྱལ་གླུའི་ཁྲོད་དུ་ཁོ་རང་སྤོབས་པའི་ངང་རྒྱལ་ཁའི་སྟེགས་བུའི་ཐོག་ཏུ་འགྱིང་ངེས་ཡིན།

བདེན་པའི་ཡབ་ཆེན་ལགས།
ཁྱེད་ཀྱི་བརྩེ་བའི་འོད་སྣང་འོག་ཏུ།
ང་ཚོར། གནམ་སྔོན་པོ་འདིའི་འོག་དང་ས་ཆེན་པོ་འདིའི་སྟེང་གི།
གཞོམ་གཞིག་བྲལ་བའི་གནའ་བོའི་སྙིང་སྟོབས་དང་།
ད་དུང་མཛེས་སྡུག་དང་ལེགས་ཚོགས་ཀྱི་བྱ་གཡང་ཡོད་ཚད།
འབད་མེད་ཆར་བཞིན་ཕབས་ཤིང་ལྷོད་ཀྱིས་གནང་བྱུང་བས།
ང་ཚོས་ཁྱེད་ཀྱི་ཟད་མཐའ་མེད་པའི་མཚན་སྙན་ལ་ཡིད་ཆེས་རྙེད་སོང་། (more…)

བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་རྣམས་ཡོ་རོབ་བྱང་ཁུལ་དུ་ཡོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཛམ་གླིང་མི་མང་གི་བདེ་སྐྱིད་ཀྱི་ཚད་གཞི་དེ་གཞལ་ཐུབ་པ་ཞིག་ཡིན་ནམ་ཞེ་ན། ངོ་མཚར་སྐྱེ་འོས་པ་ཞིག་ལ། དེ་གཞལ་ཐུབ་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་འཛམ་གླིང་བདེ་སྐྱིད་ཀྱི་སྙན་ཐོ་དེ་དེ་རིང་དཔར་བསྐྲུན་བྱས་ཡོད།
དེ་ལས་ཀྱང་ངོ་མཚར་ཆེ་བ་ནི། སྙན་ཐོ་དེ་རེས་གཟའ་ཟླ་བ་རྗེས་མར་བདེ་སྐྱིད་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་རྒྱུ་ཡིན་པ་དེའི་ཆེད་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག ཟླ་དྲུག་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་ཚང་མ་བསྐང་སྟེ། བདེ་སྐྱིད་ནི་གཞུང་གི་སྲིད་ཇུས་འཆར་འགོད་ཀྱི་དམིགས་འབེན་དུ་འཛིན་རྒྱུཪ་སྔར་ལས་དོ་ཁུར་བྱ་དགོས་ཚུལ་དང་། ཐེངས་འདིའི་ཚོགས་ཆེན་ནི་གནད་དོན་འདིའི་བརྒྱུད་རིམ་དང་འབྲེལ་བ་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད། (more…)

པཎ་ཆེན་སྐུ་ཕྲེང་བཅུ་པའི་གཉེན་སྒྲིག་གི་གསང་བ་བརྟོལ་བ། 

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་ཟླ་ལིས་ཇེ་ལགས་ནི། རྒྱ་ནག་གོ་མིན་ཏང་གི་སྒོ་འབྱེད་དམག་དཔོན་ཏོང་ཆིན་ཝུ་ཡི་ཚྭ་མོ་ཡིན་པ་དང་། ཏོང་ཆིན་ཝུ་ལགས་ནི་སྔོན་གོ་མིན་ཏང་ཐོ་ཡོན་ཞིང་ཆེན་སྲིད་གཞུང་གི་གཙོ་འཛིན་དང་བདེ་འཇགས་དམག་མིའི་དམག་སྤྱི་གཅིག་ལྕོགས་དང་། ནུབ་བྱང་དམག་དོན་ཚན་ཁག་གི་འགོ་གཙོ་གཞོན་པ་བཅས་ཡིན། སྤྱི་ལོ་༡༩༤༩ལོའི་ཟླ་བ་༩པའི་ཚེ་༡༩ཉིན་རང་ཁོངས་དམག་མི་ཚོའི་དབུ་ཁྲིད་དེ་གོ་མིན་ཏང་ལ་གྱེན་ལོག་བྱས་པས་ན། ཕྱིས་སུ་སྤྱི་ལོ་༡༩༥༥་ལོའི་ཟླ་༩པར་བཅིངས་གྲོལ་དམག་གིས་སྒོ་འབྱེད་དམག་དཔོན་གྱི་མཚན་གནས་གསོལ་པ་རེད། (more…)

