རྒྱལ་ལོ་དོན་གྲུབ། (བཅར་འདྲི་ལས་ཟུར་འདོན་བྱས།)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(ངས་ཁོང་ཚོ་གཉིད་སད་པར་རེ་བ་རྒྱག་གིན་ཡོད་ལ། དུས་ཚོད་ཅིག་ཏན་ཏན་སླེབས་ངེས་རེད།)

རྒྱལ་ལོ་དོན་གྲུབ་མཆོག་གིས་ཁོང་གི་བོད་དེང་རབས་ཅན་གྱི་འགན་འཁྲིའི་དུས་རབས་གསར་ཚེས་ཀྱི་སྐོར་དང་པེ་ཅིན་དང་ཁོང་གི་གཅུང་པོ་ཏཱ་ལའི་བླ་མ་གཉིས་དབར་གྱི་སེར་ཁ་ཆེན་པོ་དེ་བསུབ་ཐབས་ལ་ལོ་ངོ་མང་པོའི་རིང་འབད་འབུངས་གནང་པའི་སྐོར་བཅས་ལ་དམིགས་བསལ་གྱི་བཅར་འདྲི་རབ་དང་རིམ་པར་དང་ལེན་གནང་ཡོད། ལྕགས་རིའི་ཁྲོམ་ལམ་དུས་དེབ་(The Wall Street Journal) ནང་བོད་པ་ཚོས་གོ་མཚོན་ཐོགས་ཏེ་རྒྱ་ནག་གི་སྲིད་ཇུས་འགོག་རྒོལ་གོ་སྒྲིག་ཐད་ཀྱི་ཁོང་གི་གནས་བབ་རྩོམ་སྒྲིག་གིས་ཤོག་ལྷེ་གཅིག་ཅན་གྱི་རྩོམ་ཡིག་གཅིག་སྤེལ་བའི་བདུན་ཕྲག་མང་པོའི་རྗེས་སུ། དགུང་ལོ་བརྒྱད་ཅུ་ལ་སོན་པའི་སྐུ་ཞབས་དོན་གྲུབ་ཀྱིས་སྐད་ཆ་བཤད་རྒྱུར་མོས་མཐུན་གནང་པ་རེད། ཁོང་གིས་གསར་འགོད་པ་ཞིག་ལོ་ངོ་མང་པོའི་སྔོན་ལ་སན་ ཧྥི་རན་སི་སུ་གོ་(San Francisco)རུ་ཕེབས་ཐེངས་ཤིག་ལ་ཨ་སྒོར་༢༠༠འཁྱེར་ཡོང་ནས་བཟོ་ལས་བཀོད་སྒྲིག་བྱས་པའི་རྒྱ་གར་ཧི་མ་ལ་ཡའི་རི་འདབས་ཀྱི་གྲོང་གསེབ་ཅིག་གི་ཁོང་གི་ཁྱིམ་དུ་གདན་དྲངས་ཏེ་ཁོང་གི་རྒྱ་ནག་དང་མཉམ་འབྲེལ་གྱི་དྲན་ཐོ་ཁག་གླེང་འགོ་བཙུགས་པ་རེད།

སྤྱི་ལོ་༡༩༤༠སྟོད་དུ་བོད་ཀྱི་རྒྱལ་ཚབ་ཆེ་གེ་མོ་ཞིག་གིས་མངགས་གཏོང་བཞིན་རྒྱ་ནག་མི་སེར་སྲིད་གཞུང་གི་རྒྱལ་ས་རུ་རྒྱ་ནག་གི་ལོ་རྒྱུས་དང་སྐད་ཡིག་སློབ་སྦྱོང་བྱ་བར་འབྱོར་བའི་སྐོར།
ལོ་བཅུ་བཞིའི་ཐོག་ང་ནན་ཅིན་ལ་སློབ་སྦྱོང་བྱེད་དུ་ཕྱིན་པ་རེད། རྒྱ་མི་དཀྱུས་མ་དེ་ཚོས་ང་གང་ནས་ཡོང་མིན་སྐོར་དྲིས་སོང་། ངས་ཁོང་ཚོར་ང་བོད་ནས་ཡོང་བ་ཡིན་ལབ་པ་ཡིན་ཏེ། ཁོང་ཚོ་ང་ལ་ཅེར་ནས་་་་་་བོད། དེ་གང་ཞིག་རེད་དམ་ཟེར་གི

