དེས་བཅོས་མ་མིན་པའི་མང་ཚོགས་ཀྱི་གནས་བབ་དངོས་མཚོན་གྱི་འདུག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཨེ་བེ་བེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་ཨེ་ཝེ་ཝེ་(Ai Weiwei)ཡིས་ཕྱི་ལོ་༢༠༠༨ ལོར་རྒྱ་ནག་ཏུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་དང་ཕྱི་ལོ་༢༠༡༢ ལོར་ལོན་ཊོན་དུ་འཚོགས་པའི་ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་རྣམ་པ་དང་གནས་ཚུལ་མི་ཉུང་བ་ཞིག་དབྱེ་བསྡུར་གྱིས་རང་ཉིད་ཀྱི་དགོངས་ཚུལ་གསུངས་པ།

ཁྱད་དུ་འཕགས་ཤིང་། བྱས་པ་རྨད་དུ་བྱུང་། འདི་ནི་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཡིད་དབང་འགུགས་པར་ཟོལ་བཅོས་མ་བྱས་པའི་ཨིན་ཇི་རྒྱལ་ཁབ་ཆེན་མོའི་སྣང་བརྙན་རེད། ཨིན་ཇི་རྒྱལ་ཁབ་ཆེན་མོར་མཚོན་ན་རང་ཉིད་ལ་གདེངས་ཚོད་ཡོད་པས། དེར་ཨོ་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་ཞིག་བཞེངས་བསྐྲུན་བྱ་དགོས་མི་འདུག འོན་ཀྱང་རྒྱ་ནག་ལ་མཚོན་ན། (more…)

ཅིའི་ཕྱིར་༧གོང་ས་ཏཱ་ལའི་བླ་མས་བོད་མི་རང་ལུས་མེར་སྲེག་གཏོང་གནང་མཁན་ཚོར་སྐྱོན་བརྗོད་བྱེད་མ་ཐུབ་པ་རེད།


སྐར་ཁུང་རྩོམ་བསྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་རྡོ་རྗེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(རྩོམ་ཡིག་འདི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་རྡོར་ལགས་ཀྱིས་སྐུ་ཞབས་ཕུ་རོ་ཐས་རོའི(Mr Prothero)ཟིན་བྲིས་སུ་བོད་མིའི་རང་ལུས་མེར་བསྲེག་གི་ལས་འགུལ་ལ་སྐྱོན་བརྗོད་ཀྱི་དགག་རྩོམ་སྤེལ་བའི་དགག་ལན་དུ་བྲིས་ཤིང་ཨ་རིའི་གསར་གནས་(CNN)སིས་ཨན་ཨན་དྲ་བར་བཀོད།)

བོད་མི་རིགས་ནི་དེ་རིང་གི་འཛམ་གླིང་འདིའི་ནང་གི་གདུག་རྩུབ་ཆེ་བའི་བཙན་འཛུལ་བ་གཞན་གྱི་དབང་འོག་ཏུ་ཤོར་ནས་མུ་མཐུད་སྡུག་བསྔལ་མྱོང་བཞིན་ཡོད་པའི་གྲས་ཀྱི་མི་རིགས་ཤིག་ཡིན་ལ། དེར་བརྟེན། བོད་མིའི་རང་ལུས་མེར་བསྲེག་གི་གནད་དོན་ལ་ཤེས་རྟོགས་གཏིང་ཟབ་བྱེད་པར་ངེས་པར་དུ་བོད་མི་རིགས་ཀྱི་མིག་སྔའི་དངོས་ཡོད་དཀའ་ངལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པའི་ཞིབ་འཇུག་གི་མིག་ཤེལ་ལས་བལྟ་ཐུབ་དགོས། (more…)

