བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་དམ། (བར་མ)

(འབར་བཞིན་པའི་ཁ་ཆེམས བོད་མིས་ཅིའི་ཕྱིར་རང་ལུས་མེར་སྲེག་གཏོང་གི་ཡོད་དམ།)

སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།
རྩོམ་པ་པོ་ལྦང་ལི་ཞུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་མི་རིགས་ཀྱི་བློ་སྟོབས་ཀྱི་ཆ་ཞིག་མཚོན་ཐུབ་ཀྱི་ཡོད།

རང་སྲེག་གིས་བློ་སྤོབས་དང་འགན་འཁྲི་མཚོན་གྱི་ཡོད། ཁ་ཆེམས་འཇོག་མཁན་གྱི་ཁྱོན་བསྡོམས་གྲངས་འབོར་གྱི་བརྒྱ་ཆ་༣༥%ཟིན་ཡོད། གནད་འགག་འདི་གཞན་༼གཞུང་འཛིན་མི་སྣ་དང་རྒྱལ་སྤྱིའི་སྤྱི་ཚོགས།༽དང་འབྲེལ་བ་ཡོད་པ་ཞིག་མིན། དེ་ནི་གང་ཟག་སྒེར་ངོས་ཀྱི་སྟོབས་ཤུགས་མཚོན་པའི་དཔའ་བོའི་རིང་ལུགས་ཤིག་ཡིན། འདི་ནི་བརྩི་མཐོང་སྲུང་སྐྱོབ་དང་སྡུག་བསྔལ་དང་ལེན། བློ་སྟོབས་སྤེལ་བ། ངག་ཐོག་གི་རྒྱབ་སྐྱོར་མཚོན་པ། མྱང་འདས་དང་འདྲ་བར་རང་ཉིད་གོང་དུ་འཕར་དགོས། དཔེ་མཚོན་གྱི་ཁ་ཆེམས་ནི། ངས་བོད་མིའི་ལ་རྒྱའི་ཆེད་དུ་རང་སྲེག་བྱ་རྒྱུ་ཡིན། ༼པཎ་ཆེན་སྐྱིད།༽ ཁོང་ཚོས་ང་ཚོ་མཚོན་ཆའི་དྲག་གནོན་ལ་ཞེད་ཀྱི་ཡོད་པ་རེད་བསམ་གྱི་ཡོད། ཁོང་ཚོ་ནོར་བ་རེད། ༼ཕུན་ཚོགས།༽ལ་སོགས། འདིས་བོད་མི་རིགས་ལ་ཧ་ཅང་བླ་ན་མཐོ་བའི་བློ་སྟོབས་ཡོད་པ་མཚོན་ཡོད། (more…)

བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་དམ། (སྔ་མ)

(འབར་བཞིན་པའི་ཁ་ཆེམས བོད་མིས་ཅིའི་ཕྱིར་རང་ལུས་མེར་སྲེག་གཏོང་གི་ཡོད་དམ།)

སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།
རྩོམ་པ་པོ་ལྦང་ལི་ཞུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།


( ༢༠༡༢ལོའི་ཟླ་༣པའི་ཚེས་༢༦ཉིན། བཙན་བྱོལ་བོད་མི་འཇམ་དཔལ་ཡེ་ཤེས་ཀྱིས་རྡི་ལི་གསར་བར་རྒྱ་ནག་གི་སྲིད་འཛིན་ཧོའོ་ཅིན་ཐའོ་རྒྱ་གར་དུ་འཚམས་གཟིགས་ཀྱི་དུས་སྐབས་དང་བསྟུན་ནས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཏེ་རང་སྲོག་བློས་གཏོང་བྱས་པ་རེད། )


( ༢༠༡༢ལོའི་ཟླ་༡༡པའི་ཚེས་༡༢ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་མདོ་བ་གྲོང་རྡལ་གྱི་འབྲོག་མི་སྙིང་ལྕགས་འབུམ་ལགས་ཀྱིས་གྲོང་རྡལ་སྲིད་གཞུང་གི་མདུན་དུ་རང་ལུས་མེར་སྲེག་བཏང་བར་བོད་རིགས་ཕོ་མོ་རྒན་གཞོན་ཚང་མས་དངོས་སུ་མཐོང་བ་དང་། ཁོང་ལ་པུས་མོ་བཙུགས་ཏེ་སྨོན་ལམ་འདེབས་པ་དེས་མྱ་ངན་དང་བླ་མེད་ཀྱི་གུས་འདུད་མཚོན་པར་བྱས་ཡོད།)

