ཡང་ཅིན་ལིས། ཏཱ་ལའི་བླ་མས་རྒྱུན་སྲོལ་དང་མི་འདྲ་བའི་དཔོན་རིགས་གསོ་སྐྱོང་བྱེད་པ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྩོམ་ཡིག་མཁོ་སྤྲོད་པ། (དོན་རྐྱེན་ཆེན་པོ)

“ང་རྒྱ་ནག་གི་ཟས་རིགས་ལ་དགའ་བ་དང་། མ་བབ་ཏའུ་ཧྥི་ནི་ངའི་ཆེས་དགའ་ཤོས་དེ་ཡིན། ང་རྒྱ་ནག་གི་གློག་བརྙན་ལ་དགའ་བ་དང་། ལིག་ལེན་ཅེ་ནི་ངའི་དགའ་ཤོས་ཀྱི་འཁྲབ་སྟོན་པ་དེ་ཡིན།”(བློ་བཟང་སེང་གེའི་སྐད་ཆ) གསར་ཏུ་འོས་འདེམས་བྱུང་བའི་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ནི། གཟུགས་སྟོབས་ཆེ་ཞིང་སྐད་ངག་དལ་ལ་གདེང་སྤོབས་ལྡན་པ། མི་རྣམས་ལ་དེའི་སྔོན་གྱི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་དང་མི་འདྲ་བའི་མཐོང་སྣང་ཞིག་ངང་གིས་སྟེར། དུས་རྒྱུན་དུ་རྒྱ་རིགས་དང་གྲོགས་འབྲེལ་བྱེད་པའི་བློ་བཟང་སེང་གེ་ལ་<<དོན་རྐྱེན་ཆེན་པོ>>ཡིས་དམིགས་བསལ་བཅར་འདྲི་གནང་སྐབས་ཁོང་གིས། “ཁོང་ནི་ཕན་ཚུན་གྲོས་མོལ་བྱེད་པར་ཡིད་ཆེས་ཡོད་པ་དང་། ཁོང་ནི་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་བྱེད་པར་ཤིན་ཏུ་འདོད་པ་ཡོད་པ་མ་ཟད། རྗེས་སུ་ཁོང་གིས་དབུ་མའི་ལམ་གྱི་ལྟ་བ་རྒྱུན་འཛིན་བྱེད་རྒྱུ་ཡིན་པ་དང་། བོད་མིའི་རང་རྐྱ་འཕེར་བ་དང་རང་དབང་གི་ཆེད་དུ་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་གསུངས།

