དྲང་བདེན་ནི་འཐབ་འཁོར་ལས་རྒྱལ་ངེས་ཡིན།(སྔ་མ)

(ཏཱ་ལའི་བླ་མ་དང་གྲོས་མོལ་ཟིན་བྲིས།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཅཱི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཉིའུ་ཡོག་(纽约)ཡི་མཱན་ཧཱ་ཏུན་(曼哈顿)ཞེས་པའི་ཚད་གཞི་འབྲིང་ཅན་གྱི་མགྲོན་ཁང་ཞིག་ཏུ་གདན་ཞུས་ལྟར་དེར་འབྱོར་བའི་སྐབས་གཞི་ནས་ཚོགས་ཁང་ཆེན་མོ་དེ་ནང་དུ་སྔར་ནས་བསྡད་ཡོད་པ་ནི་ཏཱ་ལའི་བླ་མ་ལ་མཇལ་ཁར་བཅར་བའི་སྐུ་མགྲོན་ཏེ། ནུབ་ཕྱོགས་པ་དང་རྒྱ་མི། ད་དུང་བོད་མི་བཅས་ཡོད་པ་རྟོགས། དེར་བསྒུགས་ནས་སྡོད་མཁན་གྱི་བོད་མིའི་ཁྲོད་དུ་དབུ་སྐྲ་དུང་ལྟར་དཀར་ཞིང་བལྟས་པ་ཙམ་གྱིས་དཀའ་སྡུག་ཚད་མེད་མྱངས་ཡོད་པའི་རྒད་པོ་ཞིག་འདུག ད་རུང་ཚོན་མདངས་རྣམ་པར་བཀྲ་བའི་མི་རིགས་ཀྱི་ཆས་གོས་གོན་ཞིང་མིག་ནང་དུ་རེ་སྒུག་གི་རྣམ་འགྱུར་ཡོངས་སུ་མངོན་པའི་མཛེས་སྡུག་ལྡན་པའི་གཞོན་ནུ་མའང་འདུག ཐ་ན་ད་དུང་ཨ་རཱིའི་དམག་ཆས་གྱོན་པའི་བོད་རིགས་གཞོན་ནུ་མ་ཞིག་ཀྱང་འདུག

ངས་བོད་རིགས་ཀྱི་བརྟན་བརླིང་དང་བསྟུན་མཁས་ལ་བརྩི་བཀུར་ཞུ་ཡི་ཡོད། ཀྲུང་གུང་གིས་བོད་བདག་བཟུང་བྱས་པ་ནས་བཟུང་བོད་མི་ལ་བཀལ་བའི་ནམ་མཁར་མི་ཤོང་བའི་ནག་ཉེས་ཆེན་པོ་དེར་འགྱོད་བཤགས་ཞུ། ཀྲུང་གུང་གིས་བོད་མི་དམར་གསོད་བཏང་བའི་ལོ་རྒྱུས་དང་བོད་མིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་དབང་ལ་ངོ་རྒོལ་བྱེད་པའི་དོན་དངོས་འདི་ལ། ངའི་རྒྱ་རིགས་གྲོགས་པོ་མང་ཆེ་བས་ཡང་ན་ཅི་ཡང་མི་ཤེས་ཁུལ་བྱེད་ལ། ཡང་ན་སྣང་མེད་དུ་འཇོག (more…)

བོད་མི་ཚོས་ཅིའི་ཕྱིར་ས་གནས་རང་སྐྱོང་ལ་མོས་མཐུན་བྱེད་ཀྱིན་མེད་པ་རེད། (མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཞོན་གུ་ཙི།


མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རིག་གནས་གསར་བརྗེ་མུ་མཐུད་ནས་འགྲོ་བཞིན་པའི་གྲོང་སྡེ་རང་སྐྱོང་གི་གནས་བབ།

གོང་གསལ་རྩ་དོན་དེ་དག་ཀྲུང་གོའི་གཞི་རིམ་ཁག་ལ་ལག་བསྟར་བྱེད་སྐབས་གུང་ཁྲན་ཏང་གི་འབུར་ཐོན་རང་བཞིན་གྱི་འགོ་ཁྲིད་དེ། མི་སྒེར་བའི་རང་དབང་སྣང་མེད་བྱེད་པ། དམངས་གཙོ་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་སྤྱི་ཚོགས་ཀྱི་ཟུར་ངོས་གཅིག་གི་གནད་དོན་ལ་ངོས་འཛིན་བྱེད་སྟངས་སོགས་ནི་བོ་ཁེན་གྲོང་སྡེར་ལག་བསྟར་བྱེད་པའི་རང་སྐྱོང་དང་བསྡུར་ཐབས་ཡོད་པ་མ་རེད། གྲོང་སྡེ་དེར་སྡེ་དམངས་ཨུ་ཡོད་ལྷན་ཁང་མེད་པ་དང་། སྤྱི་ཁྱབ་ཏང་ཧྲུའུ་ཅུ་བང་ཧོང་པེན་(总支书记王洪彬)གཅིག་པུས་གྲོང་སྡེ་ཧྲིལ་བོར་དབང་སྒྱུར་བྱས་ཏེ་དམངས་གཙོའི་འོས་འདེམས་བྱེད་ཀྱིན་མེད་ལ། དཔལ་འབྱོར་ཁྲོམ་རྭའི་འོག་ནས་བང་ཧྲུའུ་ཅུས་(ཁ་འཇམ་བློ་བརྟན)་གྱི་རྩ་དོན་བཤད་ནས། ཕྱི་ལ་འཇར་པན་གྱི་མ་རྩ་མཉམ་འཇོག་རྣམས་དང་བསྟུན་ཐབས་ཀྱིས་སྤྲོ་སྐྱིད་ཁང་གསར་རྒྱག་དང་མི་སྣ་ཆེད་མངགས་ཀྱིས་ཁོ་ཚོ་དང་མཉམ་དུ་མ་ཅང་ལ་རོལ་དུ་འཇུག་པ། ནང་ལ་གུང་ཁྲན་རིང་ལུགས་ནན་ཏན་གྱིས་ལག་ལེན་བསྟར་བ་དང་སྡེ་དམངས་རྣམས་ལ་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད། གྲོང་སྡེ་དེས་༡༩༩༢ལོར་(གུང་ཁྲན་རིང་ལུགས་སྤྱི་ཚོགས་)མངོན་འགྱུར་བྱེད་པའི་དམིགས་ཡུལ་བཏོན་པ་དང་། ༡༩༩༤ལོའི་ཟླ་༡༠པའི་ཚེས་༣ཉིན་སྡེ་མི་ཁྲི་གཅིག་ལྷག་ཀུན་སྤྱོད་དག་ཐེར་ཚོགས་ཆེན་ལ་ཞུགས། གཞན་ད་དུང་རྒྱལ་ཁབ་གསར་འཛུགས་སྐབས་ཀྱི་(ངོ་རྒོལ་གསུམ་)དང་(ངོ་རྒོལ་ལྔ)འི་འཐབ་རྩོད་ཁྲོད་ཀྱི་བྱེད་ཐབས་ཁ་ཤས་མིག་དཔེར་བཟུང་ནས། ནམ་རྒྱུན་ལོ་ཕྱེད་དམ་ཡང་ན་ལོ་གཅིག་ནང་དུ་མི་ངན་དོན་ངན་ཐེངས་གཅིག་རེར་ཐེར་འདོན་བྱེད་པ་དང་། བསམ་བློ་ནོར་འཁྲུལ་ཅན་ལ་སྐྱོན་བརྗོད། འགལ་རྐྱེན་སྣ་ཚོགས་དང་བཟོ་གྲྭའི་སྒྲིག་ཁྲིམས་མི་བརྩི་མཁན་དང་སྡེ་བའི་སྒྲིག་ཁྲིམས་དང་འགལ་མཁན་རིགས་ཀྱི་བྱ་སྤྱོད་ཐེར་འདོན་བྱེད་པ། དེ་བཞིན་དཔོན་ཉམས་རིང་ལུགས་པ་དང་། བདེན་མིན་རྫུན་བཟོ་རིགས། དབང་ཆར་བསྟེན་ནས་སྒེར་གྱི་ཁེ་ཕན་སྒྲུབ་མཁན་རིགས། བྱས་རྗེས་མེད་མཁན་རིགས། ཆུད་ཟོས་གཏོང་མཁན་རིགས་ལ་ངོ་རྒོལ་བྱེད་པ། གཞན། སྡེ་དམངས་ལ་ཉེས་ཆད་གཅོད་སྟངས་མང་ཆེ་ཤོས་ནི་བཀས་བཀོད་རྒྱུད་འཛིན་པའི་དུས་སྐབས་ཀྱི་(ལྕགས་ཐག་ལག་སྦྲེལ་གྱི་བཅའ་ཁྲིམས་)རྩ་དོན་ནང་བཞིན། (more…)