དེང་སྐབས་བོད་མིའི་རང་སྲེག་ནི་ཕྱོགས་ཡོངས་ནས་ཇི་ལྟར་ཁ་གཏད་དགོས་མི་ཤེས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

གཅིག་ནི་རང་ལུས་མེར་སྲེག་གི་གྲངས་འབོར་འཕར་ཚད་མགྱོགས་པ་སྟེ། ད་བར་དུ་༼༢༠༡༢ལོའི་ཕྱི་ཟླ་༡༢པའི་ཚེས་༡༡བར་དུ།༽ བོད་ནང་གི་བོད་མི་༩༧གྱིས་རང་ལུས་མེར་སྲེག་བཏང་བ་དང་༼ད་དུང་བོད་ཕྱི་ལོགས་ཀྱི་བོད་མི་༥ཡིས་རང་ལུས་མེར་སྲེག་བཏང་བ་ཕུད།༽ དེ་ལས་༢༠༠༩ལོར་མི་༡གིས་རང་ལུས་མེར་སྲེག་བཏང་བ་དང་། ༢༠༡༡ལོར་མི་༡༢། ༢༠༡༢ལོ་ནས་ད་བར་མི་༨༤ཡི་རང་ལུས་མེར་སྲེག་བཏང་ཞིང་། དེ་ལས་ཀྱང་ཕྱི་ཟླ་༡༡པའི་ནང་མི་༢༨ཀྱིས་རང་ལུས་མེར་སྲེག་བཏང་བ་རེད། རང་ལུས་མེར་སྲེག་མཚམས་འཇོག་གི་འབོད་སྐུལ་ཐམས་ཅད་དོན་མེད་དུ་གྱུར་ཡོད། སུས་ཀྱང་གང་ཞིག་ཏུ་ལས་དོན་རྩོམ་གྱི་ཡོད་མི་ཤེས། (more…)