ཏཱ་ལའི་བླ་མས་རྒྱུན་སྲོལ་དང་མི་འདྲ་བའི་དཔོན་རིགས་གསོ་སྐྱོང་བྱེད་པ།

རྒྱ་རིགས་དང་གྲོགས་འབྲེལ་ཆེས་ཆེར་ལྡན་པའི་བློ་བཟང་སེང་གེ་ལགས་ལ་མཚོན་ན་རང་བཞིན་གྱིས་རྒྱ་རིགས་གྲོགས་པོ་མང་པོ་ཡོད་པ་སྨྲོས་མེད་ཡིན་པ་དང་། དེའི་ནང་ལ ། རང་དབང་འཐབ་རྩོད་པ་གྲགས་ཅན་ཡང་ཅིན་ལིས་དང་བློ་བཟང་སེང་གེ་ལགས་གཉིས་ནི་མཛའ་འབྲེལ་ཆེ་བའི་གྲོགས་པོ་ཡིན་པ་དང་། ཧ་ཝཱ་མཐོ་སློབ་དུ་བློ་བཟང་སེང་གེ་ལགས་དང་ངོ་ཤེས་བྱུང་་བའི་ཡང་ཅིན་ལིས་ལ་མཚོན་ན། ཁོང་གིས་བློ་བཟང་སེང་གེ་ལགས་ཀྱི་ཤེས་འཇོན་ལ་ཆེ་མཐོང་འཇོག་གི་ཡོད་པ་དང་། ཡང་ཅིན་ལིས་ཀྱིས་<<དོན་རྐྱེན་ཆེན་པོ>>ལ་བློ་བཟང་སེང་གེ་ལགས་ནི་མི་དགོད་བྲོ་སློང་མཁན་ཞིག་ཡོད་པ་དང་། ཁོང་གིས་གསུང་བཤད་གནང་སྐབས་རྒྱུན་དུ་དགོད་བྲོ་བའི་སྒྲུང་གཏམ་བཤད་ཀྱིས་ཡོད་པ་རེད། རྒྱུན་དུ་རྒྱ་རིགས་དང་གྲོགས་འབྲེལ་བྱེད་པའི་མཉམ་མྱོངས་ལས། བློ་བཟང་སེང་གེ་ལགས་ནི་རྒྱ་རིགས་ཚོའི་བསམ་བློའི་འཁྱེར་སོའི་ཐད་ཤིན་ཏུ་རྒྱུས་མངའ་ཆེ་ལ། མཚམས་རེར། ཁོང་གིས་སྒྲུང་བརྒྱུད་ནས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་ཚུལ་བཤད་པ་དང་། དཔེར་ན་། སྔོན་ཆད་རྒྱ་ནག་དཔོན་རྒྱུད་སློབ་མ་ཁ་ཤས་ཀྱིས་ཁོང་གིས་དབྱིན་སྐད་ཡག་པོ་བསྐྱོན་པ་མཐོང་པ་དང་། ཁོང་ལ་ཧང་སངས་སངས་ཀྱིས་ “ཁྱོད་བོད་པ་ཞིག་གིས་དབྱིན་སྐད་ལ་འདི་ལྟར་མཁས་པ་གང་ཡིན་ནམ”ཞེས་དྲིས་པར། ཁོང་གིས་དྲི་ལན་དུ། “དོན་དངོས་ཐོག༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པའི་རྗེས། བོད་རིགས་སློབ་མ་མང་པོ་དབྱིན་ཡུལ་དང་ཨ་རི་སོགས་རྒྱལ་ཁབ་མང་པོར་སློབ་སྦྱོང་བྱེད་པར་གཏོང་གནང་མཛད་ཡོད་པས། བོད་པ་མང་པོ་དབྱིན་ཇི་སྐད་ཡིག་དང་སློབ་སྦྱོང་གནས་ཚད་སོགས་ཤིན་ཏུ་མཐོན་པོ་ཡོད་”ཅེས་ལེན་འདེབས་གནང་།

ཡང་ཅིན་ལིས་ལ་སེམས་འགུལ་ཆེས་ཆེར་ཐེབས་པ་ནི། ཁོང་ཉིད་ཧཱ་ཝ་གཙུག་ལག་སློབ་གྲྭར་སྡོད་རིང་དེ་རེད། བློ་བཟང་སེང་གེ་ལགས་ཀྱིས་བསྟུད་མར་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་དམ་ཟབ་གཏོང་ཐབས་བྱེད་པ་དེ་ཡིན། ཧཱ་ཝ་གཙུག་ལག་སློབ་གྲྭའི་ནང་རྒྱ་ནག་གི་དཔོན་རྒྱུད་སློབ་མ་མང་པོ་ཡོད་པ་དང་། ལྷག་པར་ཏུ་ཁྲིམས་ལུགས་སྡེ་ཚན་ནང་དེའི་རིགས་ཀྱི་སློབ་མ་མང་པོ་ཡོད། ཡིན་ནའང་དཔོན་རྒྱུད་སློབ་མ་དེ་དག་གི་ཇི་ལྟར་ལྟ་བ་མཁྲེགས་བཟུང་བྱེད་ནའང་། བློ་བཟང་སེང་གེ་ལགས་ཀྱིས་གང་དྲག་གིས་ཁོང་ཚོ་དང་གྲོགས་འབྲེལ་བྱེད་ཀྱི་ཡོད་པ་དེས་ཁོང་ལ་བློ་བཟང་སེང་གེ་ནི་ཡ་རབས་དང་བཟང་སྤྱོད་ལྡན་པའི་མཐོང་སྣང་ཞིག་བསྐྲུན། སྐབས་གཉིས་པའི་བཀའ་བློན་ཁྲི་པའི་འོས་བསྡུ་ཐོག་ཁོང་ལ་རྒྱལ་ཁ་ཐོབ་པ་ནི་ཡ་མཚན་སྐྱེ་དགོས་པ་ཞིག་གཏན་ནས་མ་རེད་སྙམ་པ་དང་། ཧཱ་ཝ་གཙུག་ལག་སློབ་གྲྭར་སྡོད་རིང་། བློ་བཟང་སེང་གེ་ལགས་ཀྱིས་རྒྱ་སྐད་སྦྱངས་པ་རེད་ལ།( སྐབས་དེར་ཡང་ཅིན་ལིས་ཀྱིས་ཀུ་རེའི་ཚུལ་དུ་བློ་བཟང་སེང་གེ་ལགས་ཀྱིས་རྒྱ་སྐད་འཁྱར་རེ་འཁྱོར་རེ་ཙམ་མ་གཏོགས་རྒྱག་ཤེས་ཀྱི་མ་རེད་ཅེས་གསུངས།)