༧གོང་ས་ཏཱ་ལའི་བླ་མས་ངེས་བར་དུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཚོར་སྐྱོན་བརྗོད་བྱེད་འོས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། སི་ཏྲེ་སྤན་ཕུ་རོ་ཐས་རོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ་༡༩༦༣ལོར་བེ་གྲི་ནམ་(Vietnamese)གྱི་ནང་བའི་དགེ་འདུན་པ་ཐེས་ཆུ་ཆང་སྒྲག་(Thich Quang Duc)ལགས་ཀྱིས་སེ་དགོན་དུ་རང་ལུས་མེ་རུ་བསྲེགས་ནས་ནོ་སྒོ་སྒྲེན་སྒྲེམ་(Ngo Dinh Diem)གྱིས་དབུ་ཁྲིད་པའི་བེ་གྲི་ནམ་ལྷོ་མའི་གཞུང་གིས་གདུག་རྩུབ་ཆེན་པོས་ནང་བའི་དགེ་འདུན་པ་དག་མནར་གཅོད་དང་གདུག་གསོད་བྱེད་བཞིན་པར་ངོ་རྒོལ་བྱས་པས། འཛམ་གླིང་ཡོངས་སུ་གཡོ་འགུལ་ཆེན་པོ་ཐེབས་པ་མ་ཟད་སྐབས་དེའི་དངོས་བྱུང་པར་དུ་ལེན་མཁན་སྐུ་ཞབས་མེལ་ཀོན་བྷུ་རོན་ལགས་སུ་ཡང་རྒྱལ་སྤྱིའི་དཔའ་བོ་པར་དུ་བཏབས་པའི་པོ་ལིས་རྫར་(Pulitzer Prize)གཟེངས་རྟགས་ཐོབ། དེར་བརྟེན། ལོ་དེའི་མཇུག་མ་རྫོགས་གོང་རོ་མན་ཡེ་ཤུ་རྙིང་བའི་སྣེ་ཁྲིད་པའི་ནོ་སྒོ་སྒྲེན་སྒྲེམ་གྱི་གཞུང་དེ་རྩ་འཐོར་དུ་ཕྱིན་པ་རེད། (more…)

ལྕམ་ཧེ་ལེ་རེ་ཡིས་ཅང་ཙི་མིན་ལ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ནན་འདྲི་ཞུས་བ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།


རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་ཡོང་དུས། ཨ་རིའི་རྒྱལ་དོན་འགོ་འཛིན་ཧེ་ལེ་རེ་ཡིས་སོ་སོའི་”འགན་འཁྲི”དང”ཆོད་སེམས”ཅི་ཡིན་གསལ་སྟོན་བྱེད་ཀྱིན་ཡོད། ཁོང་གིས་“ང་དང་ཅང་ཙི་མིན་གཉིས་ཀྱིས་བོད་དོན་ཐད་གླེང་སློང་ཤུགས་ཆེར་བྱེད་རྒྱུ་བྱུང་ཡོད་པ་དང་། མཚམས་འདིར་ངས་རྒྱ་ནག་གི་ཕྱོགས་སུ། “ལྟོས་དང་། ད་ཆར་ང་རང་ནི་ཨ་རིའི་རྒྱལ་དོན་འགོ་ཁྲིད་ཅིག་ཏུ་གྱུར་ཟིན་པ་དང་། འགྲོ་བ་མིའི་གནད་དོན་ནི་གལ་ཆེན་ཞིག་ཡིན་པ་དང་། དེ་ཡང་ངའི་ལས་གནས་དང་ཤིན་ཏུ་འབྲེལ་བ་ཆེ་ཞིང་གནད་ལ་ཐུག་པ་ཞིག་ཡིན་ཞེས་འདི་ལྟར་འབོད་བརྡ་ཞིག་གཏོང་འདོད་བྱུང་།” (more…)

ཕྱིར་ལོག་གི་སྟ་གོན་ཞིག ཇི་ལྟར་སྒྱུ་རྩལ་དང་གློག་བརྙན་གྱིས་བོད་པ་རྣམས་རང་ཁྱིམ་དུ་ལོག་པར་རོགས་རམ་ཐུབ་བམ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་རྡོར།