རྒྱ་ནག་མི་སེར་གྱི་འགོ་ཁྲིད་ཆང་ཀེ་ཤེག་(Chiang Kai-shek)དང་གྲོགས་སྒྲིག་པའི་སྐོར།
ང་ཁོང་གི་ཁྱིམ་ལ་དགོང་ཟས་བཟའ་བར་སོང་བ་ཡིན། ཁོང་གིས་ང་ལ་ངེས་བར་དུ་རྒྱ་ནག་གི་སྐོར་སྦྱོང་དགོས་རེད། རྒྱལ་བ་རིན་པོ་ཆེས་འགན་འཁྱེར་བའི་སྐབས་དེར་ང་ཧ་ཅང་གལ་ཆེན་པོ་རེད་ལབ་སོང་ལ། ཁོང་གིས་རྒྱ་ནག་གཞུང་ལ་བོད་པ་ཚོ་ཕྱི་རྒྱལ་བ་ཚོར་བཀོལ་སྤྱོད་བྱེད་དུ་འཇུག་འདོད་མི་འདུག་ཀྱང་གསུངས་སོང་། ཁོང་ནི་མི་ཧ་ཅང་སྟབས་བདེ་དང་དྲང་ཚུགས་ཅན་ཞིག་ཡིན། སྤྱི་ལོ་༡༩༤༩ལོར་རྒྱ་ནག་གི་དམར་ཤོག་ཚོགས་པས་སྲིད་དབང་བཟུང་རྗེས་བོད་ནང་ལ་ཕྱིར་ལོག་པ། དམག་མི་ཚོས་ཨ་རིའི་སོ་པ་དག་གཏོར་དགོས་པ་རེད། བོད་པའི་སྲིད་ཚབ་གཉིས་ལ་ཨ་རིའི་གསང་མྱུལ་བྱས་ཚུལ་གྱི་ཁག་གཡོགས་བྱས་སོང་། ངས་དམག་མིའི་འགོ་བ་ཚོར་སྲིད་ཚབ་གཉིས་ཧ་ཅང་དྲང་པོ་ཡིན་པ་དང་། ཁོང་ཚོ་ཨ་རི་ལ་གཏན་ནས་ཕེབས་མྱོང་མེད་པ། ཁོང་ཚོ་ཨ་རི་ལ་འགྲོ་འདོད་ཀྱང་མེད་པ་དང་། ཁོང་ཚོས་ས་ཁྲ་ཞིག་གི་སྟེང་ནས་ཨ་རི་གང་དུ་ཡོད་མེད་ཀྱང་མི་ཤེས་ཚུལ་ལབ་པ་ཡིན། ངས་རྒྱ་ནག་གཞུང་ལ་ནོར་འཁྲུལ་ཅན་གྱི་ཉེས་འཛུགས་དེ་དག་མ་གནང་རོགས། དེ་ཡིས་མཐོང་སྣང་མི་ལེགས་པ་ཞིག་བཟོ་བ་དང་མི་མང་རྒྱ་ནག་གི་ཁ་གཏད་དུ་འདེད་ཀྱིན་འདུག་པའི་རེ་སྐུལ་ཞུས་པ་ཡིན།

ཕྱིས་སུ་སྤྱི་ལོ་༡༩༥༠སྟོད་དུ་ཁོང་བོད་ནས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་རྒྱུ་རྐྱེན་སྐོར།

ང་ང་ཚོའི་མི་མང་ལ་ཁ་གཏད་བྱེད་པ་དང་ང་རང་གི་རྣམ་དཔྱོད་ལ་ཁ་གཏད་བྱེད་པ་དང་ལག་སྦྲེལ་བྱེད་མཁན་ཞིག་ཆགས་ཐུབ་མ་སོང་།

དབུས་གསང་བའི་ལས་ཁུངས་ལ་འབྲེལ་མཐུད་དང་སྤྱི་ལོ་༡༩༥༠སྨད་ནས་བཟུང་སྟེ་དེ་དག་གི་རོགས་སྐྱོར་བོད་ནང་འགོག་རྒོལ་དམག་ཤུགས་ཀྱི་ཆེད་དུ་གོ་སྒྲིག་བྱེད་རོགས་གནང་བའི་སྐོར།