ཡང་ཅིན་ལིས་ཀྱིས་<<དོན་རྐྱེན་ཆེན་པོར>>དྲན་གསོས་ཀྱིས་གསུངས་དོན་ལ། ཐེངས་དང་པོ་ཁོང་དང་བློ་བཟང་སེང་གེ་ལགས་གཉིས་ངོ་ཤེས་གྱུར་པ་ནི་སྤྱི་ལོ་༡༩༩༧ལོ་ཟླ་༡༡་ནང་ཡིན་པ་དང་། སྐབས་དེ་དུས་རྒྱ་ནག་གི་སྲིད་འཛིན་ཟུར་པ་ཅང་ཚེ་མིན་ཨ་རིར་ལྟ་སྐོར་ཡོང་པ་རེད་ལ། ཧཱ་ཝ་གཙུག་ལག་སློབ་གྲྭར་གཏམ་བཤད་སྤེལ་དུ་ཡོང་པ་རེད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་འཐབ་རྩོད་པ་ཁག་ཅིག་དང་། རྒྱ་ནག་མང་གཙོ་དོན་གཉེར་བ། བོད་ཀྱི་གཞོན་ནུའི་ལྷན་ཚོགས་སོགས་ཀྱིས་ཅང་ཚེ་མིན་ལ་ངོ་རྒོལ་ལས་འགུལ་ཞིག་བརྩམས་པ་རེད། ཡང་ཅིན་ལིས་ནི་སྤྱི་ཁྱབ་བཀོད་འདོམས་པ་ཡིན་པ་དང་། བློ་བཟང་སེང་གེའང་འགན་ཁུར་མི་སྣ་གལ་ཆེན་ཞིག་ཡིན། མཐར་ལས་འགུལ་འདིས་ཧཱ་ཝ་གཙུག་ལག་སློབ་གྲྭའི་སློབ་མ་ཕལ་ཆེར་༤༠༠༠ཙམ་ལས་འགུལ་ནང་མཉམ་ཞུགས་ལ་སྐུལ་མ་བཏང་ཐུབ་པ་རེད་ལ། ལས་འགུལ་འདི་ཡང་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ཏུ་གྱུར་པ་རེད། དུས་དེ་ནས་ཡང་ཅིན་ལིས་དང་བློ་བཟང་སེང་གེ་ལགས་གཉིས་ནི་བློ་མཐུན་གྱི་གྲོགས་པོར་གྱུར་པ་རེད།