བརྩེ་བ་ཀྲོང་ངེར་བཞེངས་ཏེ་རྒྱུ་མཚན་འདྲེན་པ། (གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་པེ་ཀོ་ཨེ་ཡིར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བཀའ་བློན་ཚོས་དེ་ལྟར་བྱས་བའི་མཇུག་འབྲས་ནི་ལས་འགན་མང་དག་ཅིག་ཁོང་གིས་བསྒྲུབ་དགོས་ཐུག་གི་ཡོད་པ་དེ་རེད། ༸གོང་ས་ཏཱ་ལའི་བླ་མ་ནི་རྒྱུན་ཆད་མེད་པའི་བརྩེ་བ་དང་། རེ་བཟང་ཕུགས་བཅོལ་བྱེད་མཁན། བཟོད་སྒོམ་བཅས་ལ་སྐད་གྲགས་ཆོད་པ་དེ་འདྲ་རེད། ངའི་གྲོགས་པོ་གསར་འགོད་པ་ཞིག་གིས་ངས་ད་བར་ངོ་ཤེས་པ་ཚོའི་ནང་དུ་༸གོང་ས་མཆོག་ལྟ་བུའི་དཀའ་སྡུག་གི་ལོ་ཟླ་གང་མང་འགྲིམས་དགོས་བྱུང་པ་ཞིག་མེད་ཀྱང་། ཁོང་ནི་འཛམ་གླིང་འདིའི་སྟེང་གི་མི་ཆེས་སྐྱིད་ཤོས་དེ་རེད་ཅེས་ངོས་འཛིན་བྱེད་ཆོག་གི་རེད། ཁོང་གིས་ཕྱི་ཡི་དངོས་པོ་ལ་འཁྲེང་སེམས་དེ་ཙམ་མེད་ལ་འོས་ཤོག་བླུགས་རྒྱུའི་ཐོབ་ཐང་མེད་ཀྱང་ད་ལྟའི་དུས་སུ་འཛམ་གླིང་ཡོངས་རྫོགས་ཀྱིས་ཁ་ཡག་ངོ་དགའ་བྱེད་སའི་མི་འབོར་ཐེར་འབུམ་༡།༢་ཅན་གྱི་རྒྱ་ནག་གི་ཁ་གཏད་དུ་འགྲེངས་བའི་བོད་མི་ས་ཡ་དྲུག་གི་དད་མོས་མཚོན་གྱི་ཡོད། ཁོང་ནི་དཀའ་རྙོག་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་མགྲོན་པོ་རེད། ཁོང་ཁ་ཁུ་སིམ་མེར་སྡོད་པ་ཡིན་ན་རྒྱ་གར་གྱིས་བཀའ་དྲིན་ཆེན་པོ་ཚོར་གྱི་རེད། ༸གོང་ས་མཆོག་གིས་རྒྱུན་ཆད་མེད་པར་འཛམ་གླིང་སྐོར་(ལག་འཁྱེར་སེར་པོ་ལ་བསྟེན་ནས།)གྱི་ཡོད་པ་རེད། མི་མང་ཆེ་བའི་ཁོང་ནི་ཨ་མ་ཌེ་རི་ས་(Mother Teresas)དང་ཡི་ཤེས་ཆོས་དཔོན་པོབ་(Pope)ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། རྒྱལ་ཁབ་སོ་སོའི་གཞུང་ངོས་ནས་དབུ་ཁྲིད་སྐད་གྲགས་ཅན་དེ་ཚོའི་གྲལ་ནས་ཕུད་དེ་སེ་རི་ཡའི་འགོ་ཁྲིད་མོས་མར་གྷ་ངྷ་སྤི་འམ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀེམ་ལྗོང་ཨེས་ལྟ་བུའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་དབྱིན་ཇིའི་རྒྱལ་མོའི་ཨ་མར་ཐུག་རྒྱུར་ཧ་ཅང་སྤྲོ་སྣང་ཆེན་པོ་བྱས་པ་རེད། གང་ལེགས་ཤེ་ན་ཁོང་སྐུ་ན་ཆུང་བའི་དུས་སུ་ཁོ་མོ་དབྱིན་ཇིའི་མི་སེར་ཉམ་ཐག་ཚོར་འཚམས་གཟིགས་སུ་སྐྱོད་བཞིན་པའི་གསར་འགྱུར་དུམ་བུ་ཅིག་མཐོང་བས་རེད། དེ་ལས་ལྡོག་སྟེ། འཛམ་གླིང་མི་མང་ཚོ་ནི་ཁོང་ཤ་རོན་སི་ཌོན་(Sharon Stone)ལ་ཐུག་འཕྲད་བྱེད་སྐབས་དང་དོད་ཆེན་པོ་བྱས་པ་རེད། (more…)

བརྩེ་བ་ཀྲོང་ངེར་བཞེངས་ཏེ་རྒྱུ་མཚན་འདྲེན་པ། (དང་པོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་པེ་ཀོ་ཨེ་ཡིར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་གཏམ་བཤད་པ་ཞིག་གི་ངོ་བོར་སྐད་གྲགས་ཡོད་ཀྱང་། ཁོང་གི་སྐྱེས་སྟོབས་ཀྱི་རིག་རྩལ་ནི་གཞན་གྱི་སྐད་ཆར་ཉན་རྒྱུ་དེ་ཡིན་པ་ཁྱེད་ཀྱིས་ཁོང་ལ་ཁ་བརྡ་བྱེད་འགོ་བཙུགས་མ་ཐག་ནས་རྟོགས་ཐུབ། ཁོང་ད་ལྟ་ནུབ་ཕྱོགས་སུ་ཆེས་སྐད་གྲགས་ཆེན་པོ་ཆགས་པ་ནི་ཨ་རིའི་རོལ་ཚོགས་བྷོན་ལྗོ་བིས་(Bon Jovi)ཡི་རིག་རྩལ་དགོང་ཚོགས་ཤིག་ཀྱང་བཀོད་སྒྲིག་བྱེད་ཆོག་པའི་ཚོགས་ཁང་ཚོའི་ནང་ནས་མི་མང་ལ་གཏམ་བཤད་བྱེད་པའི་ནུས་པ་ཡོད་པ་དང་། ཁོང་གི་དམིགས་བསལ་གྱི་ནུས་པ་ནི་ནང་པའི་རྗེས་འཇུག་པ་དང་། རྒན་འཁོགས་རྨོ་མོ། བྱིས་པ་ཆུང་ཆུང་བཅས་ཀྱིས་གྲུབ་པའི་མི་ཚོགས་ཉིས་ཁྲི་ལྷག་ལ་དུས་གཅིག་ཏུ་ཁོང་ཚོས་ཡག་ཤོས་རྟོགས་ཐུབ་པའི་སྐད་ཡིག་གི་ནང་དུ་མི་རེ་ངོ་རེར་ཁ་བརྡ་བྱེད་ཀྱི་ཡོད་པ་བཞིན་གཏམ་བཤད་སྤེལ་ཐུབ་པ་དེ་རེད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡོངས་གྲགས་ཀྱི་བདེན་དོན་དག་ཁྱེད་ཀྱི་ལག་ཁུག་ནང་དུ་འཁུར་ཆོག་པའི་དཔེ་དེབ་དང་། ལོ་ཐོ། ཁྱབ་བསྒྲགས་འབོད་ཚིག་བཅས་སུ་ཕྱོགས་བསྡུས་བྱས་ཡོད་ཀྱང་། ངས་བསམ་པར་ཁོང་སྒེར་གྱི་སེམས་པ་དེ་ལྷིང་འཇགས་ཀྱི་ནང་དུ་གནས་ཡོད། ཁོང་གི་བདག་ཉིད་ཀྱི་སྟོབས་ཤུགས་གཏིང་ཟབ་ཤོས་ནི་ཉིན་ལྟར་ཐོ་རེངས་ལ་སྤྱན་གཉིས་བཙུམས་ཏེ་བློ་གཅིག་སེམས་གཅིག་གིས་རྒྱ་ནག་བཙན་འཛུལ་བ་དང་། བོད་མི་ཚོ། ད་དུང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྨོན་ལམ་འདེབས་པ་དེ་རེད། (more…)

