བརྩེ་བ་ཀྲོང་ངེར་བཞེངས་ཏེ་རྒྱུ་མཚན་འདྲེན་པ། (ཕྱི་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་པེ་ཀོ་ཨེ་ཡིར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དཔྱད་གསུམ་དག་པའི་ལྟ་བ་ནི་ལུང་གི་རྗེས་སུ་འབྲང་བ་ལས་རྒྱལ་གྱི་རེད་ལ། དངོས་ཡོད་ཀྱི་རྒྱུ་མཚན་ཁག་ནི་གཞན་འདོད་ཁོ་ནར་བསྟུན་ཐབས་མེད་པ་ཞིག་རེད། ཉིན་ཞིག་ཁོང་གི་སྤྲོ་སྣང་གི་བཀྲག་མདངས་འཚེར་བའི་སྤྱན་ཟུང་མཚན་ཉིད་རྩོད་ཀྱིན་པའི་བོད་ཀྱི་སློབ་ཕྲུག་ཅིག་གི་ཕྱོགས་སུ་གཏད་ནས་བརྗོད་དོན། མི་འབོར་ས་ཡ་༥།༧གྱི་ནང་ནས་མང་ཆེ་བ་ཞིག་དད་པ་ཁོ་ནས་རྗེས་སུ་འབྲངས་མཁན་མིན་ཁོ་ཐག་རེད། ང་ཚོས་ཁོང་ཚོར་དད་པ་ཁོ་ནས་རྗེས་སུ་འབྲོངས་ཞེས་རྩོད་པ་རྒྱག་ཐབས་བྲལ་བ་ཞིག་རེད། དངོས་ཡོད་ལག་ལེན་གྱི་ཐོག་ནས་བརྗོད་ན། འགྲོ་བ་མི་རིགས་ཀྱི་མང་ཤོས་ཤིག་དད་པ་མེད་མཁན་རྐྱང་ཡིན་ནའང་སྐྱོན་མི་འདུག། དཀའ་ངལ་ཅིག་ཡོད་པ་ནི་གལ་ཏེ་ཁོང་ཚོས་མི་རིགས་ཀྱི་རིན་ཐང་སྟེ། སྙིང་རྗེ་དང་འགན་ཁུར་གྱི་སེམས་པ་བརླག་པའམ་སྣང་མེད་བྱས་པ་དེ་རེད། དེ་ནི་ང་ཚོའི་སེམས་ཁྲལ་བྱེད་གཞི་རེད། མི་རིགས་ཀྱི་རིན་ཐང་མེད་པའི་སྤྱི་ཚོགས་ཤིག་གང་དུ་ཡོད་ཚེ་བཟའ་ཚང་གཅིག་ཀྱང་བདེ་སྐྱིད་ལྡན་པ་ཞིག་ཡོང་ཐབས་མེད།

ད་དུང་སྦྱངས་འདོད་ཀྱི་སེམས་པས་ཀུན་ནས་བལྟམས་པའི་སློབ་ཕྲུག་དེའི་ཆོས་རྩོད་ཀྱི་རྒྱལ་ཁ་ཐོབ་པའི་ངང་ཚུལ་དེའང་ལས་སླ་བོར་མཐོང་ཐུབ་པ་ཞིག་རེད། ཁོང་གིས་མུ་མཐུད་དུ། “ནང་པའི་ལྟ་གྲུབ་ཏུ། ཐ་ན་སེམས་ཅན་དུད་འགྲོ་དག་ལའང་རང་གི་རྒྱུད་པ་་དང་ང་ཚོ་ལ་བརྩེ་བ་སྟོན་པའི་ནུས་པ་ཡོད་པ་ཞིག་རེད། གལ་སྲིད་ང་ཚོས་ཁྱི་དང་ཞི་མི་ཚོའང་གསོ་སྐྱོང་ཡག་པོ་བྱས་ན་དེའི་ཚོད་ཀྱིས་ཡ་ལན་ཡག་པོ་བྱེད་ཀྱི་རེད། ཡིན་ནའང་། ཁོང་ཚོར་ཆོས་ལུགས་མེད་ལ། དད་པ་ནི་དེ་བས་ཀྱང་མེད།”དེར་བརྟེན། བརྩེ་བ་ནི་དད་པ་ལས་ཀྱང་རྨང་གཞི་ལྟ་བུ་ཡིན་པ་ཤེས་ཐུབ་ཀྱི་འདུག