དེའི་རྗེས་སུ། བློ་བཟང་སེང་གེ་ལགས་ཀྱིས་བོད་རྒྱ་འབྲེལ་ལམ་གྱི་ལས་འགུལ་ག་དུས་སྤེལ་ནའང་། ཡང་ཅིན་ལིས་རྒྱུན་དུ་འཛུལ་བཞུགས་གནང་གི་ཡོད། ཕྱོགས་མཚུངས་སུ། ཡང་ཅིན་ལིས་ཀྱིས་བོད་རྒྱ་བགྲོ་གླེང་དང་འབྲེལ་མཐུད་ཀྱི་ལས་འགུལ་ག་དུས་སྤེལ་ནའང་། བློ་བཟང་སེང་གེ་ལགས་ཀྱིས་མཐུན་རྐྱེན་རོགས་རམ་དང་འཛུལ་བཞུགས་བྱེད་ཀྱི་ཡོད། བློ་བཟང་སེང་གེ་ལགས་ནི་གུ་ཡངས་ཅན་ཞིག་ཡིན་པ་དང་རྒྱུན་དུ་གྲོགས་པོ་མང་པོ་ནང་ལ་མགྲོན་དུ་འབོད་པ་རེད། ཡང་ཅིན་ལིས་ཀྱང་མགྲོན་པོའི་ཁོངས་སུ་ཡོད། བློ་བཟང་སེང་གེས་རང་ཉིད་དང་ལྟ་བ་མཐུན་ཞིང་རྒྱུན་དུ་གྲོགས་འབྲེལ་བཟང་བའི་གྲོགས་པོ་ངོ་ཤེས་སོགས་སྐད་གཏོང་པ་མ་ཟད། རྒྱུན་དུ་སོ་སོ་དང་ལྟ་བ་ཐ་དད་ཡིན་པ་དང་ཁ་རྩོད་བྱེད་པའི་མི་དེ་ཚོའང་སྐད་གཏོང་གི་ཡོད། ཡང་ཅིན་ལིས་ཀྱིས་“བློ་བཟང་སེང་གེའི་བཟའ་ཟླ་རྒྱ་མི་ལ་མི་དགའ་བས། ང་རང་ཁོང་ཚོའི་ནང་ལ་འགྲོ་དུས། ཁོང་གི་བཟའ་ཟླས་ང་ལ་ལྷ་མཐོ་ན་འཚམས་འདྲི་ཞིག་བྱེད་པ་ལས། སོ་སོས་ཞལ་ལག་བཟོས་པ་དང་། ང་ཚོ་མཉམ་དུ་ཞལ་ལག་མཆོད་པ་དང་སྐད་ཆ་བཤད་སྲོལ་མེད”ཅེས་གསུངས།

༢༠༠༠ལོར། ཡང་ཅིན་ལིས་ཀྱིས་ལོ་འཁོར་“རིགས་མང་གཞོན་ནུའི་དབུ་ཁྲིད་ཟབ་སྦྱོང་”གོ་སྒྲིག་ཞུས་པ་དང་། སྐབས་དེར་ཡུལ་ལུང་འདྲ་མིན་ནས་ཕེབས་བའི་གཞོན་ནུའི་དབུ་ཁྲིད་ཚོས་མཉམ་དུ་སྤྱི་མང་གིས་དོ་སྣང་ཆེ་བའི་གླེང་གཞི་དང་། མི་རིགས་ཕན་ཚུན་རྒྱུས་ལོན་དང་མཛའ་འདྲེས་ཡོང་པར་བགྲོ་གླེང་སྣ་ཚོགས་བྱེད་ཀྱི་ཡོད། བློ་བཟང་སེང་གེ་ལགས་ཐེངས་བཞི་ལ་ལས་འགུལ་དེར་འཛུལ་ཞུགས་བྱས་ཡོད། ༢༠༠༢ལོར་ཡང་ཅིན་ལིས་རྒྱ་ནག་ལ་ལོག་ནས་བཟོ་པ་ཚོ་དང་མཉམ་དུ་རྒྱ་ནག་ལ་ཞི་བའི་ངོ་རྒོལ་བྱས་པར་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དང་། དེ་ནས་བློ་བཟང་སེང་གེ་གཉིས་ཀྱི་འབྲེལ་ལམ་ཡུན་ཙམ་རིང་ཆད་པ་རེད། ཁོང་ཉིད་གློད་གྲོལ་བྱུང་རྗེས། ཡང་ཅིན་ལིས་ཀྱིས་འདས་པའི་ལོ་ཟླའི་རིང་བློ་བཟང་སེང་གེ་ལགས་ཀྱིས་ཁོང་ལ་ཐུགས་ཁྲལ་གནང་པ་མཁྱེན་པ་དང་ཁོང་ཉིད་སླར་ཡང་མཉམ་འཛོམས་བྱུང་པ་དང་རྒྱུན་དུ་མུ་མཐུད་གྲོགས་འབྲེལ་བྱུང་པ་རེད། རྗེས་སུ་བློ་བཟང་སེང་གེ་ལགས་ཀྱིས་བཀའ་བློན་ཁྲི་པའི་འོས་བསྡུར་ནང་ཞུགས་རྒྱུའི་བློ་ཐག་བཅད་ནས་རྡ་རམ་ས་ལ་སོང་ནས་ལོ་གཉིས་ཙམ་བཞུགས་པ་རེད། ཕྱིས་སུ་ཁོང་གཉིས་སླར་ཡང་ཐུག་ཕྲད་བྱུང་དུས། བློ་བཟང་སེང་གེ་ལགས་ནི་འོས་འགན་ལྕི་ཞིང་ཆེ་མཐོང་ལྡན་པའི་བོད་ཀྱི་བཀའ་བློན་ཁྲི་པར་གྱུར་ཡོད།

