རྒྱ་གར་ཇི་ལྟར་རྒྱ་ནག་ལ་འགྱུར་གྱིན་འདུག་གམ།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕན་ཁཱ་ཅི མེ་ཤི་རཱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དགོད་བྲོ་བ་ཞིག་ལ་མའོ་ཙེ་ཏུང་གི་རྗེས་ཏེ་༡༩༧༠ལོའི་ལོ་མཇུག་ཏུ་རྒྱ་ནག་གིས་སིངྒ་པོར་གྱི་མ་དཔེ་དང་ལེན་བྱས་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་ཡར་རྒྱས་དེ་ཆེད་ལས་གཞུང་འཛིན་མི་སྣས་དབང་སྒྱུར་བའི་ཚོགས་པ་ཞིག་གི་སྲིད་གཞུང་ངོ་།། རྒྱལ་ཁབ་དེར་འཛམ་གླིང་གི་གནས་རིམ་ཅན་གྱི་འཛུགས་སྐྲུན་དག་སྟེ་གནམ་ཐང་དང་གཞུང་ལམ། མྱུར་ཚད་མགྱོགས་པོ་ཅན་གྱི་མེ་འཁོར་ལྕགས་ལམ་དག་ཡོད་པ་རེད། ཕན་ནུས་ལྡན་པའི་སྲིད་གཞུང་ཞིག་གིས་ཡ་ང་སྙིང་རྗེ་མེད་པར་ཞིང་པ་དག་གི་ལག་ནས་ས་ཆ་བདག་ཏུ་བཟུང་བ་དང་ཆབས་ཅིག་ཁོང་ཚོར་དཔལ་འབྱོར་གྱི་རོགས་རམ་དང་ཚན་རིག་དང་འཕྲུལ་ལས་རིག་པའི་ལག་རྩལ་ཡག་ཤོས་དག་མཁོ་སྤྲོད་བྱས་མེད་ན་འཛུགས་སྐྲུན་དེ་དག་བློ་ངོར་འཆར་མི་ཐུབ་པ་ཞིག་རེད། སྤྱི་ལོ་༡༩༨༠ནང་དུ་མི་དམངས་ཁྲོད་དུ་བསམ་བློའི་འདུ་ཤེས་ཀྱི་ལས་འགུལ་དག་སྤེལ་ཞོར། རྒྱ་ནག་དམར་ཤོག་རིང་ལུགས་པས་དེ་ནས་བཟུང་མ་རྩ་རིང་ལུགས་༼རྒྱ་ནག་གི་ཁྱད་ཆོས་ལྡན་པའི༽བརྒྱུད་མི་དམངས་ཀྱི་གནས་བབ་ཡར་རྒྱས་གོང་འཕེལ་གཏོང་བའི་དམ་བཅའ་བཞག་ཡོད་པ་རེད། དེ་དང་ལྷན་ཅིག་དུས་མཚམས་ངེས་ཅན་ནང་རང་ཉིད་ཀྱི་འཁྲབ་ཚན་བྱེད་སྒོ་སྲུང་སྐྱོབ་དང་སྲིད་གཞུང་ནི་དོ་མི་མཉམ་པ་ཞི་བྱེད་དང་བདེ་སྐྱིད་སྦྱིན་མཁན་ཞིག་ཡིན་པའི་ལས་འགན་མཐོར་འདེགས་བྱེད་ཀྱི་ཡོད་པ་རེད།