བོད་མི་ཚོས་ཅིའི་ཕྱིར་ས་གནས་རང་སྐྱོང་ལ་མོས་མཐུན་བྱེད་ཀྱིན་མེད་པ་རེད། (བར་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཞོན་གུ་ཙི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ས་གནས་རང་སྐྱོང་གིས་དམངས་གཙོ་ཡོང་ཐབས་མེད།

གཞན། ངས་འདི་ནས་གསལ་འདེབས་ཞུ་འདོད་པ་ཞིག་ནི་ས་གནས་རང་སྐྱོང་ནི་རྒྱལ་ཁབ་དམངས་གཙོ་ཅན་དུ་གྱུར་བའི་རྗེས་ནས་ད་གཟོད་འགན་སྲུང་ཡོད་པ་དང་། དེ་ནི་བང་ལུ་ཞོན་གྱི་རིགས་འདེད་དང་ལྡོག་ཟླ་རེད། གལ་སྲིད་ང་ཚོས་ཐེ་ལྦན་སྲིད་དབང་སྒེར་འཛིན་སྐབས་ཀྱི་ས་གནས་རང་སྐྱོང་ལ་ཞིབ་བཤེར་བྱས་ཚེ། དེ་ནི་མིང་དོན་མཚུངས་བའི་ས་གནས་རང་སྐྱོང་མ་ཡིན་ཏེ། རང་སྐྱོང་ངོ་མའི་འདུ་ཤེས་ནི་དབུས་གཞུང་གི་དབང་ཆ་གཅིག་སྡུད་དང་ལྟོས་འཇོག་གི་བཤད་ན་ས་གནས་ཁག་ལ་དབང་ཆ་ཁག་བགོས་བྱས་ཡོད་ལ། དེ་ནི་ས་གནས་རང་སྐྱོང་ཚོགས་སྡེ་ཁག་དང་ས་གནས་སྡོད་དམངས་ཀྱི་རང་བདག་གི་ངོ་བོ་འགན་སྲུང་ཆེད་དུ་ཡིན་སྟེ། དབུས་གཞུང་གི་འགལ་རྐྱེན་དང་གནོད་པ་མི་བཟོ་བའི་ཐོག་ནས་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པ་དེ་ཡིན། ༢ དབང་ཆ་སྒེར་གཅོད་འོག་ནས་ཐེ་ལྦན་གྱི་ས་གནས་རང་སྐྱོང་ལ་འཕྲད་པའི་དཀའ་ངལ་གཙོ་བོ་ནི་ས་གནས་ཀྱི་དབང་ཚད་དབུས་གཞུང་གིས་བདག་གིར་བཟུང་བ་དང་། དམིགས་བསལ་མི་དོན་དང་ནོར་སྲིད་ཀྱི་རང་བདག་དབང་ཆ་ཤོར་ཏེ་ས་གནས་ཁག་ནི་གོང་རིམ་ཀྱི་བཀའ་བཀོད་ལྟར་མི་འགྲོ་ཐབས་མེད་བྱུང་བས་མི་དམངས་ཀྱི་འདོད་བློ་དང་རྒྱབ་འགལ་ཏུ་སོང་བ་རེད། དེ་ལྟ་བུའི་འཁྱོགས་གཟུགས་ཀྱི་རང་སྐྱོང་རྣམ་པ་དེ་ནི་ད་ལྟའི་རྒྱ་ནག་སྐམ་ས་ཆེན་མོའི་གྲོང་སྡེ་རང་སྐྱོང་དང་གཅིག་མཚུངས་རེད། ༣ ས་གནས་རང་སྐྱོང་ལམ་ལུགས་ནི་དམངས་གཙོ་ཅན་ཏུ་གྱུར་བའི་རྗེས་ནས་ད་གཟོད་འགན་སྲུང་ཐུབ་པ་ཐེ་ལྦན་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད། ༤ བང་ལུ་ཞོན་གྱིས་བསམ་ཚུལ་ལྟར་ན་བོད་ཀྱིས་ཐོག་དང་པོ་ནས་གཞི་རིམ་རང་སྐྱོང་ལ་བརྩོན་ལེན་བྱས་ཏེ། རང་སྐྱོང་གྲོང་སྡེ་གཅིག་ནས་རང་སྐྱོང་གྲོང་སྡེ་མང་པོར་རིམ་པས་ཁྱབ་སྤེལ་དུ་སོང་ཚེ། མི་རིགས་རང་སྐྱོང་ཞེས་པ་དེ་ཡང་རིམ་གྱིས་ང་ཚོ་དང་ཐག་ཉེ་རུ་ཡོང་བ་རེད་ཟེར། དེ་ནི་དཔེ་ཆ་བའི་བསམ་ཚུལ་ཁོ་ན་ཙམ་ལས་ཐེ་ལྦན་གྱི་ཉམས་མྱོང་གིས་དོན་དངོས་ར་སྤྲོད་བྱས་པ་དེ་དང་རྒྱབ་འགལ་དུ་སོང་ཡོད། (more…)

བོད་མི་ཚོས་ཅིའི་ཕྱིར་ས་གནས་རང་སྐྱོང་ལ་མོས་མཐུན་བྱེད་ཀྱིན་མེད་པ་རེད། (སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
ལྡོང་སྲས་ཀྱི་དཔྱད་གླེང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཐེ་ལྦན་ཞོན་གུ་ཙིའི་(悬钩子)བརྩམས་ཆོས་ལ་ཁྱད་ཆོས་གཉིས་ཡོད་དེ། ཁོ་མོས་ཕྱོགས་གཅིག་ནས་བོད་མི་ཚོའི་ནང་སེམས་ཀྱི་འབོད་པ་དང་ཅིའི་ཕྱིར་རང་དབང་དང་རྒྱལ་ཁབ་སླར་གསོ་ཆེད་དུ་རང་སྲོག་ལ་འཛེམས་ཀྱིན་མེད་པའི་རྒྱུ་མཚན་བཤད་ཡོད་པ་དང་། ཡང་ཕྱོགས་གཞན་ཞིག་ནས་མི་ཁ་ཤས་ཀྱིས་བོ་ཁེན་(乌坎)གྱི་མགོ་འཐོམ་པར་བྱེད་པའི་དོན་རྐྱེན་ལུངས་འདྲེན་བྱས་ཏེ་རྒྱ་ཆེ་རྒྱ་རིགས་མི་མང་ལ་གོ་བ་ལོག་འགྲེལ་བྱེད་པའི་བསམ་བློ་དེ་ཐར་འདོན་བྱས་ཡོད། དེའི་རྐྱེན་གྱིས་རྩོམ་ཡིག་འདི་བརྒྱུད་ནས་མི་ཚང་མས་ཀྲུང་གོའི་སྡེ་དམངས་རང་སྐྱོང་དང་བོད་ཀྱི་ས་གནས་རང་སྐྱོང་གི་ངོ་བོ་ནི་གཞན་ལ་མགོ་སྐོར་གཏོང་བྱེད་ཁོ་ན་ཙམ་ལས་སྙིང་བོ་ཅི་ཡང་མེད་པའི་དོན་དངོས་དེ་ཤེས་རྒྱུ་རེ་བ་ཡོད། ངས་འདི་ནས་རྩོམ་ཡིག་འདིའི་ཁ་བྱང་ལ་“བོད་མི་ཚོ་ཅིའི་ཕྱིར་ས་གནས་རང་སྐྱོང་ལ་མོས་མཐུན་མེད་པ་རེད་”ཞེས་བསྒྱུར་ཡོད། འདི་ནི་བརྒྱུད་སྤེལ་བྱས་པའི་ཁ་བྱང་ཡིན་པ་ལས་མ་རྩོམ་གྱི་ཁ་བྱང་ངོ་མ་མིན། (more…)

དྲན་ཤེས་ཅན་གྱི་ལས་འགུལ་བ་སྟེ། ཕན་སེམས་ཀྱི་ནུས་སྟོབས།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།
རྩོམ་པ་པོ་ཨེན་རྗིས་ལ ཨེ རོའུ་སོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ངོ་ཁ་ཤས་ཤིག་གི་སྔོན་ལ་ང་དང་གྲོགས་པོ་ཞིག་གིས་ཁོང་གི་ཡིད་ཆེས་ཏེ་མི་ཚེའི་ནང་ང་ཚོ་རེ་རེ་ལ་རང་ཉིད་ཀྱི་དམིགས་ཡུལ་རེ་ཡོད་པ་རེད་ཅེས་པའི་སྒང་ལ་བགྲོ་གླེང་བྱས་པ་ཡིན། ངས་ཁོང་ལ་གལ་ཏེ་དེ་འདྲ་ཡིན་ན་ང་ལ་ང་རང་གི་དམིགས་ཡུལ་ག་རེ་ཡིན་པའི་ཁུངས་སྣེ་མི་འདུག་ཅེས་ལབ་པ་ཡིན། ཁོང་གིས་མྱུར་དུ་“ཁྱོད་ཀྱི་དེ་ཕན་སེམས་རེད”་ཅེས་ཐེ་ཚོམ་ཅི་ཡང་མེད་པའི་ཐོག་ནས་ལན་བཏབ་བྱུང་།

ངས་ཇི་ལྟར་ལན་བརྒྱག་དགོས་པ་རེད་དམ། དེ་ནི་རྣ་བར་སྙན་པ་ཞིག་རེད་ལ་ཐོབ་སྐལ་ཞིག་ཀྱང་རེད་་་་་་་་།