ཡང་ཅིན་ལིས་ཀྱིས་<<དོན་རྐྱེན་ཆེན་པོ>>ལ་དཔྱད་བརྗོད་དུ་འདི་ལྟར་གསུངས། “ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་མངའ་ཁོངས་ནས་རྒས་ཡོལ་གནང་ཚར་ནའང་། འཛམ་གླིང་མི་མང་དང་སྲིད་གཞུང་གི་ད་དུང་ཡང་ཁོང་ཉིད་གཙོ་འཛིན་གྱིས་བོད་དོན་ཐད་དོ་ཁུར་བྱེད་རྒྱུ་ཡིན་པས། ཏཱ་ལའི་བླ་མའི་ཤུགས་རྐྱེན་དང་ཆེ་མཐོང་སོགས་ཁྱབ་ཆུང་དུ་འགྲོ་མི་སྲིད་པ་དང་། དུས་མཉམ་དུ་ཏཱ་ལའི་བླ་མས་དལ་གྱིས་ཁོར་ཡུག་གསར་སྐྲུན་ཐོག་རྒྱུན་སྲོལ་དང་མི་འདྲ་བའི་དཔོན་རིགས་གསོ་སྐྱོང་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་དཔོན་རིགས་འདི་ཚོས་གལ་གནད་ཆེ་བའི་བྱ་བ་སྒྲུབ་ཐུབ་རྒྱུ་ཡིན་ལ། འདི་ནི་ཏཱ་ལའི་བླ་མས་གཟིགས་འདོད་པའི་བྱ་བ་ཞིག་ཀྱང་ལོས་ཡིན་”ཞེས་གསུངས།

ཡང་ཅིན་ལིས་ཀྱིས་“ལོ་ངོ་བཅུའི་རིང་། ཏཱ་ལའི་བླ་མས་ཆོས་སྲིད་ཟུང་འབྲེལ་གྱི་གནད་དོན་འདིའི་ཐད་ཐུགས་དགོངས་བཞེས་པ་རེད་ལ། རྒྱུ་མཚན་ནི། ཆོས་སྲིད་ཟུང་འབྲེལ་ནི་དེང་སང་དེང་རབས་ཀྱི་མཚོ་རླབས་འཕྱུར་བའི་དགོས་མཁོ་དང་མཐུན་གྱི་མེད་པ་དང་རིན་ཐང་བརླགས་པ་ཞིག་ཡིན་དུས། ཁོང་གིས་ཆོས་ཕྱོགས་སུ་ཀརྨ་པ་ཡིས་མང་སེམས་འགུལ་ཇེ་ཐུབ་བྱེད་པ་དང་། ཆབ་སྲིད་ཀྱི་ཐད་མང་གཙོ་སྒྲོམ་གཞི་སྲ་བརྟན་འཛུགས་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་གསུངས་ལ། ད་དུང་ཁོང་གིས་གལ་གནད་ཀྱིས“མང་གཙོ་ལམ་ལུགས་དེ་ལམ་ལུགས་གཞན་དང་ཁྱད་དུ་འཕགས་པ་ནི། མང་གཙོ་འོས་བསྡུར་གྱིས་མགྱོགས་པོའི་ངང་ཆབ་སྲིད་ཀྱི་སྐུ་དབང་སྐྲུན་ཐུབ་པ་དེ་ཡིན་པ་དང་། མི་དཀྱུས་མ་ཞིག་འོས་བསྡུར་ཐོབ་པ་ཡིན་ན། ལམ་སང་ཁོང་གི་སྐུ་དབང་སྐྲུན་ཐུབ་པ། ཨ་རིའི་སྲིད་འཛིན་ཨོ་པ་མ་ནི་དེའི་དཔེ་མཚོན་ཡག་ཤོས་ཤིག་ཡིན་”ཞེས་གསུངས་སོང་།