འོན་ཀྱང་།༸གོང་ས་མཆོག་གི་འོད་སྟོང་ལྡན་ཞིང་བྱིན་རླབས་ཀྱིས་ཕྱུག་པའི་མི་ཚེའི་འགྲུལ་བཞུད་ཁྲོད་ཀྱི་ཆེས་གཏིང་ཟབ་པའི་གྱོང་གུད་ཅིག་ནི། འཛམ་གླིང་གང་ས་ནས་སྲིད་འཛིན་དང་སྲིད་བློན་མང་པོ་གྲོགས་སུ་བཀུག་པ་དང་། རྒྱུ་མཚན་ལྡན་པའི་སྒོ་ནས་སྙིང་རྗེ་དང་འགན་ཁུར་གྱི་གལ་ཆེན་རང་བཞིན་རྩོད་སྒྲུབ་རིགས་པའི་སྒོ་ནས་ཁུངས་སྐྱེལ་བ་དེས་ཁོང་གི་མི་ཚེའི་བརྩོན་དོན་གཅིག་སྟེ། འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དུ་ཕྱིན་པའི་བོད་འབངས་ས་དྲུག་གིས་མི་རབས་གཉིས་ཙམ་ལ་རང་གི་དབུ་ཁྲིད་དང་མཇལ་མ་ཐུབ་པ་དང་། ཁྲི་བཅུ་བཞི་ཙམ་གྱིས་རང་གི་ཕ་ཡུལ་མཐོང་མ་མྱོང་མཁན་ཚོའི་ངོ་བོ་གཅེས་ཉར་དང་སྲུང་སྐྱོབ་བྱེད་ཐུབ་པར་ཕན་ཐོགས་བྱུང་མེད་པ་དེ་རེད། ཁོང་དུས་རྒྱུན་གནམ་གྲུ་རིམ་པ་དང་པོ་ཞིག་གི་ནང་དུ་གླིང་ཕྲན་ལྔ་ཞབས་ཀྱི་བཅགས་བཞིན་པ་མཐོང་མཁན་ཚོས་ཁོང་གི་སྐུ་འཁོར་ཚོ་ནི་བ་རན་དང་མས་ཆས་གྷན་གྱི་མི་འབོར་ལས་ཉུང་བའི་བོད་འབངས་ཁྲོད་ནས་འདེམས་སྒྲིག་བྱས་ཏེ་ཡོང་པ་དང་། ན་ཚོད་མ་ཟིན་པའི་དུས་སུ་བཙན་བྱོལ་ལ་མ་ཡོང་བའི་སྔོན་དུ་ཕྱིའི་འཛམ་གླིང་གི་སྐོར་མང་པོ་མི་ཤེས་བའི་སློབ་སྟོན་པ་སྐོར་ཞིག་དང་མཉམ་དུ་ཡོད་པ་ཤེས་ཀྱི་མེད།

ངས་སེམས་སུ་ཁོང་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་སྔར་བཞིན་ཁེར་རྐྱང་དུ་ལུས་ཡོད། ཁོང་གི་མི་མང་གིས་ད་དུང་ཡང་ཁོང་ནི་ལྷ་ཞིག་གི་ངོ་བོར་སེམས་ཀྱི་ཡོད་པས། རྒྱ་གར་དུ་སྐྱེས་བའི་བོད་མི་ཚོས་ཁོང་གི་སྐད་བསྒྱུར་བྱེད་རྒྱུར་ངོ་ཚ་ཆེན་པོ་བྱེད། ཁོང་གིས་གང་མགྱོགས་ཅི་མགྱོགས་ཀྱིས་མི་མང་ལ་མང་གཙོ་བསྩལ་བ་དང་། ཁོང་གི་ལྟ་བ་དང་ཕྱོགས་འགལ་བྱས་ཏེ་ཁོང་ལ་མ་ལྟོས་བར་འཆར་གཞི་འདིང་བར་བསྐུལ་ཡང་། མི་མང་གིས་ཁོང་གི་མགོར་མི་གཅིག་དབང་བསྒྱུར་ལམ་ལུགས་ཡར་ལ་འཕེན།ཁོང་གིས་མི་མང་ལ་ཁོང་ཡང་ནོར་འཁྲུལ་ཅན་ཞིག་རེད་ཅེས་གསལ་ཁ་མ་བཟོས་བར་དུ་ཁོང་གིས་གང་གསུང་ལ་ཡིད་ཆེས་བྱེད། དོན་དངོས་འདིས་ཁོང་ནི་ཁོང་གི་རྒྱལ་ཁབ་ཀྱི་སྐྱེ་འཆིའི་ཚད་ཐིག་ལྟ་བུ་ཡིན་པ་གསལ་བཤད་བྱས་པ་ཡིན་པས། བོད་འབངས་ཡོངས་ཀྱི་མདུན་ལམ་འཆི་རྒྱུ་ཡོད་པའི་མི་ཞིག་གིས་ཕྲག་སྟེང་དུ་བབས་ནས་ཡོད།

གནད་དོན་འདིའི་ཐད་ནས་ཁོང་ལ་ཁ་གཏད་གཅོག་པ་དང་། བསླབ་བྱ་བསྐྱོན་པ། ཐ་ན་སྐྱོན་བརྗོད་བྱེད་མཁན་གྱི་ཕྱི་རྒྱལ་བ་མང་པོར་ཐུག་པ་ནི་ཕན་ཐོགས་ཆེན་པོ་རེད། ད་དུང་། ཁོང་ལ་བཟའ་ཚང་ཆེན་པོ་དང་རྣམ་དཔྱོད་ཅན་ཞིག་ཡོད་པ་ནི་ཁོང་གི་བསོད་བདེ་རེད། སྤུན་གཉིས་བླ་མར་ངོས་འཛིན་བྱས་ཡོད། ཁོང་གི་གཅུང་པོ་བསྟན་འཛིན་ཆོས་རྒྱལ་མེག་གྷན་གྱི་རི་ཤོད་དུ་བཞུགས་ཡོད། ཁོང་གི་གཅེན་པོ་ཆུང་བས་(ཁོང་སྐྱ་སར་བབས་ཡོད།)ཐ་ན་༸་གོང་ས་མཆོག་ཀྱང་བོད་དང་བོད་བརྒྱུད་ནང་བསྟན་གྱིས་བསླངས་བའི་རྙོག་གླེང་ལ་སེམས་ཁུར་མི་བྱེད་པ་དང་། བོད་པ་ཚོས་བོད་འདི་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཡིན་ཞེས་འུར་བརྒྱབ་པས་ནུབ་ཕྱོགས་པ་ཚོ་མགོ་བོ་རྨོངས་སུ་བཅུག་ཏེ་བོད་ཀྱི་གནས་བབ་འདི་ཟ་ངེ་ཟང་ངེ་རེད་ཅེས་ཞལ་སངས་པོས་སྐད་ཆ་བཤད།