ང་རང་གི་ལས་ཀ་དང་དགའ་ཕྱོགས་མང་ཆེ་ཤོས་སྤྱི་ཚོགས་ལས་རིགས་སྒང་ལ་ཡིན། དེར་བརྟེན། ཕན་སེམས་ཀྱི་དམིགས་ཡུལ་འདིས་ངའི་འདོད་པ་བསྐངས་མ་སོང་། ཕན་སེམས་ཀྱིས་བདེན་པ་བདེན་ཐུབ་ལ་ཇི་ལྟར་དགོས་འདུན་འདོན་དགོས་པ་རེད། ཕན་སེམས་ཀྱིས་འཁོན་འཛིན་ལ་ཇི་ལྟར་ཁ་གཏད་གཅོག་དགོས་པ་རེད། དེས་འགྲོ་བ་མིའི་ཐོབ་ཐང་ཧམ་སྤྱོད་གཏོང་བ་ལ་ཇི་ལྟར་འཐབ་རྩོད་བྱེད་དགོས་པ་རེད། དེ་ཡིས་ལམ་ལུགས་ཀྱི་འགྱུར་བ་ཇི་ལྟར་ངེས་བརྟན་བཟོ་དགོས་པ་རེད་ཅེས་ངས་བསམ་གཞིགས་བྱས་པ་ཡིན། ཕན་སེམས་ལ་ཕན་ཡོན་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ཡང་། རང་གི་མི་ཚེའི་ནང་དེ་མུ་མཐུད་དུ་ལྟེ་བ་དང་མཁོ་གལ་ཆེན་པོའི་དམིགས་དོན་ཞིག་ཏུ་བཟུང་བའི་ནུས་པ་ལ་ང་རང་དོགས་པ་ཆེན་པོ་བྱུང་། དམིགས་བསལ་གྱིས་འདི་འདྲའི་འཐབ་འཛིང་དག་གི་སྐབས་སུ་ཐེ་ཚོམ་ཆེན་པོ་བྱུང་། (more…)

མི་སྣང་བར་གྱུར་བ་དེ། (གཉིས་པ།)

(ཇི་ལྟར་ཧྤ་ཏི་བ་ཡིས་རྩོམ་པ་པོ་ཞིག་གི་མི་ཚེར་འགྱུར་བ་བཏང་ཚུལ)

(ཧྥ་ཏི་བ(fatwa)ཞེས་པ་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་མཐུན་བཅད་ཁྲ་ཞིག་སྟེ། ཁྲིམས་ལུགས་ཆེད་མཁས་པ་དག་གིས་གཏན་འབེབ་པ་ཞིག་གོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

རྩོམ་པ་པོ་སལ་མན་ར་ཞིས་རྡེས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བརྙན་འཕྲིན་ཐད་གཏོང་ཁང་དུ་ཁོང་ལ་བསྐུལ་བའི་འཇིགས་སྐུལ་གྱི་ཐད་ལ་སྐད་ཆ་དྲིས་སྐབས། ཁོང་གིས། “ངས་དགག་སྒྲུབ་བྱས་པའི་དེབ་གང་མང་འབྲི་ཐུབ་ཡོད་རྒྱུ་ན།” ཁོང་སྤོབས་པ་ཆེན་པོ་སྐྱེས་ཤིང་ཚིག་དེ་ཡང་དང་བསྐྱར་དུ་བཤད་བྱུང་། ཁོང་གིས་ ” དེབ་དེ་ནི་དམིགས་བཀར་གྱིས་ཁ་ཆེའི་ཆོས་ལུགས་ལ་དགག་སྒྲུབ་བྱས་པ་ཞིག་མ་རེད། ཆོས་ལུགས་ཤིག་གི་དབུ་ཁྲིད་ཚོས་ལངས་ཕྱོགས་དང་རྣམ་འགྱུར་ཡང་དེ་འདྲ་ཞིག་བཟུང་པ་ཡིན་ན་ཕལ་ཆེར་སྐྱོན་བརྗོད་ཆེན་པོ་ཡོང་མདོག་ཁ་པོ་མ་རེད་” ཅེས་ཨ་རིའི་བརྙན་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་སོང་།
 
 
བཅར་འདྲི་མཇུག་སྒྲིལ་བ་དང་། ཁོང་ལ་ཁོང་གི་བཟའ་ཟླས་ཁ་པར་བཏང་བ་ཤེས། དེ་མུར་ཁོང་གིས་ནང་ལ་ཁ་པར་བཏང་བས། “ནང་ལ་མ་ལོག”འདིར་གསར་འགོད་པ་༢༠༠་ལྷག་གིས་ལམ་འགྲམ་ནས་ཁྱེད་ལ་སྒུག་བསྡད་འདུག་ཅེས་ཁོང་གི་བཟའ་ཟླས་བཤད། (more…)

རྒྱ་ནག་གི་ཕྱུག་པོ་རྩེ་ཕུད་ཚོ་ཅིའི་ཕྱིར་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་ཡོད་པ་རེད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་དཔའ་དེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལྷོ་ཕྱོགས་མཚར་སྡུག་ཟ་ཁང་གི་སྦྱིན་བདག་མ་ཀྲང་ལན་ནི་རྒྱ་ནག་གི་བུད་མེད་ཆེས་ཕྱུག་ཤོས་ཚོའི་ནང་གི་གཅིག་ཡིན་ཞིང་ཁོ་མོ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་མཚོན་བྱེད་ཅིག་ཡིན། རྒྱ་སྒོར་ཐེར་འབུམ་གྱི་བདག་མོ་མོ་རང་གིས་རང་ཉིད་ཀྱི་རྒྱ་ནག་མི་སེར་གྱི་ཐོབ་ཐང་བློས་གཏོང་བྱས་ཏེ་ཕྱིའི་རྒྱལ་ཁབ་ཅིག་གི་མི་སེར་ཆགས་པར་ཕྱི་ཡུལ་ལ་གནས་སྤོ་བྱས་ཡོད་། དེར་བརྟེན། ཉེ་ཆར་གྱི་གསར་འགྱུར་དེ་ནི་རྒྱལ་ཡོངས་ཀྱི་ངོ་བོ་འཚོལ་བཤེར་གྱི་གལ་གནད་ཆེན་པོ་ཞིག་ཆགས་པར་ཧ་ལས་ཧོན་འཐོར་དགོས་པ་ཞིག་མ་རེད། (more…)

མི་སྣང་བར་གྱུར་བ་དེ།  (དང་པོ)

(ཇི་ལྟར་ཧྤ་ཏི་བ་ཡིས་རྩོམ་པ་པོ་ཞིག་གི་མི་ཚེར་འགྱུར་བ་བཏང་ཚུལ)

(ཧྥ་ཏི་བ(fatwa)ཞེས་པ་ནི་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་མཐུན་བཅད་ཁྲ་ཞིག་སྟེ། ཁྲིམས་ལུགས་ཆེད་མཁས་པ་དག་གིས་གཏན་འབེབ་པ་ཞིག་གོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།
 