མ་རྩོམ་ལ་གཟིགས་ན་འདི་ལ་བསྣུན།

རང་ཡུལ་དུ་ཕྱིར་ལོག་པ་ནི་བཙན་བྱོལ་བ་ཞིག་གི་བླ་ན་མེད་པའི་རྨི་ལམ་ཡིན་ལ་ཕྱི་ཡུལ་ནས་རང་གི་རྡོག་ལམ་འགག་སྟེ་སྡོད་པ་ནི་བཙན་བྱོལ་བ་ཞིག་གི་གོང་ན་མེད་པའི་སྡུག་བསྔལ་ལོ།། འདས་ཟིན་པའི་དུས་རབས་ཕྱེད་ཀའི་རིང་རྒྱ་ནག་གིས་བོད་ཡུལ་མི་སེར་སྤེལ་ཡུལ་དུ་བཙན་བཟུང་བྱས་པ་དེ་ཡིས་བོད་མི་བཙན་བྱོལ་བ་འབུམ་གཉིས་ཙམ་ལ་ལོངས་སུ་བཅུག་ཅིང་། ཁོང་ཚོར་སྲ་བརྟན་གྱི་བཙན་བྱོལ་བའི་སྲིད་གཞུང་ཞིག་ཀྱང་ཡོད་དུ་བཅུག་ལ། འཛམ་གླིང་གང་སར་གྲངས་ཉུང་མི་རིགས་ཁྲོད་ཀྱི་ཆེས་གྲངས་ཉུང་མི་རིགས་སུ་ཁ་འཐོར་ཏེ་སྡོད་པའི་ཁོང་ཚོའི་འཚོ་གནས་ནི་ཆབ་སྲིད་ཀྱི་ངོས་འཛིན་དང་འཚོ་གནས་རྒྱུན་སྲིང་། རིག་གཞུང་རྒྱུན་འཛིན་བཅས་ཀྱིས་གྲུབ་པའི་གཡུལ་འགྱེད་ཅིག་གོ། (more…)

ཁྱོད་ཀྱིས་མིང་འདོགས་རོགས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་འོང་ཊན ཧྥོ་ནེ་ཁུ་སིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ངའི་གྲོགས་མོ་ཞིག་གིས་ཁོ་མོའི་ཐེངས་དང་པོའི་ཕྲུ་གུ་སྐྱེ་བར་རེ་སྒུག་བྱེད་བཞིན་འདུག མོ་རང་ནི་ངའི་“མནའ་མ་ཞར་གོག”(1)་ཅེས་པའི་བརྩམས་སྒྲུང་ནང་གི་སྒྲོལ་མ་ཞེས་པའི་མི་སྣ་དེ་རེད།

ད་ལྟ་ཁོ་མོ་རང་གི་སྐྱེས་པ་ཌན་ནིལ་དང་ལྷན་དུ་འགྲོ་ཚར་བ་མ་ཟད། གཉེན་བསྒྲིགས་ཀྱང་བྱས་ཚར་འདུག མོ་རང་གི་ཕ་མས་གཉེན་སྟོན་ལ་ངོ་རྒོལ་གནང་པ་རེད། དེ་ལྟ་ནའང་ཁོང་གཉིས་ཀས་མི་འདོད་བཞིན་དུ་དོན་དངོས་དེ་ཁས་ལེན་གནང་ཡོད། སྐབས་དེར། སྒྲོལ་མས་ཕྲུ་གུ་ལ་འོས་འཚམ་གྱི་རུས་མིང་ཞིག་འཚོལ་བཞིན་གདའ། (more…)

རྒྱལ་ཁབ་མེད་ཀྱང་དཀའ་ངལ་མེད།

(རྒྱལ་ཁབ་མེད་པའི་རྩེད་འགྲན་པ་དག་ཇི་ལྟར་ཨོ་རྩལ་འགྲན་ཚོགས་སུ་ཞུགས་བཞིན་ཡོད་དམ།)
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སེན་སྒུ་རེས་སྒོ་རེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གལ་སྲིད། ཕྱི་ལོ་༢༠༡༢ཟླ་༠༨ཚེས་༡༢་ཉིན་རྒྱལ་སྤྱིའི་ཨོ་རྩལ་(OlympicGame)གྱི་ཐག་རིང་རྒྱུགས་ཤར་མཁན་སྒོར་མཱ་རེལ་(GuorMarial)ལགས་སུ་གསེར་གྱི་རྟགས་མའི་གཟེངས་རྟགས་ཐོབ་ཚེ།གཟེངས་མཐོ་བའི་ཨོ་རྩལ་རྒྱལ་གླུའི་ཁྲོད་དུ་ཁོ་རང་སྤོབས་པའི་ངང་རྒྱལ་ཁའི་སྟེགས་བུའི་ཐོག་ཏུ་འགྱིང་ངེས་ཡིན།