དབྱིན་ཇིའི་ཁྲིམས་དཔོན་དང་ནང་པའི་ལྟ་གྲུབ་ཀྱི་མཁས་དབང་ཁི་རས་སི་མ་སི་ཧམ་ཕི་རེ་ཡིས་དབྱེ་ཞིབ་བྱས་དོན། “བོད་བརྒྱུད་ནང་བསྟན་ནི་ཐུན་མོང་མ་ཡིན་པའི་མཉམ་བསྲེས་ཀྱི་ལྟ་གྲུབ་ཞིག་སྟེ་གསུང་བཀའ་བརྒྱ་མས་གྲུབ་པ་ཞིག་རེད། དེའི་ནང་དུ་སངས་རྒྱས་ཀྱི་གསུང་མཆོག་ཏུ་གྱུར་པ་དང་། སྒྱུ་མ་ངན་སྔགས་ཀྱང་ཡོད། ནང་ཆོས་ཀྱི་སྙིང་བོ་ནི་སྡུག་བསྔལ་དང་སྟོང་ཉིད་ཀྱི་ཡིད་ཆེས་དང། དེ་ལ་སྙིང་རྗེ་སྒོམ་རྒྱུ་གལ་ཆེན་ཡིན་སྐོར་གསུང་ཡོད། འོན་ཀྱང་། འདི་ནི་ཛན་ནང་གི་ཆོས་ཀྱི་དཀའ་ཐུབ་ཀྱི་ཉམས་ལེན་དང་མི་འདྲ་བར། རྣམ་གཙོ་སྨྲ་བ་དང་། གསང་སྔགས་ཀྱི་ཉམས་ལེན་ནང་དུ་ལྷ་སྲུང་ཚོས་དབང་པོ་གཉིས་སྦྱོར་སོགས་འདོད་པའི་ཉམས་ལེན་དང་། རྫུ་འཕྲུལ་ཡང་ཡོད་པས། ཉམས་ལེན་ཡང་དག་མི་བྱེད་པར་མི་ངན་རེའི་ལག་ཏུ་ལྷུང་ན་ཉེན་ཁ་ཆེན་པོ་འདུག”

༸གོང་ས་མཆོག་ནི་ཡི་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་དང་མི་འདྲ་བར་བྱ་དངོས་ཐམས་ཅད་བཏང་སྙོམས་སུ་འཛིན་པ་དང་། མི་གཅིག་དབང་སྒྱུར་གྱི་ལམ་ལུགས་ལ་ཁས་ལེན་མེད། ཁོང་གིས”བོད་དང་ནང་པའི་ཚོགས་སྡེ་ཚོར་དབུས་ཀྱི་དབང་ཆ་ཞིག་ཡོད་པ་མ་རེད། རང་དབང་ཅན་ཤ་སྟག་རེད།”དངོས་དོན་འདིས་ཁོང་ལྟོས་ས་ལྟོས་འཇོག་གི་སྒང་ནས་ནུས་མེད་དུ་བསྒྱུར་ཡོད། ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ་ཧི་མ་ལ་ཡ་ལའི་རི་སུལ་ནས་རང་དབང་ཆེན་པོས་དོགས་སློང་བྱེད་ཆོག་པའི་ལྟ་གྲུབ་ཀྱི་གནད་འགག་རྣམ་ད་ལྟ་འཛམ་གླིང་ཕྱིའི་མདུན་ཤོག་ཏུ་སླེབས་པ་རེད།

ལོ་ངོ་གསུམ་གྱི་ཡར་སྔོན་དུ་རྒྱ་ནག་གི་འདྲེ་ལག་མ་བརྐྱངས་བའི་རྙོག་དྲ་ཞིག་བྱུང་བ་རེད། ༸གོང་ས་མཆོག་གིས་ངོས་འཛིན་བྱས་བའི་རྒྱལ་བ་ཀརྨ་པའི་ཡང་སྲིད་དགུང་ལོ་དྲུག་ཅན་དེ་དང་། སྐུ་ཕྲེང་གོང་མས་ཁྱིམ་ཚང་གི་གྲོགས་པོ་ཚོས་ངོས་འཛིན་བྱས་བའི་ཡང་སྲིད་གཅིག་བཅས་ཐོན་པ་རེད། ནུབ་ཕྱོགས་སུ་སྐད་གྲགས་ཆེ་བའི་བླ་མ་ཁག་གི་ནང་ནས་གཅིག་ཨ་སྒོར་ས་ཡ་བཅུའི་ཆགས་སྲེད་ཀྱི་རྙོག་གླེང་ཞིག་གི་རྐྱེན་པས་ལོ་ངོ་མང་པོར་ཨ་རིར་ཡོང་རྒྱུར་བཀག་པ་རེད། ཕལ་ཆེར་ནུབ་ཕྱོགས་སུ་ཆེས་མཚན་སྙན་རྒྱས་བའི་བླ་མ་དེ་བུད་མེད། ཆང་། ཁོང་གི་གདུག་རྩུབ་ཅན་གྱི་སྐུ་སྲུང་བ་དག་གི་བྱ་སྤྱོད་བཅས་ཀྱི་ངན་ལ་གྲགས་ཡོད། སྤྱི་ཚོགས་ཤིག་གཉན་ནད་རེག་དུག་གི་ཚགས་ལ་བརྒྱབ་པ་རེད། མི་རིང་བའི་སྔོན་ཞིག་ལ་༸་གོང་ས་མཆོག་སྐུ་སྒེར་གྱི་ཡིག་ཚང་གི་ཚོགས་མི་གསུམ་ཉལ་ཁྲིའི་ཐོག་ཏུ་དམར་གསོད་བཏང་བ་དང་། གནོད་ཕོག་མི་དེ་ཚོ་དང་ལག་དམར་བའི་དབར་ནང་འཁྲུག་གི་འཁོན་སེམས་ཡོད་འདུག