ཕྱི་ལོ ་༡༩༨༩ ལོ།

འཛམ་གླིང་གང་སར་ཁོང་ལ་དམོད་མོ་བྱེད་བཞིན་པའི་རྗེས་སུ། ཁོ་རང་ཉིད་ལ་ཞེ་སུན་སྐྱེས་། གང་ལེགས་ཤེ་ན། ཁོང་གིས་སོ་སོའི་མི་ཚེ་རྙིང་པ་དེ་ལ་བཞི་ཤད་བཀོད་པ་དང་ད་ནས་བཟུང་མུན་ནག་གི་མི་ཚེ་གསར་བ་ཞིག་སྐྱེལ་འགོ་ཚུགས་རྒྱུ་ཡིན་པར་བརྗོད་མཁན་གྱི་བྷེ་བྷེ་སེའི་གསར་འགོད་པ་དེའི་མིང་ཡང་དྲན་ཡུལ་ནས་བོར།

ཁོ་མོས་ཁོང་གི་སྒེར་གྱི་ཁ་པར་ཨང་གྲངས་ཐོག་ཁ་པར་བཏང་བ་དང་ཨང་གྲངས་གང་ནས་རག་མིན་འགྲེལ་བཤད་བྱས་མེད་ལ། “ཁྱེད་རང་ཨ་ཡ་ཏོ་ལ་ཧི་ཁོ་མེ་ནས་ཀྱིས་སྲོག་ཁྲིམས་བཅད་པར་ཚོར་བ་གང་འདྲ་འདུག”ཅེས་དྲིས་པ་རེད། ཉིན་མོ་དེ་ནི་ཉི་འོད་རྒྱས་བའི་གཟའ་མིག་དམར་ཉིན་རེད། འོན་ཀྱང་དྲི་བ་དེས་ཉི་འོད་བསྒྲིབས་ཏེ་མུན་ནག་དུ་བསྒྱུར། “ངའི་ཚོར་བ་དེ་ཙམ་བདེ་རྒྱུ་མི་འདུག”ཞེས་པ་ནི་ཁོང་གིས་ལན་ཅི་ཞིག་བཏབ་མིན་ཀྱང་མ་ཤེས་པར་ཁ་ནས་ཤོར་བའི་ལན་དེ་རེད། ཁོང་གིས་སེམས་སུ་རང་ཉིད་ད་མི་ཤི་བོ་ཞིག་རེད་སྙམ་ཡོད། ཁོང་གིས་ད་འཇིག་རྟེན་འདིར་འཚོ་བའི་ཉི་མ་ག་ཚོད་ཅིག་ལྷག་ཡོད་མེད་ཐད་ལ་ཡ་མཚན་ཆེན་པོས་བསམ་བློ་གཏོང་སྐབས། ཕལ་ཆེར་ཉིན་མའི་ཁ་གྲངས་དེ་ཡ་གྲངས་ཤིག་ཡིན་རྒྱུ་རེད་སྙམ་ཡོད། ཁོང་གིས་ཁ་པར་བཞག་སྟེ། རང་ཉིད་སྡོད་སའི་ཟུར་སྐྱོང་གྲོང་སྡེའི་ཁང་ཤར་གྱི་རྩེ་དོག་མོ་དེའི་སྐས་འཛེགས་ནས་མར་བབས་པ་དང་། སོ་སོའི་སྡོད་ཁང་གི་སྒེའུ་ཁུང་དག་ལ་ཤིང་གི་སྒོ་པང་ཡོད་པ་དེ་ཚོར་འཚབ་བུ་འཚུབ་བེར་འཕྲེད་ལྕགས་བརྒྱབས། དེའི་རྗེས་སུ་མདུན་སྒོ་ཡང་བརྒྱབ། (more…)

ཅིའི་ཕྱིར་རང་ཉིད་མེ་རུ་བསྲེགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་དམ།

(བོད་ཀྱི་རང་ལུས་མེར་སྲེག ཅིའི་ཕྱིར་མི་མང་པོས་རང་ཉིད་མེ་རུ་བསྲེགས་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་ཡོད་དམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཞ་ནོན་ བན་ སན་ཁྲི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

པེ་ཅིན། ད་ལྟ་རང་ལོ་ཉི་ཤུའི་ནང་དུ་ཡོད་པའི་བསྟན་འཛིན་ནི་རྒྱ་ཡི་ས་ཁུལ་རེབ་གོང་དུ་འབོད་པ་རུ་འཚར་ལོངས་བྱུང་བ་དང་། དེ་ནི་ཁོས་རང་ཉིད་བོད་མི་ཞིག་ཡིན་ཟེར་བའི་དམའ་མཐའི་རྒྱུ་མཚན་ཡང་ཡིན། རྒྱ་ནག་ཏུ་གནས་སྡོད་མི་འབོར་དུང་ཕྱུར་༡་༣གྱི་མང་ཤོས་སྟེ་ཧན་རྒྱ་རིགས་ཚོས་དེ་ལ་ཐུན་རིན་ཞེས་འབོད་པ་དང་། རྫོང་དེ་ནི་གཞི་རྒྱ་ཆེ་བའི་བོད་ས་མཐོའི་སྟེང་དུ་གཞིས་ཆགས་ཤིང་རྒྱ་ནག་གི་ནུབ་དང་འེ་ཤ་ཡའི་དཀྱིལ་དབུས་ཀྱི་ས་འབྲེལ་དུ་མངོན་པར་འཕགས་པ་ཞིག་གོ། འདས་བའི་ལོ་ངོ་འདི་དག་གི་རིང་ལྟ་ན་སྡུག་པའི་ས་ཆ་དེ་བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་བྱེད་མཁན་མང་དུ་སོང་བའི་སུན་གཙེར་གྱིས་གཡོགས་གདའ། “གལ་སྲིད་རྒྱ་ནག་གིས་ངས་ཁྱེད་ཅག་གི་བཅར་འདྲི་དང་ལེན་བྱས་པ་ཤེས་ཚེ། ང་བཙོན་ཁང་ལས་ནམ་ཡང་ཕྱིར་ལོག་མི་ཐུབ་པའམ་། ཡང་ན་ང་གསོད་སྲིད་ལ། ང་གཏན་དུ་བོར་འགྲོའང་སྲིད་”ཅེས་བསྟན་འཛིན་གྱིས་CBSགསར་ཁང་ལ་བརྗོད་ཡོད་པ་དང་། ང་ཚོས་ཀྱང་ཁོང་གཞུང་གི་ཉེས་ཆད་ལས་སྐྱོབ་ཕྱིར་ཁོང་གི་དངོས་མིང་བེད་སྤྱོད་བྱེད་རྒྱུ་མིན། (more…)