ངས་དབུས་གསང་བའི་ལས་ཁུངས་ལ་དམག་གི་རོགས་རམ་ནམ་ཡང་ཞུས་མེད། ངས་ཆབ་སྲིད་ཀྱི་རོགས་རམ་ཞུས་པ་ཡིན། ངས་འུར་ཟིང་ཆུང་ཆུང་བསླང་ཕྱིར་བོད་ཀྱི་གནས་བབ་མི་མང་ནང་ཡོངས་གྲགས་བྱེད་འདོད་ཡོད། ཨ་རིའི་མི་དེ་ཚོས་བོད་དེ་རང་བཙན་གྱི་ཡུལ་ལུང་ཞིག་བྱེད་པར་རོགས་བྱ་རྒྱུའི་ཁས་ལེན་བྱས་ཡོད་མོད། ཁས་ལེན་དེ་དག་ཚང་མ་ཤོར་སོང་བ་རེད།

དབུས་གསང་བའི་ལས་ཁུངས་དང་མཉམ་འབྲེལ་མཇུག་སྒྲིལ་རྗེས་ཀྱི་ཚོར་སྣང་སྐོར།(༡༩༦༠སྨད།)

ཨ་རིར་བོད་ལ་རོགས་རམ་བྱེད་འདོད་ཡོད་མ་རེད། ཁོང་ཚོར་རྒྱ་ནག་ལ་དཀའ་ངལ་ཙམ་བཟོ་འདོད་ཡོད་རེད། ཁོང་ཚོར་བོད་ཀྱི་ཆེད་དུ་ཕུགས་རྒྱང་རིང་པོའི་སྲིད་ཇུས་ཡོད་པ་མ་རེད། ང་ལ་འདིའི་ཆེད་དུ་སྦྱོང་བརྡར་ཡང་སྤྲད་མེད།(གསང་བའི་ལས་འགུལ།) ང་ཚོས་སྟོབས་ཤུགས་འགྲན་པའི་སྲིད་ཇུས་དག་གི་སྐོར་ཤེས་ཀྱི་ཡོད་པ་མ་རེད།

དབུས་གསང་བའི་ལས་ཁུངས་ཀྱི་ལས་འགུལ་ཁྲོད་ཀྱི་༧གོང་ས་མཆོག་གི་གནས་བབ་སྐོར།

ངས་༸གོང་ས་མཆོག་སྐུ་སྒེར་ངོས་ནས་ནམ་ཡང་འདིའི་ཁྲོད་འཚུད་དུ་བཅུག་མེད་ལ། ༸གོང་ས་མཆོག་གིས་ཁོང་རྒྱ་གར་ལ་མ་འབྱོར་(༡༩༥༩ནང་།)བར་དུ་དེའི་སྐོར་(དབུས་གསང་བའི་ལས་ཁུངས་ཀྱི་ལས་འགུལ)མཁྱེན་མེད། ངས་ནམ་ཡང་ང་རང་གི་ལས་ཀའི་ཁྲོད་དུ་ནང་མི་ཚོ་འཚུད་ཐབས་བྱས་མེད།

ཁེ་བྷི་ཇི་(K.B.G)ཡི་མགོ་ཁྲིད་ཅིག་དང་ལྷན་དུ་བོད་ནང་ཨ་རིའི་མི་དེ་ཚོ་ལས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལྷན་དུ་ལས་ཀ་བྱེད་པའི་གླེང་མོལ་བྱས་པའི་སྐོར།