༸གོང་ས་མཆོག་གིས་དགུང་ལོ་བཅུ་གཅིག་ནས་གོམ་པ་རིམ་སྤོས་ཀྱིས་འབངས་གྱེན་ལོག་གི་ཉེན་ཁ་སེལ་བ་དང་། འོན་ཀྱང་། ཁོང་དགུང་ལོ་བཅུ་བདུན་ཟིན་སྐབས་དབང་ཆའི་གནད་དོན་དེ་དམིགས་བསལ་གྱིས་ཛ་དྲག་ཆགས་པ་རེད། བོད་རྒྱ་ནག་གི་ལག་ཏུ་ཡོད་པའི་དུས་སྐབས་སུ་༸གོང་ས་མཆོག་གི་ཡང་སྲིད་གསར་བ་ཞིག་ངོས་འཛིན་བྱེད་རྒྱུ་ནི་ཆེས་གནས་བབ་བཟང་ས་ནས་བལྟས་ཀྱང་བློས་མི་ཐོངས་བ་ཞིག་རེད། འོན་ཀྱང་། ལོ་ངོ་གཉིས་ཀྱི་གོང་དུ་པེ་ཅིན་གྱིས་པན་ཆེན་རིན་པོ་ཆེས་ཡང་སྲིད་བཙན་ཁྲིད་བྱས་པ་དང་། ༸གོང་ས་མཆོག་གིས་ངོས་འཛིན་བྱས་པ་དེ་བཙོན་ཁང་དུ་བཅུག་པ་མ་ཟད་། པེ་ཅིན་རང་ངོས་ནས་ཡང་སྲིད་འོས་མི་ཞིག་བདམས་པ་དེས་གནད་དོན་དེ་ལྡབ་འགྱུར་གྱིས་བློ་འཚབ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད།(ལུགས་སྲོལ་ལྟར་ན་པན་ཆེན་རིན་པོ་ཆེ་ནི་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་པའི་ཐོབ་ཐང་ཡོད་མཁན་ཁོ་ན་ཡིན་པས། རྒྱ་ནག་གི་བྱ་སྤྱོད་དེར་༸གོང་ས་མཆོག་གི་ཡང་སྲིད་རྗེས་མ་དེའང་ཁོང་ཚོའི་ལག་འོག་གི་མི་ཞིག་བྱེད་པའི་ངན་ཇུས་བཏང་ཡོད་རྒྱུ་རེད།)

རྒྱ་ནག་གི་ཇུས་ངན་དེར་བོད་པ་ཚོས་ཡ་ལན་སྤྲད་པ་ནི་ཧ་ཅང་ཞིབ་ཚགས་པོ་རེད། ལོ་ངོ་བཅུ་ཙམ་གྱི་སྔོན་ནས་ཁོང་གིས་ང་ལ་དྲན་གསོ་བྱས་དོན། “གལ་སྲིད་ང་མི་ཡུལ་དང་བྲལ་བ་ཡིན་ན། ང་ཚོ་ཕྱི་ལ་ཡོད་པའི་སྐབས་བོད་པ་ཚོར་༸གོང་ས་སྐུ་ཕྲེང་བཅོ་ལྔ་བ་ཞིག་དགོས་ཀྱི་ཡོད་པས། ངའི་ཡང་སྲིད་དེའང་ཕྱི་ལ་འཁྲུངས་ཀྱི་རེད། གང་ལགས་ཤེ་ན།རྒྱུ་མཚན་ཡང་དག་ཡོད། ཡང་སྲིད་ཞེས་བའི་དགོས་དམིགས་གཙོ་བོ་ནི་སྐུ་ཚེ་གོང་མས་འགོ་བཙུགས་པའི་ལས་འགན་མཇུག་སྐྱོང་རྒྱུ་དེ་རེད། གནས་ལུགས་རྒྱུ་མཚན་གྱི་སྟེང་ནས་།༸གོང་ས་སྐུ་ཕྲེང་བཅུ་བཞི་བའི་ཡང་སྲིད་དེ་ལས་འགན་འགྲུབ་པར་འགོག་རྐྱེན་སྤྲོད་མཁན་ཞིག་ཆགས་ཀྱི་མ་རེད། གནད་འགག་ག་རེ་ཡིན་ཡང་། དུས་ཚོད་ངེས་ཅན་ཞིག་ལ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ལམ་ལུགས་ཏེ་མེད་པ་ཆགས་ཀྱི་རེད། འོན་ཀྱང་། འདིས་བོད་བརྒྱུད་ནང་བསྟན་མཚམས་ཆད་པ་དེ་འདྲ་མཚོན་གྱི་མེད། ཡང་སྲིད་ཞེས་བ་འགྲོ་འོང་གི་རྒྱུན་ཆད་གྱི་མ་རེད།”

ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཚོས་གནད་དོན་དེ་འདྲ་ཞིག་ཁས་ལེན་བྱེད་པའི་གྲ་སྒྲིག་དེ་ཙམ་མི་འདུག(ངས་བོད་གཞུང་གི་ལས་བྱེད་ཁག་ཅིག་ལ་༸གོང་ས་སྐུ་ཕྲེང་འདི་བ་ཚང་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་ཐ་མ་ཡིན་སྲིད་ཀྱི་རེད་དམ་ཅེས་དྲིས་ཚེ། ཁོང་ཚོས་དཔེ་མི་སྲིད་པས་ལན་བཏབ།) ཁོང་ཚོའི་གྲས་ཀྱི་མང་པོ་ཞིག་གིས་༸གོང་ས་མཆོག་གིས་རྒྱ་མི་ལ་གུ་ཡངས་བྱེད་པའི་སྲིད་ཇུས་ལ་སེམས་གཏིང་ནས་མོས་མཐུན་བྱེད་ཐུབ་ཀྱི་མི་འདུག (ཁོང་གིས་མོ་ཙེ་ཏུང་ནི་མི་རླབས་ཆེན་ཞིག་ཡིན་པ་དང་། ཁོང་ནི་ཕྱེད་དམར་ཤོག་པ་དང་ཕྱེད་ནང་པ་ཞིག་ཡིན་པ། བོད་ཀྱི་རང་བཙན་གྱི་དགོས་འདུན་དོར་ཏེ་རང་སྐྱོང་གི་ཞི་བདེའི་ས་ཁུལ་ཞིག་སྐྲུན་པའི་འཆར་གཞི་བཏང་ཡོད།) ལོ་ཟླའི་འཁོར་བསྐྱོད་ཁྲོད་དུ་རྒྱ་ནག་གིས་བོད་ལ་དྲག་གནོན་བྱེད་པའི་སྲིད་ཇུས་ཇེ་རྩུབ་དུ་བཏང་སྟེ་བོད་ཅེས་པ་རྩ་སྟོང་དུ་འགྲོ་ཉེའི་དུས་སུ་ཁོང་གིས་འཚེ་མེད་ཞི་བའི་དམ་ཚིག་དང་འགལ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད།

“ཕྱོགས་གཅིག་ནས་ངའི་གནས་བབ་དེ་སྐྱོ་རུ་ཕྱིན་སོང་།གང་ལེགས་ཤེ་ན། བོད་རྒྱའི་གནད་དོན་གྱི་ཐད་ནས་ཡར་རྒྱས་ཅི་ཡང་འགྲོ་ཡི་མི་འདུག ངས་ངོས་ནས་གུ་ཡངས་ཀྱི་ཐབས་ལམ་བསྟན་པ་དང་། གཅོག་ཆ་མང་ཤོས་བྱས་ཀྱང་། རྒྱ་ཕྱོགས་ཇེ་མཁྲེགས་རེད། ན་ནིང་ནས་བཟུང་བོད་ནང་དུ་བཙན་བྱོལ་བོད་མིའི་འགོ་ཁྲིད་ཚོའི་པར་ཚང་མ་བཀག་པ་དང་། གྲྭ་བཙུན་མང་པོ་བཙོན་དུ་བཅུག་ཏེ་ཁོང་ཚོས་ཇི་འདོད་བཞིན་དུ་མནར་གཅོད་ཚད་མེད་གཏོང་གི་འདུག རྒྱལསྤྱིའི་ཁྲིམས་དོན་ལྷན་ཚོགས་ཀྱིས་བོད་ནང་གི་གནས་བབ་འདིར་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ཞེས་མཇུག་སྡོམ་བྱས་ཡོད།” ཁོང་གིས་དེ་ལྟར་གསུངས །ཡིན་ནའང་།༸གོང་ས་མཆོག་གི་ཐུགས་སུ་རྒྱ་ནག་གི་མི་སྒེར་བ་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐོག་སྐད་ཆ་བཤད་དེ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ཁོང་གི་སེམས་སུ་ཉར་ཡོད། (ཁོང་གིས་ཐུགས་སུ་གལ་སྲིད་བོད་རྒྱའི་གནད་དོན་ཐད་ཁོང་གིས་དྲག་སྤྱོད་ཀྱིས་ཐག་གཅོད་བྱེད་ཪེ་བྱས་ཡོད་ན། ཁོང་ཚོས་རྒྱབ་སྐྱོར་བྱེད་རྒྱུ་མ་རེད་སྙམ་གྱི་ཡོད།)འདས་བའི་ཕྱི་ཟླ་བརྒྱད་པའི་ཨ་རིའི་ལོ་སི་ཨན་ཇི་ལི་སི་གྲོང་ཁྱེར་ནས་རྒྱ་རིགས་དད་ལྡན་མང་ཚོགས་ཀྱི་བསྐུལ་ངོར་༸གོང་ས་མཆོག་གིས་ཉིན་གསུམ་རིང་དམིགས་བསལ་གསུང་ཆོས་གནང་ཡོད།