བོད་མི་ཚོས་ཅིིའི་ཕྱིར་རང་ལུས་མེར་སྲེག་བྱེད་བཞིན་ཡོད་དམ།

( བོད་མི་ཚོས་ཅིིའི་ཕྱིར་རང་ལུས་མེར་སྲེག་བྱེད་བཞིན་ཡོད་དམ། དབུས་གཞུང་གིས་བོད་ཀྱི་སྲིད་བྱུས་ལ་ཞིབ་བཤེར་བྱེད་འོས།)

སྐར་ཁུང་རྩོམ་བསྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཀོའོ་ཧོང་མེན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཉིན་འགའི་སྔོན་དུ་གྲོགས་པོ་བརྒྱུད་ནས་ཤེས་གསལ་ལྟར་ན། སི་ཁྲོན་དང་མཚོ་སྔོན་ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་བོད་ཁུལ་དུ་བོད་མིས་ཚོས་རང་ལུས་མེར་སྲེག་བཏང་ཤིང་། དེ་ལས་མི་གསུམ་འདས་གྲོངས་སུ་ཕྱིན་པ་དང་གཅིག་ལ་རྨས་སྐྱོན་ཕོག་ནས་འདུག་ཟེར། ད་བར་དུ་ཁྱོན་བསྡོམས་བོད་མི་བརྒྱད་ཅུ་གྱ་ལྔས་རང་ལུས་མེར་སྲེག་བྱས་ཡོད་ལ། འདི་ནི་དབུས་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བོད་ཀྱི་སྲིད་བྱུས་ལ་ཉེན་ཁ་ཚབས་ཆེན་ཡོད་པའི་སྔོན་བརྡ་རེད། དེ་བས་དབུས་གཞུང་ནས་བོད་ཀྱི་སྲིད་བྱུས་ལ་ཞིབ་བཤེར་བྱས་ཏེ་བོད་མི་ཚོས་ཅིའི་ཕྱིར་རང་ལུས་མེར་སྲེག་བྱེད་བཞིན་པའི་རྒྱུ་རྐྱེན་ངོ་མ་འཚོལ་འོས་སྟེ། གཤམ་ནས་ངས་འདིའི་སྐོར་ལ་རང་གི་ལྟ་ཚུལ་ཙམ་གླེང་བར་འདོད། (more…)

དྲང་བདེན་ནི་འཐབ་འཁོར་ལས་རྒྱལ་ངེས་ཡིན།(ཕྱི་མ)

(ཏཱ་ལའི་བླ་མ་དང་གྲོས་མོལ་ཟིན་བྲིས།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཅཱི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བདག་གིས་ཞུ་རྒྱུར།
ཁྱེད་ཀྱི་དགོངས་འཆར་ནི་དངོས་གནས་སྙིང་གཏམ་ཟོལ་མེད་ཅིག་རེད།