༧གོང་ས་ཏཱ་ལའི་བླ་མའི་རྗེས་སུ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལྟ་༧ གོང་ས་མཆོག་གི་དགུང་གྲངས་ ༦༧ ལ་ཕེབས་ཡོད་ན་ཡང་། སྟབས་ལེགས་པ་ཞིག་ལ་དུས་རྒྱུན་ཐ་མག་ལ་ངན་གོམས་ཤོར་བའི་ཁོང་གི་ཁ་གཏད་པེ་ཅིན་དཔོན་རིགས་ཚོའི་གཟུགས་པོའི་བདེ་ཐང་དང་བསྡུར་བ་ཡིན་ན་༧གོང་ས་མཆོག་ནི་ད་ལྟ་ཡང་སྐུ་གཟུགས་ཧ་ཅང་བདེ་ཐང་ངང་གནས་ཡོད། ཡིན་ན་ཡང་ཉེ་བའི་ལོ་འགའི་ནང་༧གོང་ས་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚར་བའི་རྗེས་སུ་གནས་སྟངས་གང་འདྲ་ཞིག་ཆགས་ཀྱིན་ཡོད་མེད་ཐད་ཀྱི་གཏམ་སྣ་ཚོགས་ཞིག་བོད་མིའི་སྤྱི་ཚོགས་ཁྲོད་ཁྱབ་བཞིན་ཡོད་ཅིང་། དམིགས་བསལ་པེ་ཅིན་གཞུང་ནས་གདེང་ཚོད་ཆེན་པོས་༧གོང་ས་མཆོག་སྐུ་གཤེགས་པའི་རྗེས་སུ་བོད་ཀྱི་རང་དབང་འཐབ་རྩོད་དང་འབྲེལ་བའི་སྐད་ཆ་རྣམས་ཀྱང་རང་བཞིན་གྱིས་ཡལ་འགྲོ་ཡི་རེད་ཅེས་ཉེན་བརྡ་གཏོང་བཞིན་ཡོད་པ་རེད། (more…)

འཁྱོག་བརྗོད་བྱས་པ་ཙམ་གྱིས་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད།

( འཁྱོག་བརྗོད་བྱས་པ་ཙམ་གྱིས་རང་ཚུགས་ཤོར་འགྲོ་གི་ཡོད་པ་ཡིན་ན། དེ་ལོ་རྒྱུས་མ་རེད། དེ་བདེན་པ་མ་རེད།)

བཅར་འདྲི་ཞུ་ཡུལ། རྡོ་རྗེ་དབང་ཕྱུག
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

དང་པོ།
དྲི་བ། དེང་གི་དུས་སུ་བོད་ཡིག་ཐོག་རྩོམ་འབྲི་བྱེད་མཁན་ཧ་ཅང་མང་རུང་བོད་རིགས་རྩོམ་པ་པོའི་ཁྲོད་དུ་བོད་རིག་པའི་ཞིབ་འཇུག་པ་ཉུང་གི དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་དམ།

ལན། དེ་རིང་ཁ་སང་ལ་མཚོན་ན། བོད་ཕྱི་ནང་གང་ལ་བལྟས་པ་ཡིན་ནའང་། བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཧ་ཅང་མང་པོ་རེད། དེའི་ནང་ནས་ཀྱང་སྙན་ངག་རྩོམ་འབྲི་བྱེད་མཁན་དེ་ལས་ཀྱང་མང་པོ་རེད། རྩོམ་ཡིག་གི་ཁྱབ་ཁོངས་འདྲ་པོ་བྱས་ནས་ཕར་བལྟས་པ་ཡིན་ན། ད་ལྟ་ཁྱེད་རང་གིས་བཤད་པ་ལྟར་རེད། ཞིབ་འཇུག་རྩོམ་ཡིག་འབྲི་མཁན་དེ་ཙམ་མང་པོ་མེད་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་པ་དེ་བདེན་པ་རེད། ད་ལྟ་ཁྱེད་རང་གིས་མང་ཉུང་གི་སྐོར་བཤད་པ་འདི། རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་ཀྱི་གྲངས་འབོར་ལ་དཔག་པའི་བཤད་སྟངས་ཤིག་བཤད་ཀྱི་ཡོད་པ་རེད། བོད་རིགས་ཀྱི་ནང་ལ་བོད་རིག་པའི་ཞིབ་འཇུག་པ་ཉུང་དོན་གཅིག་དེ་ཞིབ་འཇུག་གི་ཆེད་ལས་གནང་བསྡད་མཁན་མང་པོ་མེད་པ་དེར་ཐུག་ཡོད་པ་རེད་དྲན་གི་ཡོད། གང་ལ་ཟེར་ན། ད་ལྟ་ང་ཚོར་བོད་རིག་པའི་ཞིབ་འཇུག་པ་ཟེར་བའི་དཔུང་ཁག་ཆེན་པོ་ཞིག་ཡོད་བསྡད་པ་འདིའི་ནང་། བོད་རིགས་ཡིན་པའི་བོད་རིག་པ་བ་ཟེར་བ་དེ་གྲངས་འབོར་གྱི་ཆ་ནས་ཉུང་ཉུང་རེད། ཉུང་ཉུང་དེའི་ནང་དུའང་ཞིབ་འཇུག་ཆེད་ལས་པ་ཉུང་ཉུང་རེད། མང་ཆེ་བ་དགེ་རྒན་གྱི་རིགས་ཆགས་ཡོད་པ་ཞིག་མཐོང་གི་ཡོད། ཡིན་ནའང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་གྲངས་འབོར་དེ་ཐེངས་རེའི་ཚོགས་ཞུགས་མི་སྣའི་གྲངས་འབོར་དེས་ཁྱབ་ཀྱི་ཡོད་མེད་སྣ་ཚོགས་ཡོད་པ་རེད། བོད་ནང་ལྟ་བུར་མཚོན་ན། ཚོགས་ཐེངས་རེར་མི་གྲངས་བརྒྱ་སྐོར་རེ་ཚོགས་ཞུགས་གནང་གི་ཡོད་པ་རེད་དེ། ཐོངས་མཆན་རག་མིན་སོགས་ཀྱི་དབང་གིས་ཚོགས་ཞུགས་མ་ཐུབ་པའི་རིགས་ཀྱང་མང་པོ་ཞིག་ཡོད་པ་རེད། འདི་ལྟར་བལྟས་པ་ཡིན་ན། གྲངས་འབོར་ཐད་ནས་མཐའ་གཅིག་ཏུ་འདི་རེད་གན་རེད་ཅེས་ཤོད་ས་མི་འགྲོ་བ་ལྟ་བུ་ཞིག་རེད། (more…)