ཡང་ཅིན་ལིས་ཀྱིས་<<དོན་རྐྱེན་ཆེན་པོ>>ལ་འདི་ལྟར་“ཏཱ་ལའི་བླ་མའི་རྒས་ཡོལ་དེས་བོད་ཀྱི་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། ཡིན་ནའང་ཁོང་ཚོས་བར་བསྐལ་གྱི་དུས་ཚིགས་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། དེས་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་ལ་མཚོན་ན།ཏཱ་ལའི་བླ་མའི་རྒས་ཡོལ་དེས་སེམས་འཚབ་གསར་པ་ཞིག་བསྐྲུན་ཡོད། རྒྱ་ནག་སྲིད་གཞུང་གིས་མཐོང་མི་འདོད་པ་དང་ངོས་ལེན་མེད་པ་ནི་མང་གཙོ་འོས་བསྡུ་དེ་ཡིན་པ་དང་། གལ་སྲིད་ཏཱ་ལའི་བླ་མས་སྐུ་གཤེགས་སོང་ན། རྒྱ་ནག་གཞུང་གིས་བཀའ་བློན་ཁྲི་པ་དང་གྲོས་མོལ་བྱེད་མིན་གྱི་ཐད་བག་བརྒལ་དུས་ཡུན་ཞིག་ཡོང་རྒྱུ་ཡིན་པ་རེད། ནམ་ཞིག་རྒྱ་ནག་གིས་གནད་དོན་གསར་པ་འདི་དང་ལེན་བྱུང་ན། རྒྱ་ནག་གི་རིན་ཐང་གསར་པ་འདི་ངོས་ལེན་ཐུབ་པ་སྟོན་ཡོད།”ཅེས་གསུངས་སོང་།

ཡང་ཅིན་ལིས་གྱིས་མ་འོངས་པར་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལགས་ཀྱིས་ཏཱ་ལའི་བླ་མའི་དབུ་མའི་ལམ་འདི་རྒྱུན་འཁྱོངས་གནང་པར་ཡིད་ཆེས་ཡོད་ལ། “འདི་ལྟར་དེང་རབས་ཅན་གྱི་མི་རབས་གསར་པ་དང་། སེར་མོ་བ་མིན་པའི་ཕུལ་བྱུང་གཞོན་སྐྱེས་དབུ་ཁྲིད་འདི་ཉིད་རྒྱ་ཆེན་བོད་རིགས་ཚོས་གདེང་འཇོག་ཐུབ་པ་དང་ཡིད་ཆེས་ཐུབ་པ། ད་དུང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཀྱི་གཟི་བརྗིད་ལྡན་པའི་རང་རྟགས་སྟེ་གཞོན་སྐྱེའི་ཁྱད་ཆོས་ལྡན་པ། རྒྱལ་སྤྱིའི་ཁྱད་ཆོས་ལྡན་པའི་ཁོར་ཡུག་དེ་རིམ་གྱིས་ཆོས་སྲིད་ཟུང་འབྲེལ་དང་ཁ་བྲལ་པ་དང་། སྔོན་གྱུར་ཐུབ་པར་ཡིད་ཆེས་ཡོད་པ་མ་ཟད། ལྷག་པར་ཁོང་གིས་བློ་བཟང་སེང་གེ་ལགས་ལ་རེ་བ་ཆེས་ཆེར་ལྡན་པ་དང་ཁོང་ཉིད་ཀྱིས་རྒྱ་ཆེན་བོད་རིགས་རྣམས་ཁོང་ཚོའི་རེ་འདུན་ཡོངས་སུ་བཀང་ཐུབ་པའི་འོད་ལམ་ཞིག་ཏུ་ཁྲིད་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཡོད་”ཅེས་གསུངས།

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད་ཅིང་། རྩོམ་འདི་གཞན་ལ་བརྒྱུད་འགོད་སོགས་བྱས་མི་ཆོག)


མཆན་བུ་རྫོགས།

མཆན་སྒོ་བརྒྱབ་ཟིན།