བདེན་པའི་ཡབ་ཆེན་ལགས།
ཁྱེད་ཀྱི་བརྩེ་བའི་འོད་སྣང་འོག་ཏུ།
ང་ཚོར། གནམ་སྔོན་པོ་འདིའི་འོག་དང་ས་ཆེན་པོ་འདིའི་སྟེང་གི།
གཞོམ་གཞིག་བྲལ་བའི་གནའ་བོའི་སྙིང་སྟོབས་དང་།
ད་དུང་མཛེས་སྡུག་དང་ལེགས་ཚོགས་ཀྱི་བྱ་གཡང་ཡོད་ཚད།
འབད་མེད་ཆར་བཞིན་ཕབས་ཤིང་ལྷོད་ཀྱིས་གནང་བྱུང་བས།
ང་ཚོས་ཁྱེད་ཀྱི་ཟད་མཐའ་མེད་པའི་མཚན་སྙན་ལ་ཡིད་ཆེས་རྙེད་སོང་། (more…)

རྒྱ་ནག་པའི་ཤེས་རྒྱ་གཉིས་དང་བོད་མིའི་ཤེས་རྒྱ་ཆེན་པོ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
ཀྲུའུ་རེའུ་ཡིས་བརྩམས།

མ་རྩོམ་ལ་གཟིགས་ན་འདི་ལ་བསྣུན།

ང་ཚོས་རང་ཉིད་ཀྱི་བྱ་སྤྱོད་ལ་ལྟ་ཞིབ་བྱེད་དུས། ང་ཚོའི་མཐོང་རྒྱ་ནི་དངོས་པོའི་འཆིང་ཐག་གིས་བསྡམས་ཡོད་ལ། ང་ཚོས་མཐོང་བ་ནི་ཁེ་ཕན་གཙོ་བོར་འཛིན་པའི་གུ་དོག་ཅིང་འཛམ་གླིང་ལེབ་མོ་འདིའི་ཟུར་ཙམ་མ་ཡིན་ནམ། ཕྱོགས་འདི་ནས་བརྗོད་ན། རྒྱལ་པོའི་དབང་འཛིན་རིག་གནས་འདིས་ང་ཚོར་བཀྲུས་ན་མི་འདག་པའི་ཤུགས་རྐྱེན་ངན་པ་ཞིག་བཞག་ཡོད། ང་ཚོས་ཅི་ཞིག་སྒྲུབ་དུས་རང་ཉིད་ཀྱི་ཁེ་ཕན་དང་ཁ་འབྲལ་གྱི་མེད། དེར་བརྟེན། དབྱིན་ཇིའི་རྩོམ་པ་པོ་སཱམ་མཱོལ་རྗོན་སོན་(Samuel Johnson)གྱི་ལྟ་ཚུལ་ལ་བརྟེན་མེད་སྐྱབས་མེད་ཀྱི་མི་མཐའ་མ་དེ་སྦས་སྐོང་བྱེད་ས་ནི་རྒྱལ་ཞེན་རིང་ལུགས་འདི་ཡིན་ལ། རྒྱ་ནག་གཞུང་གིས་དེ་འདྲའི་རྒྱལ་ཞེན་རིང་ལུགས་དེ་ཀློག་དེབ་ཏུ་བཅུག་སྟེ་མི་རིགས་ཡོངས་ཀྱིས་བསྲུང་བྱའི་གདམས་ངག་ཏུ་གྱུར་ཡོད། (more…)

དང་བླངས་ཀྱི་སྤྲང་བོ།              

པདྨ་ཆོས་སྒྲོན།  
 

མཉམ་འཛོམས་ནི་ངེད་ཚང་གི་གཟའ་མཇུག་སྐྱེལ་སྟངས་ཡིན། ཐེངས་འདིའི་གཟའ་སྤེན་པའི་དགོང་མོར་གྲོགས་པོ་ཉིན་བྱེད་ངེད་ཚང་ལ་སླེབས། ཁོང་གི་གླེང་མོལ་ཤེར་རྟོགས་སྨྲ་བ་ཉི་ཚེ (Friedrich Nietzsche 1844-1900) ནས་མགོ་བཙུགས། ཉི་ཚེ་ཡི་བརྩམས་ཆོས་ནང་གི་མི་སྣ་གཙོ་བོ་ཛར་རྡོ་སི་རྡར་(Zarathustra) ལ་ཉི་ཚེ་ཡིས་དང་བླངས་ཀྱི་སྤྲང་བོ་ (voluntary beggar) ཞེས་ཐ་སྙད་འདི་ཆེད་དུ་བཟོས་སྐོར་ཉིན་བྱེད་ཀྱིས་ཨ་མཚར་ངང་བཤད། ཀློག་མཁན་ཚོས་རྩོམ་ཐུང་འདིའི་མགོ་མཇུག་བར་གསུམ་ལ་གཟིགས་ན། ཁོང་གིས་ངེད་ཚང་ནས་འདི་ལྟར་གླེང་དགོས་པའི་རྒྱབ་ལྗོངས་རྟོགས་ཐུབ་པར་ཡིད་ཆེས་ཡོད། (more…)