ནང་མི་དག་གིས་འགྲོ་སོང་ཇི་ལྟར་གཏོང་བཞིན་ཡོད་དམ།

(རྒྱལ་ཁབ་བྷི་རེ་ཟིལ་དང་། ཨུ་རུ་སུ། རྒྱ་ནག རྒྱ་གར། ཨེ་ཇེབ། གྲུར་ཀེས། ཨེན་རྡོ་ནེ་ཤུ་ཡ། སོ་རྡིས་ཨ་རབ་བཅས་ཀྱི་ནང་མི་དག་གིས་འགྲོ་སོང་ཇི་ལྟར་གཏོང་བཞིན་ཡོད་དམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སྒྲེས་རིགས་ཐོམ་སན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་རིའི་ཡུལ་གྱི་ནང་མི་སྤྱིར་བཏང་བ་ཤིག་གིས་སོ་སོའི་ཡོང་འབབ་ཀྱི་ཕྱེད་ཀ་སྡོད་ཁང་དང་འགྲིམས་འགྲུལ་ཆེད་དུ་གཏོང་བཞིན་ཡོད་མོད། འོན་ཀྱང་། ཨེ་ཇེབ་ཀྱི་ནང་མི་ཞིག་གི་ཡོང་འབབ་ཀྱི་ཕྱེད་ཀ་སོ་སོའི་ཁ་ལག་དང་བཟའ་བཅའི་ཆེད་དུ་གཏོང་བཞིན་ཡོད།

བདུན་ཕྲག་འདིའི་ནང་དུ། ང་ཚོས་ཨ་རིའི་ནང་དུ་དཔལ་འབྱོར་ཉམས་རྒུད་བྱུང་རྗེས་ཨ་རིའི་ཡུལ་མི་དག་གིས་སོ་སོའི་འཕྲོད་བསྟེན་དང་། སློབ་སྦྱོང་། ཁ་པར་སོགས་ཀྱི་ཆེད་དུ་འགྲོ་སོང་ག་ཚོད་ཅིག་གཏོང་བཞིན་ཡོད་མེད་སྐོར་ལ་ཞིབ་འཇུག་བྱས་པ་ཡིན། འོན་ཀྱང་། ལས་གཞི་དེའི་ཐོག་མར་ང་ཚོས་འཛམ་གླིང་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལའང་སྤྱི་ཡོངས་ནས་ཞིབ་འཇུག་བྱས་པ་ཡིན། ཁྱེད་ཀྱིས་ཚོད་དཔག་བྱས་ན། ཨེ་ཇེབ་དང་། ཨེན་རྡོ་ནེ་ཤུ་ཡ། དེ་བཞིན་རྒྱ་ནག་བཅས་ཀྱི་ཁྱིམ་ཚང་དཀྱུས་མ་དག་གི་དཔལ་འབྱོར་གྱི་གནས་སྟངས་ག་འདྲ་ཡིན་ནམ། ཉོ་ཚོང་མ་དངུལ་ཐེབས་རྩ་ཁང་གིས་དམིགས་བསལ་བཅར་འདྲིའི་ཞིབ་བཤེར་བརྒྱུད་ནས་རྒྱ་གར་དང་། ཨུ་རུ་སུ། བྷི་རེ་ཟིལ། སོ་རྡིས་ཨ་རབ། གྲུར་ཀེས་བཅས་དང་། དེ་བཞིན་གོང་དུ་བཀོད་པའི་རྒྱལ་ཁབ་གསུམ་(ཨེ་ཇེབ་དང་། ཨེན་རྡོ་ནེ་ཤུ་ཡ། རྒྱ་ནག)བཅས་ཁྱོན་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བརྒྱད་ཀྱི་མི་མང་སྟོང་ཕྲག་ཁ་ཤས་ལ་བཅར་འདྲི་བྱས་ནས། ཁྱིམ་ཚང་སོ་སོའི་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོའི་ཁྲོད་ཀྱི་ཅ་ལག་རིགས་ཏེ། དཔེར་ན། རླངས་འཁོར་དང་། བཟའ་བཏུང་རིགས། དེ་བཞིན་ཁ་པར་བཅས་ཀྱི་ཆེད་དུ་འགྲོ་སོང་ག་ཚོད་ཅིག་གཏོང་བཞིན་ཡོད་མེད་སྐོར་ལ་ཉམས་ཞིབ་བྱས་པ་ཡིན། (more…)

ནུབ་ཁུལ་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་ཁག་གི་དཀའ་ངལ་སེལ་བའི་ཐབས་ལམ་ཉག་གཅིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
ལེ་ཐེན་མེན་གྱིས་བརྩམས།

མ་རྩོམ་ལ་གཟིགས་ལ་འདི་རུ་བསྣུན།

(རྩོམ་ཡིག་འདི་ནི་ཁ་སང་མི་རིགས་རང་དབང་ཕྱིར་དུ་རང་ལུས་མེར་བསྲེགས་བཏང་བའི་བོད་རིགས་སྤུན་ཟླ་དེ་ལ་ཆེད་དུ་ཕུལ་པ་ཡིན།)

མིག་སྔར་རྒྱ་གཞུང་གིས་ནུབ་ཁུལ་གྲངས་ཉུང་མི་རིགས་ཁག་གི་དབང་བསྒྱུར་ལ་ཉེན་ཁ་སྣ་ཚོགས་འཕྲད་ཀྱིན་ཡོད། དཔེར་ན། དོ་དམ་དང་ཡིད་ཆེས། བརྟན་བརླིང་སོགས་ཀྱི་ཕྱོགས་ནས་ཉེན་ཁ་རབ་དང་རིམ་པ་བྱུང་བ་དང་འབྲེལ་འགྲོ་བ་མིའི་ཐོབ་ཐང་དང་འཚོ་གནས། ཁོར་ཡུག་སོགས་ལ་ཆག་སྒོ་སྣ་ཚོགས་འབྱུང་བཞིན་ཡོད། ཉེན་ཁ་དང་ཆག་སྒོ་འདི་འདྲའི་མང་པོ་ཞིག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཁོ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་སྤྱི་གན་< དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་གན་>ལག་བསྟར་དང་བརྩི་སྲུང་མ་བྱས་པས་རེད། གཤམ་ནས་ངས་ཁོ་ཚོས་སྤྱི་གན་དེར་ཇི་ལྟར་རྒྱབ་འགལ་བྱས་ཚུལ་སྐོར་ལ་དེའི་ཁག་དང་པོ་ནང་གི་དོན་ཚན་དང་པོར་དབྱེ་ཞིབ་བྱ་རྒྱུ་ཡིན། (more…)