ཁོས་ང་ལ་ཁྱེད་རང་རྦད་དེ་ནག་ཁུང་དུ་འཚུད་འདུག ཅུང་མ་འགོར་བར་ཁྱེད་རང་སོ་སོས་མ་ཤེས་པར་བཙོང་ངེས་རེད། གལ་སྲིད་ང་ཚོས་རོགས་བྱེད་རྒྱུ་ཁས་བླང་ཚེ་ང་ཚོས་རོགས་བྱ་ཤག་ཤག་ཡིན་ཟེར། ངས་ཁོང་ཚོར་ཁོ་རང་ཚོའི་དབྱིངས་དང་ཨ་རིའི་མི་དེ་ཚོར་ཨུ་རུ་སུ་ཡིས་རོགས་བྱེད་རྒྱུ་བྱས་སྐོར་བརྗོད་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། དབུས་གསང་བའི་ལས་ཁུངས་ཧང་སང་ཡོད་པ་རེད་དེ་ཁོང་ཚོ་ཁུ་སིམ་མེར་བསྡད་སོང་།
བོད་དམག་གི་འགོག་རྒོལ་ལ་དབུས་གསང་བའི་ལས་ཁུངས་ཀྱིས་རོགས་རམ་བྱས་པའི་སྐོར་ཕྱིར་དྲན་གནང་བ། ངས་དབུས་གསང་བའི་ལས་ཁུངས་ཀྱི་རོགས་རམ་ཕན་ཐོགས་ཆེན་པོ་བྱུང་བ་རེད་ལབ་མི་ཐུབ། ཁོང་ཚོས་རོགས་ག་རེ་གནང་བ་དེ་ཡིས་རྒྱ་ནག་ལ་ཁོང་ཁྲོ་བསླངས་པ་རེད་ལ། དེ་ཡིས་འཁོན་ལན་སློག་པའི་རྐྱེན་བྱས་ཙང་། ང་འགྱོད་པ་ཞེ་དྲགས་སྐྱེ་ཀི སྤྱི་ལོ་༡༩༧༩ལོར་རྒྱ་ནག་ལས་བྱེད་པ་ཚོས་ཧོང་ཀོང་(Hong Kong)དུ་སྐུ་ཞབས་དོན་གྲུབ་མཆོག་ལ་འབྲེལ་བ་བྱས། ཁོང་གྱེན་ལོག་ལ་གྲུབ་འབྲས་མ་ཐོན་པའི་རྗེས་ནས་དེ་རུ་གནས་སྡོད་བྱེད་པར་བསྐྱོད་པ་རེད་ལ། ཁོང་ཚོས་རྒྱ་ནག་གི་འགོ་ཁྲིད་ཏིན་ཞོ་ཕིན་(Deng Xiaoping)ལ་མཇལ་འཕྲད་བྱེད་པའི་གྲོས་འཆར་བཏོན་པ་རེད། ངས་ཁོང་ཚོར་གལ་སྲིད་ང་འགྲོ་ན། ཐོག་མར་ངས་་༸གོང་ས་མཆོག་ལ་དགོངས་འཁྲོལ་ཞུ་དགོས་ལབ་པ་ཡིན། ༸གོང་ས་མཆོག་གིས་ཁྱེད་ཀྱིས་ངེས་བར་དུ་སྐད་ཆ་བཤད་དགོས་རེད། ཁྱེད་རང་སྒེར་ནས་ངོས་སོང་། སོང་ལ་ཉོན་གསུངས་སོང་།

རྒྱ་ནག་གི་རླབས་ཆེ་བའི་གཙོ་འཛིན་ཏིན་ཞོ་ཕིན་(Deng Xiaoping)དང་མཇལ་འཕྲད་གནང་པའི་སྐོར།