པེ་ཅིང་གྲོང་ཁྱེར།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཨེ་ལྦེ་ལྦེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

པེ་ཅིང་ནི་གྲོང་ཁྱེར་གཉིས་རེད། གཅིག་ནི་རྒྱུ་ནོར་དང་སྟོབས་ཤུགས་ཀྱི་གྲོང་ཁྱེར་རེད། མི་རྣམས་ཀྱིས་ཁོང་ཚོའི་ཁྱིམ་མཚེས་སུ་ཡིན་མིན་ལ་དོ་སྣང་བྱེད་ཀྱི་མ་རེད་ལ། ཁོང་ཚོས་ཁྱོད་ལ་ཡིད་ཆེས་ཀྱང་གནང་གི་མ་རེད། གཞན་དེ་ནི་འ་ཆད་འུ་ཐུག་གི་གྲོང་ཁྱེར་ཞིག་རེད། ངས་མི་དམངས་རྣམས་སྤྱི་སྤྱོད་རླངས་འཁོར་ནང་དུ་མཐོང་གི་འདུག ཁོང་ཚོའི་མིག་ཟུང་མཐོང་གི་འདུག ཁོང་ཚོ་ལ་རེ་བ་བྲལ་བ་མཐོང་གི་འདུག ཐ་ན་ཁོང་ཚོས་སྡོད་ཁང་ཞིག་ཉོ་ཐུབ་མིན་སེམས་ལའང་དྲན་ཐུབ་ཀྱི་ཡོད་པ་མ་རེད། ཁོང་ཚོ་ཧ་ཅང་ཉམ་ཐག་པའི་གྲོང་གསེབ་ནས་ཡོང་བ་རེད། དེ་རུ་གློག་དང་བཙོག་ཕྱིས་ཤོག་བུ་གཏན་ནས་མཐོང་མྱོང་ཡོད་མ་རེད། (more…)

བདེ་སྐྱིད་ཆེ་ཤོས་ཀྱི་རྒྱལ་ཁབ་རྣམས་ཡོ་རོབ་བྱང་ཁུལ་དུ་ཡོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འཛམ་གླིང་མི་མང་གི་བདེ་སྐྱིད་ཀྱི་ཚད་གཞི་དེ་གཞལ་ཐུབ་པ་ཞིག་ཡིན་ནམ་ཞེ་ན། ངོ་མཚར་སྐྱེ་འོས་པ་ཞིག་ལ། དེ་གཞལ་ཐུབ་པ་ཞིག་ཡིན་པ་དང་། ཆེས་ཐོག་མའི་འཛམ་གླིང་བདེ་སྐྱིད་ཀྱི་སྙན་ཐོ་དེ་དེ་རིང་དཔར་བསྐྲུན་བྱས་ཡོད།
དེ་ལས་ཀྱང་ངོ་མཚར་ཆེ་བ་ནི། སྙན་ཐོ་དེ་རེས་གཟའ་ཟླ་བ་རྗེས་མར་བདེ་སྐྱིད་སྐོར་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོགས་རྒྱུ་ཡིན་པ་དེའི་ཆེད་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག ཟླ་དྲུག་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་མིའི་རྒྱལ་ཁབ་ཚང་མ་བསྐང་སྟེ། བདེ་སྐྱིད་ནི་གཞུང་གི་སྲིད་ཇུས་འཆར་འགོད་ཀྱི་དམིགས་འབེན་དུ་འཛིན་རྒྱུཪ་སྔར་ལས་དོ་ཁུར་བྱ་དགོས་ཚུལ་དང་། ཐེངས་འདིའི་ཚོགས་ཆེན་ནི་གནད་དོན་འདིའི་བརྒྱུད་རིམ་དང་འབྲེལ་བ་ཡོད་ཚུལ་འགྲེལ་བརྗོད་གནང་ཡོད། (more…)