ཏཱ་ལའི་བླ་མས་གསུང་རྒྱུར།
ཁྱོད་ཐེ་ཝཱན་ཕྱོགས་ལ་འབྲེལ་བ་ཡོད་མེད་མི་ཤེས། ངས་བསམ་པར། ཐེ་ཝཱན་ནི་རྒྱ་ནག་སྐམ་ས་ཆེན་མོས་ཚད་འཛིན་དང་མིག་དཔེ་ལྟ་འོས་པ་ཞིག་རེད།

བདག་གིས་ཞུ་རྒྱུར།
བདག་གིས་ག་དུས་ཡིན་ཡང་ཐེ་ཝཱན་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ལ་སེམས་ཁུར་བྱེད་ཀྱི་ཡོད། བདག་ཐེ་ཝཱན་གྱི་རྩོམ་པ་པོ་ཁ་ཤས་དང་མི་སྒེར། ཆོས་ཚོགས། འབངས་མིའི་སྡེ་ཁག་བཅས་ལ་འབྲེལ་བ་ཡོད། མ་ཟད་ཐེ་ཝཱན་གྱི་སྐོར་ལ་རྩོམ་ཡིག་མང་པོ་བྲིས་མྱོང་ཡོད།

ཏཱ་ལའི་བླ་མས་གསུང་རྒྱུར།
འདི་ངོ་མ་ཡག་པོ་འདུག དེང་སྐབས་ཕྱོགས་གཉིས་ཀའི་འབྲེལ་བ་ཞི་འཇགས་སུ་འགྲོ་ཡི་ཡོད། ཐེ་ཝཱན་གྱི་རྩ་དོན་ཡང་འབུར་དུ་ཐོན་གྱི་ཡོད། དཔེར་ན། རྒྱ་ནག་སྐམ་ས་ཆེན་མོའི་ཡུལ་སྐོར་བ་མང་པོ་ཐེ་ཝཱན་ལ་ཡུལ་སྐོར་དུ་འགྲོ་བ་དང་། རྒྱ་ནག་སྐམ་ས་ཆེན་མོའི་སློབ་ཕྲུག་མང་པོ་ཐེ་ཝཱན་ལ་སློབ་སྦྱོང་བྱེད་དུ་ཡོང་གི་ཡོད། ཕྱོགས་གཉིས་ཀའི་སྐད་དང་རིག་གཞུང་གི་ཐད་ནས་འདྲ་ས་ཡོད། དེར་བརྟེན། ཐེ་ཝཱན་ནི་མང་གཙོའི་རང་དབང་ཁྱབ་གདལ་དུ་གཏོང་བའི་ཆེས་ལེགས་པའི་དགོངས་གཞིའི་སྒེའུ་ཁུང་དེར་གྱུར་ཡོད། མཚམས་མཚམས་སུ་ང་ཐེ་ཝཱན་གྱི་གྲོགས་པོ་དང་ཐུག་འཕྲད་བྱེད་ཀྱི་ཡོད། ཁོང་ཚོ་ལ་ཞུ་རྒྱུར། གུང་ཁྲན་ཏང་གིས་ཐེ་ཝཱན་བཅིངས་འགྲོལ་གཏང་གི་ཡིན་ཟེར་གྱི་ཡོད། ཁོང་ཚོ་བརྟེན་ས་ནི་དམག་དོན་གྱི་སྟོབས་ཤུགས་དང་འཕུར་མདའ། མཁའ་ལམ་འབར་མདེལ་ལ་སོགས་པ་རེད། གུང་ཁྲན་ཏང་ལ་དྲག་པོའི་མཚོན་ཆ་ཡོད་པ་བདེན་མོད་ཀྱང་། ཐེ་ཝཱན་གྱི་མིའི་སེམས་ཁམས་འཇོམས་མི་ཐུབ། དེ་ལས་ལྡོག་སྟེ་ཐེ་ཝཱན་གྱིས་ཕྱིར་རྒྱ་ནག་སྐམ་ས་ཆེན་མོ་བཅིངས་འགྲོལ་གཏོང་སྲིད། མང་གཙོའི་རང་དབང་གི་རིན་ཐང་སྤྱད་ནས་རྒྱ་ནག་མི་མང་ལ་རེ་བ་དང་དོན་དངོས་ཀྱི་བཅིངས་འགྲོལ་ཞིག་ཕུལ་ཡོད། (more…)