གསར་བརྗེ་འདི་བོད་ཀྱི་སྐད་ཡིག་བརྒྱུད་ནས་གྲགས་པར་འགྱུར།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྩོམ་པ་པོ། བསྟན་རྡོར།

སྐྱབས་བཅོལ་དུ་སྐྱེས་པའི་མི་ཞིག་ལ་ཁེ་བཟང་ཉུང་ཤས་ཙམ་ཡོད་པའི་ནང་གི་གཅིག་ནི་ཁྱེད་རང་ནོར་འཁྲུལ་ལྟ་བུའི་ངང་སྐད་གཉིས་སྨྲ་བ་ཆགས་འགྲོ་བ་དེ་རེད། བདག་རྒྱ་གར་དང་ཨ་རིར་སློབ་སྦྱོང་བྱས་པའི་བོད་རིགས་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་ཚོགས་འདུ་དང་འདུ་འཛོམས་ཁག་འདྲ་མིན། གསར་འགོད་གསལ་བསྒྲགས་སོགས་ཀྱི་སྐབས་སུ་བོད་སྐད་བཤད་མཁན་དག་ལ་སྐད་སྒྱུར་དང་འགྲེལ་བཤད་བྱེད་པར་གཞན་གྱིས་རེ་བ་བྱེད་བཞིན་ཡོད། དེ་བཞིན་ཉེ་ཆར་བདག་གིས་བོད་ཀྱི་ལས་འགུལ་སྡེ་ཚན་གྱི་འཕྲུལ་ལས་དབུ་འཛིན་སྐུ་ཞབས་ནེ་ཐན་ཧྥུ་རེ་ཐཱ་སུ་ལགས་དང་བོད་ཀྱི་ཡིག་གཟུགས་གློག་ཀླད་ཇུས་འགོད་ཀྱི་གསར་གཏོད་མཁན་ཐོག་མའི་གྲས་དགེ་འདུན་པ་སྨོན་ལམ་ལགས་གཉིས་ཀྱི་བར་དུ་གློག་ཀླད་དང་འབྲེལ་བའི་གནད་དོན་སྣེ་མང་ཅན་ཞིག་གི་སྐོར་ལ་སྐད་བསྒྱུར་བྱེད་རོགས་བྱས་པ་ཡིན། (more…)

དཔྱངས་གསོད་ཐེངས་ཤིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
དབྱིན་ཡིག་ལ་གཟིགས་ན།

དེ་ནི་ཆར་བས་སྦངས་བའི་འབར་མའི་ཞོགས་པ་ཞིག་རེད། སྐྱོ་ཉམས་ཀྱི་ཉི་འོད་ཀྲིན་ཤོག་སེར་པོ་ཞིག་དང་མཚུངས་པར་གྱང་མཐོན་པོའི་སྟེང་ནས་བཙོན་ཁང་གི་སྒོ་རར་གསེག་ཏུ་འཕྲོས་འོང། ང་ཚོས་སེམས་ཅན་གྱི་ལྕགས་ཁྲ་དང་འདྲ་བའི་གྲལ་སྒྲིག་ཅིང་མདུན་ངོས་ལྕགས་དྲ་ཉིས་བརྩེགས་ཀྱིས་བཟོས་ཡོད་པའི་ཉེས་ཅན་འདུག་སའི་ཁང་ཆུང་དེའི་ཕྱི་ལོག་ཏུ་སྒུག་ནས་བསྡད་ཡོད། ཁང་ཆུང་རེ་རེའི་དཀྱིལ་ལ་ཕི་ཀྲི་བཅུ་དང་ཞེང་ལ་ཕི་ཀྲི་བཅུ་ཡོད་ཅིང། ནང་དུ་པང་ལེབ་ཀྱི་ཉལ་ཁྲི་གཅིག་དང་འཐུང་ཆུའི་རྫ་མ་ཞིག་ལས་ཅི་ཡང་མི་འདུག། ཁང་ཆུང་འགའ་རེའི་ནང་དུ་སྨུག་མདོག་གི་ཕོ་གསར་འགས་ཀམ་པ་ལི་རང་ཉིད་ཀྱི་ལུས་ལ་གཡོགས་ནས་ལྕགས་དྲ་ནང་མ་དེར་བསྙེས་ནས་ཙོག་པར་བསྡད་འདུག ཁོ་ཚོ་ནི་བདུན་ཕྲག་གཅིག་གམ་གཉིས་ཀྱི་ནང་དུ་དཔྱང་གསོད་བྱེད་རྒྱུར་ངེས་པའི་ཁྲིམས་ཐག་བཅད་ཟིན་པ་དག་རེད། (more…)