“རྒྱ་ནག་ཁ་བྲལ་བྱེད་རྒྱུ་ནི་ནོར་འཁྲུལ་ཞིག་རེད། རྒྱ་ནག་ལ་མཁོ་བ་ནི་ཕྱིའི་འཛམ་གླིང་རེད་ལ། ཕྱིའི་འཛམ་གླིང་ལའང་རྒྱ་ནག་མཁོ།” ཁོང་གིས་ཤུགས་ཆེན་པོས་གསུངས་ཞོར་དུ་རྒྱ་ནག་གིས་རང་དབང་ཅུང་ཡོད་པའི་བོད་པའི་ཐོག་ནས་ཁེ་མང་པོ་རག་གི་རེད།”གལ་སྲིད་བོད་རྒྱའི་གནད་དོན་དེ་གྲོས་མོལ་བརྒྱུད་སེལ་ཏེ། བོད་པ་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ཏུ་སྐྱིད་པོ་བྱས་ཏེ་བསྡད་པ་ཡིན་ན། དེས་རྒྱ་ནག་མི་འབོར་ས་ཡ་དྲུག་ཅན་གྱི་ཧོང་ཀོང་དང་། མི་འབོར་ས་ཡ་༢༡་ཅན་གྱི་ཐེ་ཝན་གྱི་ཐོག་ལའང་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། ཉིན་ཞག་གཅིག་གི་ནང་དུ་རྒྱ་ནང་གི་སྣང་བརྙན་ལ་འགྱུར་བ་ཐེབས་ཀྱི་རེད།”
གོ་བབ་འདི་ནི་ཁོང་གིས་ངེས་བར་དུ་ཉར་དགོས་པ་ཞིག་རེད། དོགས་པ་རྣམ་རྟོག་ཅན་ཞིག་ཡིན་ན། དེ་ནི་༸གོང་ས་མཆོག་གི་མཁྲེགས་ཤིང་གྱོང་བའི་རེ་བཟང་ཕུགས་བཅོལ་གྱི་གྲུབ་འབྲས་ཞིག་རེད་ཅེས་ལབ་ཀྱི་རེད། ཁོང་ཚོས་རྒྱབ་སྐྱོར་གྱི་ཁ་དབྱིངས་ཏོག་ཙམ་བསྒྲགས་པ་ཙམ་གྱིས་དགའ་དགོས་དོན་མེད། འོན་ཀྱང་།༸གོང་ས་མཆོག་གི་གུ་ཡངས་ཀྱི་སྲིད་ཇུས་ནི་གསང་སྟབས་ཀྱིས་ཁ་ཁ་སོ་སོ་བྱས་པ་ཞིག་མ་རེད། ཁོང་གིས་སྡུག་བསྔལ་གྱི་སྐོར་གསུང་སྐབས། རང་གི་ཕ་ས་གཏོར་བརླག་ཐེབས་པ་དང་། བོད་མི་ས་ཡ་༡།༢ཙམ་དམར་གསོད་བཏང་བ། དགོན་པ་༦༢༥༤་ནང་གི་བཅུ་གསུམ་ཙམ་རྩ་མེད་བཟོས་བ་རེད། ཁོང་གིས་སེམས་ཀྱི་ཞི་བདེ་བརྗོད་སྐབས། རྒྱང་རིང་དུ་ཡོད་པའི་ལམ་འགྲམ་གྱི་འཐབ་རྩོད་པ་དང་། ཁོང་གི་མ་ཡུམ། ཡོངས་འཛིན་རྣམ་པ། ཆུང་དུས་ཀྱི་རྩེད་རོགས་གཅེན་པོ་བློ་བཟང་བསམ་གཏན་བཅས་འཇིག་རྟེན་མི་ཡུལ་དང་ཁ་བྲལ་བ་དེ་རེད། ཁོང་གིས་བཟོད་སྒོམ་གྱི་སྐོར་བརྗོད་ཚེ། ཁོང་ལ་པེ་ཅིན་གྱིས་སྤྱི་ཡོངས་ནས་གྲྭ་ཆས་གྱོན་པའི་སྤྱང་ཀི་ཞེས་འབོད་ཀྱིན་པ་དེ་རེད།

ང་རྡ་ས་དང་ཁ་བྲལ་བའི་སྐྱ་རེངས་དེར་༸གོང་ས་མཆོག་གིས་གྲྭ་མང་གི་སྣེ་ཁྲིད་དེ་ཆུ་ཚོད་གསུམ་ཙམ་གྱི་རིང་གི་འདོན་པ་འདོན་བཞིན་འདུག ཉི་འོད་འཕྲོས་བ་དང་མཉམ་དུ། ངས་སེམས་སུ་༸གོང་ས་མཆོག་ང་ཚོའི་དུས་ཚོད་ཀྱི་མི་རྣམས་ལ་དཔེ་ལེགས་ཀྱི་འཚོ་བ་ཞིག་བསྐྱལ་འདུག་སྙམ་བྱུང་། སོ་ནམ་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་རུ་འཁྲུངས་ཤིང་། བཙན་བྱོལ་གྱི་ལོ་ཟླ་གདུང་གིས་བསུས་ནས་འཛམ་གླིང་ཞབས་ཀྱིས་བཅག་པ་དང་། ལྷག་པར་དུ། རྒྱ་ཁྱབ་བརྒྱུད་ལམ་ཁག་ཏུ་གསུང་བཤད་དང་ལན་འདེབས་གནང་བ། ནུབ་བདེ་པ་ཅན་གྱི་ཞིང་ཁམས་ཞེས་འབོད་པའི་རིག་གཞུང་དང་འབྲེལ་བའི་སྐྱེས་བུ་འདིས་ད་ལྟ་ཕྱོགས་གཅིག་ནས་མེ་སྒྱོགས་ལ་ཁ་གཏད་དང་། ཕྱོགས་གཞན་ཞིག་ནས་ལྷ་སའི་གྲོང་ཁྱེར་ནི་སྤྲོ་གསེང་གཏོང་སའི་འགྲུལ་ཁང་། ཚོང་བྲིན་པའི་ལྗེ་པེ་ཌིར་མན་གྱི་གྱི་དཔེ་གསར་གྱོན་ཆས་ཁང་དག་གིས་ཁེངས་བ། བོད་ཀྱི་ནང་བསྟན་ཆོས་ལུགས་དར་འགོ་ཚུགས་པའི་གནད་དོན་འདི་རིགས་ཀྱིས་གནས་སྐབས་གནའ་བོའི་རྙོག་འཛིང་ཅན་གྱི་ལྟ་གྲུབ་ཀྱི་མགྲིན་ཚབ་པ་ཁོང་མཉན་སྡེབ་གླུ་དབྱངས་ཀྱི་རིག་རྩལ་དགོང་ཚོགས་ར་བའི་ནང་ནས་སྐྱེ་རྒྱུན་འགོག་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་འཛིན་གྱི་སྐྱེ་བོ་ཡིན་པའི་སྐོར་གྱི་དྲི་བ་དག་ལ་ལན་འདེབས་མི་བྱེད་མཐུ་མེད་ཆགས་ཀྱི་ཡོད།

ད་དུང་དུས་རབས་ཉེར་གཅིག་པའི་བོད་ཀྱི་གནས་བབ་ཀྱི་གབ་ཚིག་རང་བཞིན་དེ་༸གོང་ས་མཆོག་གིས་ཐག་གཅོད་ཀྱི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་སྟོན་གྱི་འདུག བོད་ཀྱི་བྱ་དཀའ་བའི་གནད་དོན་གྱི་ཐད་ནས་ཁོང་གིས་སྦྱོང་བརྡར་ཐེབས་པའི་སྨྲ་ལྕེ་ཡིས་རྒྱུ་མཚན་ཁག་ཆུ་རྒྱུག་རྒྱུག་གསུངས་བྱུང་། བོད་ཞེས་པ་འདི་ནི་མི་ཌར་ལྔ་ཙམ་ཡོད་པའི་གངས་རིའི་རྒྱབ་ཏུ་སྦས་བའི་རིག་གཞུང་ཞིག་མིན་པར། སྐྱེ་ཁམས་གནད་དོན་ཞིག་རེད་ལ། (གང་ལེགས་ཞེ་ན།ཆུ་མོ་གངྒ་དང་།རྟ་མཆོག་ཁ་འབབ།རྒྱལ་མོ་རྔུལ་ཆུ།འབྲི་ཆུ་བཅས་ཀྱི་མགོ་ཁུངས་བོད་དུ་ཡོད་པས་རེད།)ཐོན་ཁུངས་ཀྱི་གནད་དོན་ཞིག་ཀྱང་རེད། (རྒྱ་ནག་གཞུང་གིས་ཡིག་ཆ་ལྟར་ན།བོད་ནང་གཏེར་ཁ་རིགས་༡༦༦་ནང་༡༦༧་བར་ཡོད།)བོད་དོན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཞིག་དང་། ཉེན་ཁའི་ནང་དུ་ཚུད་པའི་རིག་གཞུང་ཞིག། རྒྱ་གར་ནག་གཉིས་དབར་གྱི་ཞི་བའི་བསྟི་གནས་ཤིག་ཀྱང་རེད།

༸གོང་ས་མཆོག་གིས་སྨྱོན་བའི་རང་བཞིན་ཅན་གྱི་ད་ལྟའི་དུས་རབས་ལ་རྒྱབ་མ་གཏད་པར་། ནུས་ཤུགས་མང་པོ་མཉམ་དུ་སྤུངས་ཏེ་བློ་གཅིག་སེམས་གཅིག་གིས་དཀའ་ལས་བསྐྱོན་བཞིན་པ་འདི་ནི་ང་ཚོའི་སྣང་ངོར་བར་འདུམ་བྱས་པ་ལྟ་བུ་ཞིག་མཐོང་གི་རེད། འདི་ནི་འཛམ་གླིང་འདིར་སྐོར་བ་རྒྱག་སྟངས་ལོགས་ཀ་ཞིག་རེད། (ཧོ་ལིས་བོ་ཌིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་རས་ཆ་ཌི་སྒིར་གྱིས་སེམས་འགུལ་ཆེན་པོས་ང་ཚོ་ནི་རྣམ་དཔྱོད་རྟུལ་བའི་མི་རྐྱང་རྐྱང་རེད། ང་ཚོར་ཁོང་གི་རོགས་རམ་མཁོ།)གལ་ཏེ་ཁོང་གི་མཛད་པའི་ཆ་ཤས་ཤིག་གིས་ང་ཚོར་གྲྭ་བ་ཚོ་ནི་འཁོར་བ་དང་གཏན་བྲལ་བྱས་བའི་རི་ཁྲོད་པ་དེ་འདྲ་ཡོང་མི་ཐུབ་པ་དང་། ཕྱོགས་གཞན་ཞིག་གིས་ཆབ་སྲིད་པ་ཚོས་གདུག་རྩུབ་ཆེ་བའི་ངན་ཇུས་བཤམས་མཁན་རེ་ཆགས་ན་འགྲིག་ཐབས་མེད། ཁོང་གིས་ཡང་དང་བསྐྱར་དུ་སྙིང་རྗེས་གཅིག་པུས་རྒྱུ་མཚན་ཡང་དག་ཅིག་དྲངས་ཡོང་གི་རེད་ཅེས་གསུངས།