ཁོང་གིས་ང་ལ་སྔོན་ཆད་ག་རེ་བྱུང་ཚར་བ་ཚར་བ་རེད། རང་བཙན་མ་ཡིན་པར་ག་རེ་ཡིན་ཡང་གྲོས་བསྡུར་བྱེད་ཆོག་གི་རེད་གསུངས་སོང་། དེ་ནས་བཟུང་སྟེ་སྐུ་ཞབས་དོན་གྲུབ་ཀྱིས་བགྲང་བྱ་བཅུ་བཞིའི་རིང་རྒྱ་ནག་ནང་གི་བོད་ཀྱི་ས་ཁུལ་ཁག་གི་ཆབ་སྲིད་དང་རིག་གཞུང་། ཆོས་ལུགས་བཅས་ཀྱི་རང་སྐྱོང་གི་ཚད་མཐོ་རུ་གཏང་སླད་རྒྱ་ནག་དང་མཉམ་དུ་ཡང་ཆད་ཡང་མཐུད་ཀྱིས་གྲོས་མོལ་གནང་ཡོད་ལ། གྲོས་མོལ་མཚམས་ཆད་པ་དང་སྐུ་ཞབས་དོན་གྲུབ་ཀྱིས་ཁོང་གི་གཅུང་པོའི་སྐུ་ཚབ་ཀྱི་འགན་འཁྲི་ཕྱིར་འཐེན་བྱས་པ་རེད། སྤྱི་ལོ་༡༩༩༣ལོར་ངས་རྒྱ་ནག་གཞུང་ལ་དེ་ཕན་ཐོགས་མི་འདུག ལག་པ་གཅིག་གིས་ཟློག་པ་རྒྱག་པ་ནང་བཞིན་འདུག་ལབ་པ་ཡིན། འོན་ཀྱང་། ཁོང་གིས་སྔར་བཞིན་བོད་མིའི་ཚད་མཐོའི་རང་སྐྱོང་གི་དམིགས་ཡུལ་ཡིད་ལ་བཅངས་ཏེ། རྒྱ་ནག་གཞུང་གི་འགོ་ཁྲིད་དག་དང་ལྷན་དུ་འབྲེལ་ལམ་རྒྱུན་མཐུད་གནང་ཡོད། ངས་ཁོང་ཚོ་གཉིད་སད་པའི་རེ་བ་རྒྱག་གིན་ཡོད་ལ། དུས་ཚོད་ཅིག་ཏན་ཏན་སླེབས་ངེས་རེད། དེ་མ་གཏོགས་ངས་མ་འོངས་པར་ག་རེ་ཡོང་མིན་བཤད་མི་ཐུབ། གལ་སྲིད་ཁོང་ཚོར་ང་ལ་སྐད་ཆ་བཤད་འདོད་ཡོད་ཚེ། ང་སྐར་མ་གཅིག་གི་ནང་ལ་འགྲོ་ངེས།

(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 7 བཀོད་འདུག

7 Responses to རྒྱལ་ལོ་དོན་གྲུབ། (བཅར་འདྲི་ལས་ཟུར་འདོན་བྱས།)

  1. ཡག་པོ་འདུག ཆ་ཚང་བལྟས་ཚར།

  2. བསྟན་མིང་ ནས།

    ཡག་པོ་འདུག

  3. བསྟན་འཛིན་སྟོབས་ལྡན་ ནས།

    ཨུ་རུ་སུའི་གསང་བའི་ལས་ཁུངས་མིང་ལ་་་་་་KGB་་་་་་་་KBG་་་་་་་་་མ་རེད།

  4. བསྟན་འཛིན་སྟོབས་ལྡན་ ནས།

    ངའི་མཆན་རྣམས་ལ་དག་མཆན་མ་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ།

  5. བསྟན་འཛིན་སྟོབས་ལྡན་ ནས།

    ངའི་མཆན་རྣམས་ལ་དག་མཆན་མ་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ།

  6. བསྟན་འཛིན་སྟོབས་ལྡན་ ནས།

    Dear Sir,

    I need to know as to why my comments on your website gets blocked irrespective of whether it hurts people’s sentiment or not, which in my modest understanding doesn’t really harm anyone besides those who are at the wrong side of the line.

    I think you are being very partial here by not publishing any of my comments but accepting other’s even if it may seem not so print-worthy.
    Unless you publish my comments I will keep on sending mails and putting comments not just on your website but upon other more popular websites to strip you of your facade and expose your partiality and non-righteousness behaviour

  7. བསྟན་འཛིན་སྟོབས་ལྡན་ལགས།

    སྐར་ཁུང་དྲ་བར་བཏབས་པའི་མཆན་བུ་རྣམས་ལ་རྩོམ་སྒྲིག་པའི་ཆོག་མཆན་ཐོབ་རྗེས་གཞི་ནས་དྲ་ངོས་སུ་གཏོང་གི་རེད། དེར་བརྟེན། འདི་ཁྱེད་ཀྱི་མཆན་བཀག་པ་དང་གཞན་གྱི་མཆན་བཏང་བའི་རྒྱུ་མཚན་མ་ཡིན་པར། ང་ཚོའི་དྲ་ངོས་སུ་མཆན་བུ་འདེབས་མཁན་ཚང་མར་གཅིག་མཚུངས་ཡིན། དེ་ངེས་པར་དུ་མཁྱེན་པ་གནང་རོགས།

    སྐར་ཁུང་རྩོམ་སྒྲིག་པས།
    karkhungeditor@gmail.com
    http://www.karkhung.com

Write a Reply or Comment

Your email address will not be published. Required fields are marked *

*