རྒྱ་ནག་མཐོ་རིམ་དཔོན་རིགས་ཀྱི་ནང་མིའི་ཆེད་དུ་སྦས་པའི་ཨ་སྒོར་དུང་ཕྱུར་མང་བོ།(མཐའ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སྒྲ་བིས་སྒྲི་ བྷར་བྷོ་རྫ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དོན་ངོ་མར་ད་ལྟ་ལོ་ངོ་ ༤༣ ལ་བུད་པའི་ཚོང་བདག་མ་ཏན་བེ་ཧོང་ (Duan Weihong) ཞེས་པ་དེ་སྲིད་བློན་བུན་ཚང་དང་འབྲེལ་བ་ཡོད་མེད་ཀྱང་མཚམས་རེར་གསལ་བོ་ཞིག་མི་འདུག བཅར་འདྲི་ཐེངས་མང་བྱས་བ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཐོག་མར་ཁོ་མོས་སྲིད་བློན་བུན་གྱི་ཉེ་འབྲེལ་སུ་ཡང་ངོ་ཤེས་ཀྱིན་མེད་པར་བཤད་མོད་ཡང་བསྐྱར་རྗེས་སུ་མོས་སྲིད་བློན་གྱི་ནང་མི་དག་ངོ་ཤེས་པ་མ་ཟད་བུན་ཀྱི་བཟའ་ཟླ་ཀྲང་པེས་དང་ཧ་ཅང་ཐག་ཉེ་བོ་ཡིན་བར་གླེང་། རྒྱ་ནག་ནང་གི་བུན་བཟའ་ཚང་དང་འབྲེལ་བ་ཡོད་པའི་མ་རྐང་ཁེ་གཉེར་ཚོང་ལས་པ་གཞན་དག་དང་འདྲ་བར་ཏན་བེ་ཧོང་ཡང་ཁོ་ཚོའི་གྲས་སུ་ཚུད་ཡོད་པ་རེད། འོན་ཀྱང་། ཁོ་མོས་བཤད་ན་ཁོ་མོས་སྔོན་ཆད་པེན་ཨན་དུ་མ་རྐང་བཙུགས་པ་ཙམ་ཡིན་མོད་ཀྱང་དེ་ནི་ཡིག་ཐོག་གི་འབྲེལ་བ་ཙམ་ལས་ཅི་ཡང་མིན་པར་བཤད་སོང་། (more…)

སྐྱ་བོའི་སྡེ་ཡིས་བྲིས་པའི་སྙན་ངག་དེ་ཚོ་ནི་ཆོ་མེད་བྲོ་མེད་དུ་གཏོང་ཐུབ་ཀི་རེད།


བཅར་འདྲི་ཞུ་ཡུལ། ཀླུ་སྨྱོན་ཡེ་ཤེས་རྒྱ་མཚོ།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

༡) བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད། གྲྭ་བ་རྩོམ་པ་པོའི་ནང་དུ་བུད་མེད་ཀྱི་སྐོར་ལ་སྙན་ངག་འབྲི་མཁན་མང་དུ་འགྲོ་བཞིན་པ་འདིའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་རེད་འདོད་དམ།


ལན། དང་པོར་ང་ཚོས་བུད་མེད་ལ་ངོས་འཛིན་གསལ་བོ་ཞིག་བྱེད་དགོས། དེ་ནས་བུད་མེད་ལས་མ་སྐྱེས་པའི་རབ་བྱུང་བ་ཞིག་ཡོད་མེད་ཞིབ་འཇུག་བྱེད་དགོས། གལ་སྲིད་དེ་འདྲ་ཞིག་མེད་ན་ཅིའི་ཕྱིར་རབ་བྱུང་བས་བུད་མེད་དགྲ་རུ་འཛིན་དགོས་པའི་གནས་ལུགས་ཤིག་ཡོད་མེད་བརྟག་དགོས། ཏེ་ལོ་བས། སྣང་བས་མི་འཆིང་ཞེན་པས་འཆིང་།།ཞེན་པ་ཆོད་ཅིག་ན་རོ་བ།།གསུངས་པ་བཞིན། བུད་མེད་ལ་བསྟོད་པ་ཙམ་གྱིས་སྡོམ་པ་འཇིག་མི་འཇིག་དང་། བུད་མེད་ལ་བཏང་སྙོམས་སུ་བཞག་པ་ཙམ་གྱིས་འཁོར་བ་ལ་ཞེན་པ་ལྡོག་ཐུབ་མི་ཐུབ་ཤེས་དགོས། གང་ལྟར་རབ་བྱུང་བས་བུད་མེད་ལ་བསྟོད་མི་ཆོག་པ་ནི་མདོ་ལུགས་རྐྱང་བའི་འདུལ་ཁྲིམས་ཀྱི་འགྲོ་སྟངས་ཤིག་རེད། སྔགས་ལུགས་ལྟར་ན་བུད་མེད་ཀྱིས་ཤེས་རབ་མཚོན་གྱི་ཡོད་པས། ཤེས་རབ་ཀྱི་རང་བཞིན་ལ་བསྟོད་པ་འབྲི་བ་དེ་ལུགས་དང་མཐུན་པ་ཞིག་རེད། ཁ་གསལ་ཙམ་ཞུས་ན་དེ་ནི་ཚེ་གཅིག་སངས་རྒྱས་ཀྱི་ལམ་ལ་འཁྲིད་པར་བྱེད་པའི་བསྟན་པ་རླབས་པོ་ཆེ་ཞིག་སྙིགས་དུས་འདིར་གོང་ནས་གོང་དུ་འཕེལ་བའི་རྟགས་མཚན་ཁྱད་པར་བ་ཞིག་ལོས་ཡིན།
 (more…)