གལ་སྲིད་༸གོང་ས་མཆོག་དོན་ཐོག་མི་འཁྱོལ་མཁན་ཞིག་ཡིན་ན། ཁོང་སྣང་མེད་དུ་གཏོང་རྒྱུ་ལས་སླ་བོ་རེད། དངོས་ཡོད་ཐོག་ཁོང་ནི་དོ་སྣང་ཆེ་ཞིང་། རང་ཚུགས་བརྟན་པ། དངོས་ཡོད་ལག་ལེན་ལ་དགའ་ཞིང་ཁོང་གི་གྲོགས་པོ་ཌི་སི་མོན་ཌི་ཌོས་ཌོས་(Desmond Tutu)དང་བེ་ཁི་བི་ཧ་བིལ་(Vaclav Havel)གཉིས་ཀྱི་མཛད་རྗེས་ལ་རྒྱབ་རྟེན་བྱས་ཏེ་རེ་བཟང་ཕུགས་བཅོལ་བྱེད་མཁན་ཞིག་རེད། དངོས་ཡོད་ཐོག་ཧ་བིལ་ནི་༸གོང་ས་མཆོག་གི་མཛད་པ་ལ་ངོས་འཛིན་བྱེད་མཁན་གྱི་གཞུང་འཛིན་མི་སྣ་དང་པོ་དེ་རེད། ཁོང་གོ་སར་འཛེགས་པའི་ཆུ་ཚོད་༡༣་གྱི་ནང་དུ་སྲིད་སྐྱོང་མི་སྣའི་ཆེ་ཐོབ་དེ་ལྟ་བུའི་མགྲིན་ཚབ་པ་ནུས་སྟོབས་ཅན་ཞིག་ཆགས་པ་རེད། ཧ་བལ་གྱིས་ཆབ་སྲིད་པ་འདུ་ཤེས་ཅན་ཞིག་བྱེད་པ་ལ་ཆབ་སྲིད་རིག་པའི་སློབ་ཐོན་ལག་འཁྱེར་དང་ལོ་ངོ་མང་པོར་བྱ་སྤྱོད་མགོ་གཉིས་འཁྲབ་པའི་སྦྱོང་བརྡར་དགོས་དོན་མེད། དེ་ལས་ལྡོག་སྟེ། གྲོགས་པོའི་འདུ་ཤེས་ལྡན་པ་དང་། མི་གཞན་ལ་སྐད་ཆ་བཤད་ཐུབ་པ། དཀའ་ངལ་གཅིག་པུ་རྟོགས་པ་མིན་པར་མི་གཤིས་ལ་བརྟག་པའི་ནང་སེམས་ཀྱི་རིག་སྟོབས་ལྡན་དགོས་བ། མི་གཞན་ལ་འབྲེལ་བ་བྱེད་པའི་ནུས་པ་ཡོད་པ། བྱ་དངོས་ཐམས་ཅད་བཏང་སྙོམས་ཀྱི་སྒང་ལ་འཇོག་ཐུབ་པ་ཞིག་ཡོད་ན་འགྲིག་ཅེས་བྲིས་ཡོད། གནས་ཚུལ་འདི་དག་གི་ཐད་ནས་ཇེ་ཁི་སྲིད་འཛིན་གྱིས་བོད་ཀྱི་རྣམ་དཔྱོད་འབར་བའི་ཆུ་ཚོད་བཟོ་བཅོས་བྱེད་མཁན་དང་། ཕུག་རོན་ནད་པ་དྲག་སྐྱེད་གཏོང་མཁན། ཧྲུག་ཆག་ཏུ་སོང་བའི་དངོས་པོ་དག་སླར་ཡང་ངོ་བོ་གཅིག་ཏུ་བསྐྲུན་མཁན་གྱི་ཚན་རིག་པ་དེ་སེམས་ལ་དམ་པོར་བཅིངས་ཡོད་འདུག

མཇུག་རྫོགས།

(པེ་ཁོ་ཨ་ཡིར་ནི་དབྱིན་ལན་དུ་འཁྲུངས་བའི་རྟོགས་སྒྲུང་དང་དངོས་སྒྲུང་གཉིས་འབྲི་མཁན་གྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན། ཁོང་གི་བརྩམས་ཆོས་ལ་ ” བུད་མེད་དང་བཙུན་པ།”དང་ ” འཇིག་རྟེན་གྱི་རྣམ་ཤེས་” སོགས་ཡོད་ལ། ད་དུང་༸གོང་ས་མཆོག་གི་སྐོར་ལ་བྲིས་བའི་དཔེ་དེབ་ ” ཡངས་བའི་ལམ་” ཟེར་བ་ཞིག་ཀྱང་ཡོད། ཁོང་ནི་༸གོང་ས་མཆོག་གི་བློས་ཐུབ་ཀྱི་གྲོགས་པ་ཞིག་ཀྱང་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བརྩེ་བ་ཀྲོང་ངེར་བཞེངས་ཏེ་རྒྱུ་མཚན་འདྲེན་པ། (ཕྱི་མ)

  1. ཀླུ་སྨྱོན་ཁྲག་འཐུང་གླིང་པ་ ནས།

    འབུམ་བཅུ་བཞི་མ་རེད་ཁྲི་བཅུ་བཞི་རེད། མ་ཡིག་གི་སྐྱོན་ཡིན་ནམ་སྒྱུར་མཁན་གྱི་སྐྱོན་ཡིན།

  2. ཀླུ་སྨྱོན་ལགས་ནས་ནོར་བཅོས་གནང་བར་བཀའ་དྲིན་ཆེ། ང་ཚོ་ནོར་འདུག
    དེ་ལྟར་བཅོས་ཡོད།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

Write a Reply or Comment

Your email address will not be published. Required fields are marked *

*