རྒྱ་ནག་ནང་ལྟར་ཆེད་ལས་དབང་འཛིན་སྲིད་དོན་པའི་མི་རབས་ཤིག་གིས་རྒྱ་གར་རང་དབང་ཅན་དང་དེང་རབས་ཅན་དུ་སྒྱུར་བཅོས་ཀྱི་ལས་རིམ་འདི་སྣེ་འཁྲིད་ཀྱི་ཡོད་པ་རེད། འོན་ཀྱང་། མ་རྩ་རིང་ལུགས་པ་ཆེས་ཆེ་ཤོས་དག་གིས་རྒྱལ་ཁབ་འདི་བཏུམས་ཡོད་སྟབས་ཁོང་ཚོར་མོས་འདུན་ཉུང་ངུ་ལས་མེད་པའམ་ཡང་ན་རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་ནང་སྲིད་གཞུང་གི་ལས་འགན་ཉིད་གོང་སྤེལ་དེ་ཙམ་གཏོང་ཐུབ་ཀྱི་མེད། སྤྱི་ལོ་༢༠༠༠ལོའི་ལོ་འགོར་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་གྱི་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་བཏང་བ་དང་རྒྱ་གར་ནང་གི་ཁྲོམ་རྭ་ནི་ཧིན་རྡུའི་སྲུང་མ་གཞན་ཞིག་དང་མཚུངས་འགོ་བཙུགས་སོང་། སྲུང་མ་དེས་མཇུག་མཐར་རྫུ་འཕྲུལ་ཆེན་མོ་བརྒྱུད་ཚང་མར་རྒྱུ་ནོར་གནང་ངེས་རེད། ད་དུང་དེས་ཁེ་ལས་ཀྱི་ནུས་ཤུགས་ཀློད་ནས་རིགས་རྒྱུད་དམའ་བའི་ཧིན་རྡུ་བ་ཚོ་དང་བུད་མེད་དག་ལ་འགན་དབང་སྤྲོད་ངེས་རེད། རྒྱ་གར་གྱི་སྒྲོམ་གཞི་ལ་ཞན་ཆ་གཉིས་ཡོད། དཔེར་ན། ཤེས་ཡོན་དང་དབང་འཛིན་གྱི་རྒྱུ་སྤུས་ཞན་པ་དེའོ།། བུ་ལོན་གྱི་ལོངས་སུ་སྤྱོད་སྒོ་འདིས་རྒྱ་གར་གྱི་གྲོང་ཁྱེར་དག་གི་ཆ་ཤས་ཆེ་ཤོས་དག་འགྱུར་ལྡོག་བཏང་བར་བརྟེན་ནས་འདི་གཉིས་གནས་སྐབས་རིང་རྟོགས་དཀའ་བ་བཟོས་ཡོད་ཅིང་། ཌ་བོ་སི་ཡི་བྱིན་གྱིས་བརླབས་པའི་ཚོང་བ་དག་དང་ཉིན་མོར་འགྲུལ་བསྐྱོད་བྱེད་མཁན་ཕྱི་རྒྱལ་གྱི་གསར་འགོད་པ་དག་གིས་ཉོ་ཆ་རྒྱག་སའི་ཐོག་བརྩེགས་དག་དང་མཉེན་ཆས་ཀྱི་གླིང་ག་དག་གི་“རྒྱ་གར་གསར་པ”་ཞེས་དགའ་བསུའི་འབོད་སྒྲ་བསྒྲགས་ཡོད།

འུད་ཤོབ་ཁྱབ་བསྒྲགས་ཆེན་པོ་བྱས་པའི་རྒྱ་གར་གྱི་བརྡ་འཕྲིན་ལག་རྩལ་དང་ཚོང་ལས་བྱ་རིམ་ལས་ཁུངས་དག་གིས་རྒྱལ་ཁབ་དེའི་ལས་བཟོ་བ་སྟོབས་ཆེན་ས་ཡ་བཞི་བརྒྱ་ལས་ས་ཡ་དྲུག་ལས་ཉུང་བ་མ་གཏོགས་ལས་བགོ་བྱས་མེད། ཡང་ན། ཤེས་ཡོན་ཡག་པོ་ཐོབ་མེད་པའི་རྒྱ་གར་བ་མང་ཆེ་ཤོས་ལ་ཚོང་ལས་ཡར་རྒྱས་འགྲོ་བཞིན་པའི་གཏེར་ཁ་སྔོག་འདོན་གྱི་སྡེ་ཚན་དག་དང་ས་གཞི་ཉོ་ཚོང་ལས་ཁེ་སྤོགས་ཉུང་ངུ་ལས་ཐོབ་མེད་པ་རེད། ཞབས་ཞུ་ལྟེ་བར་བཟུང་བའི་རྒྱ་གར་གྱི་དཔལ་འབྱོར་གྱིས་ཇེ་མང་དུ་འགྲོ་བཞིན་པའི་རྒྱ་གར་ནང་གི་གཞོན་སྐྱེས་ལས་མེད་དག་ལ་ལས་ཀ་འདང་ངེས་ཤིག་གསར་སྐྲུན་བྱེད་ཐུབ་མེད། འོས་བསྡུ་དག་གིས་ཆབ་སྲིད་པ་ཚོར་ཁྲིམས་མཐུན་མཁོ་སྤྲོད་གནང་ཡོད། ཁོང་ཚོ་ད་ལྟ་ཡོངས་གྲགས་ཅན་ཆགས་ཀྱིན་ཡོད་སྟབས་སྒེར་གྱི་རྒྱུ་ནོར་ཕོན་ཆེན་པོ་ཞིག་བསགས་ཡོད་པ་རེད། འཕྲལ་སེལ་ཐབས་ཤེས་མགྱོགས་པོར་འཐེན་ན་ཁོང་ཚོས་འོས་བསྡུ་བྱེད་པར་དགོས་ངེས་དག་འགྲུབ་ཐུབ་ཀྱི་ཡོད། ཁོང་ཚོས་དར་ཁྱབ་ཆེ་བའི་ལས་རིམ་དག་སྟེ། དཔེར་ན་གྲོང་གསེབ་ལས་བགོ་འཆར་གཞི་བརྒྱུད་རྒྱ་ཆེ་བའི་མི་དམངས་སྐྱོ་བོ་དག་གི་རྒྱབ་སྐྱོར་འཚོལ་གྱི་ཡོད། ལས་བགོ་འཆར་གཞི་དེས་སྤྱི་ལོ་༢༠༠༩ནང་ཀོང་རེ་སི་ཚོགས་པར་ཡང་བསྐྱར་འོས་ཤོག་ཐོབ་པར་རོགས་རམ་བྱས་ཡོད་ཅིང་། རྒྱལ་ཁབ་ཀྱི་ཡོང་འབབ་ཇེ་མཐོར་བཏང་སྟེ་དེ་འགྲུབ་པར་བཅུག་ཡོད།

དེ་ལྟ་ནའང་། དེའི་རྗེས་ནས་བཟུང་རྒྱ་གར་གྱི་དབང་འཛིན་མི་སྣ་དག་ལ་དཔལ་འབྱོར་འཕེལ་རྒྱས་ཇེ་དལ་དུ་སོང་བ། ཚོང་ཟོག་གི་རིན་གོང་འཕར་བ། ཧིན་སྒོར་གྱི་རིན་ཐང་མར་ཆགས་པ་བཅས་ཀྱི་དཀའ་ངལ་གྱིས་བསྐོར་ནས་ཡོད་ཅིང་། ཁོང་ཚོས་དཔལ་འབྱོར་འཕེལ་རྒྱས་དང་ཆབ་སྲིད་སྲ་བརྟན་བར་གྱི་ཆེད་དམིགས་ཡག་ཤོས་དེ་འགྲུབ་པར་འབད་རྩོལ་བྱས་ཡོད། ཕྱི་འབྲེལ་ལས་དོན་དུས་དེབ་ཀྱིས་༢༠༠༦ནང་རྒྱ་གར་ལ་“མ་རྩ་རིང་ལུགས་པའི་རྒྱལ་ཁའི་གཏམ་རྒྱུད་ཀྱི་ང་རོ”་ཞེས་བཏགས་ཡོད་པ་རེད། དབྱིན་ཇི་དང་ཨ་མེ་རི་ཀའི་དུས་དེབ་དག་སྟེ། དཔེར་ན། དཔལ་འབྱོར་རིག་གནས་མཁས་པ་དང་དངུལ་རྩིས་དུས་བབ་དག་གིས་ད་ལྟ་རྒྱལ་ཁབ་འདིས་ཨུ་རུ་སུ་དང་ལ་ཊིན་ཨ་མེ་རི་ཀའི་ཁྱད་ཆོས་ལྡན་པའི་གྲངས་ཉུང་ཤོག་ཁག་གིས་བཟུང་བའི་སྲིད་གཞུང་ཞིག་སྐྱེད་འཕེལ་བྱེད་པར་སེམས་ཁྲལ་བྱེད་ཀྱིན་ཡོད། ཡིན་ནའང་། དེ་ལས་ཀྱང་སུན་གཙེར་མང་བ་བྱེད་པ་ཞིག་དང་བགྲོ་གླེང་ཉུང་ངུ་ཞིག་ལས་བྱས་མེད་པ་ནི་རྒྱ་གར་འདི་རྒྱ་ནག་དང་འདྲ་པོ་ཆགས་ཀྱི་ཡོད་པ་འདིའོ།། དམིགས་བསལ་གྱིས་རྒྱུན་སྲོལ་གྱི་དམངས་གཙོའི་སྒྲོམ་གཞི་ཁོག་སྟོང་ཞིག་གི་ནང་དུ་རྒྱུན་སྲོལ་ལྟར་མིན་པའི་དབང་ཆ་གཅིག་སྡུད་ལམ་ལུགས་ཤིག་འགོ་འཛུགས་ཀྱི་ཡོད་པའི་སྐབས་འདིའོ།།

ཉེན་རྟོག་པ་དང་དཔུང་དམག་གིས་ཡུན་རིང་བོ་ཞིག་ལ་ཁྲིམས་མེད་ལུགས་མེད་ཀྱི་དབང་ཆ་རིམ་པ་མང་པོ་ཞིག་སྤྱད་དེ་རྒྱ་གར་གྱི་མི་སེར་མང་པོ་ཞིག་བསད་ཡོད། འདི་ལྟར་གསོད་དུ་འཇུག་པའི་ངན་གྲགས་ཅན་གྱི་ཁྲིམས་ལུགས་དེའི་མིང་ལ་“དཔུང་དམག་གི་དམིགས་བསལ་ཁྲིམས་ཡིག”་ཟེར་ཞིང་དེ་ཡིས་དམག་མི་དག་གིས་རྒྱ་གར་གྱི་མི་སེར་གསོད་དུ་འཇུག་གི་ཡོད་ཅིང་། ཁོང་ཚོར་ཉེས་ཆད་ཆག་ཡང་གཏོང་གི་ཡོད་པ་རེད། ལོ་སྔོན་མར་ཀཱ་ཤི་མིར་ནང་གི་མཚོན་རྟགས་བརྒྱབ་མེད་པའི་དུད་ཁྲོད་དག་གི་ནང་ལ་མི་རོ་༢༧༣༠་གཡུགས་ཡོད་པ་བརྙེད་ཡོད། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དག་གིས་སྤྱི་ལོ་༢༠༠༧་དང་༢༠༡༠བར་ལ་དམིགས་བསལ་ཁྲིམས་ལུགས་ཀྱི་འོག་བྱང་ཤར་གྱི་མཱ་ནེ་པཱར་མངའ་སྡེའི་ནང་ཧ་ལམ་མི་གྲངས་༨༠༠བསད་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད། རྣམ་དཔྱོད་ཀྱི་བཙོན་པ་བགྲང་གི་མི་ལང་བ་ཞིག་རྒྱ་གར་གྱི་བཙོན་ཁང་དག་གི་ནང་དུ་ཉམས་རྒུད་དུ་ཕྱིན་ཡོད། དེའི་ནང་དུ་རྒྱ་གར་རང་ཉིད་ཀྱི་ལིག་ཞའོ་པའོ་དག་ཡོད་སྟེ། ལོ་ངོ་ཉི་ཤུར་བཙོན་ཁང་ནང་བཞུགས་མཁན་ཀཱ་ཤིར་མིར་ཡི་ཤཱ་བྷར་ཤཱ་དང་ཉེ་ཆར་གྱི་སྨན་པ་གྲགས་ཅན་བྷི་ནཱ་ཡག་སན་བཅས་རེད། ༼རྒྱ་གར་ནི་རྒྱ་ནག་དང་བསྡུར་ན་ད་དུང་ཡང་དགེ་མཚན་ཆེན་པོ་ཡོད་པ་རེད། རྒྱ་གར་ལ་སྙིང་སྟོབས་ཅན་གྱི་ལས་འགུལ་བ་དང་ཆོས་ཚུལ་ཐ་དད་སྨྲ་བ་ཧ་ཅང་མང་པོ་ཞིག་ཡོད་པས་སོ།། དཔེར་ན། འཛམ་གླིང་གི་ཟས་བཅད་ངོ་རྒོལ་དུས་ཡུན་རིང་ཤོས་གནང་མཁན་ཨཱ་རིམ་ཤཱར་མི་ལཱ་ལྟ་བུ།༽

ཉེ་བའི་ལོ་འདི་དག་ནང་རྒྱ་ནག་སྲིད་གཞུང་གིས་འཇིགས་སྣང་ཆེན་པོའི་ངང་རང་དང་བསམ་ཚུལ་ཐ་དད་འཛིན་མཁན་ལ་རྒོལ་རྡུང་དང་དྲ་རྒྱ་ལ་ཞིབ་དཔྱོད་བྱེད་པའི་ནུས་པ་འཕེལ་རྒྱས་བཏང་ཡོད། དེ་ལྟ་ནའང་། ལྟོས་བཅས་ཀྱི་ཐོག་ནས་བཤད་ན་རྒྱ་གར་གྱིས་དྲ་རྒྱ་དག་དང་ཁ་པར་གྱི་སྒྲ་འཇུག་དག་ལ་ཞིབ་བཤེར་གཏོང་བའི་ལས་འཆར་ལ་དོ་སྣང་ཉུང་ངུ་ལས་གནང་མེད། སྤྱི་མཐུན་འབྲེལ་ལམ་དང་བརྡ་ཁྱབ་ཚན་རྩལ་རིག་པའི་བློན་ཆེན་གྱིས་ཉེ་ཆར་སྤྱི་ཚོགས་དྲ་རྒྱ་དག་གི་བརྗོད་བྱ་ལ་ཐོག་མར་དབྱེ་སེལ་བྱེད་དགོས་པའི་དགོས་འདུན་ཆོ་མེད་པ་ཞིག་བཏོན་ཡོད་པ་རེད།

རྒྱ་ནག་འཛམ་གླིང་ཁྲོམ་རར་འཛུལ་ཞུགས་བྱས་པ་དེས་རང་གི་མི་དམངས་གཡུལ་དྲག་ལ་དགའ་བའི་མི་རིགས་རིང་ལུགས་པ་ཞིག་ཏུ་བཟོས་ཡོད་ཅིང་གྲངས་ཉུང་མི་རིགས་ཤིག་ཕྱུག་པོར་བཟོས་ཡོད། དེ་དང་མཚུངས་བར་རྒྱ་གར་ནང་དུ་ཡང་བཟོ་གྲྭའི་བདག་པོ་ཆེན་པོ་དཔེར་ན་ཊཱ་ཊཱ་དང་ཨམ་བྷ་ནེ་སི་བཅས་འབྱོར་ལྡན་གྲལ་རིམ་མངོན་དུ་གྱུར་བ་དང་ལྷན་དུ་ཚོང་ལམ་འཛུགས་པར་དགའ་བའི་ཆབ་སྲིད་པ་ནཱ་རན་རྡུ་ར་མཱོ་རྡེ་ལྟ་བུ་ལ་དགའ་མོས་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། མཱོ་རྡི་ནི་གྷོ་ཅཱ་རཱ་ཊི་ཡི་མངའ་སྡེའི་བློན་ཆེན་གཙོ་བོ་ཡིན་ཞིང་། ཁོང་ནི་ཧིན་རྡུ་མི་རིགས་རིང་ལུགས་པ་ཞིག་དང་༢༠༠༢ལོར་ཁ་ཆེ་མི་གྲངས་༢༠༠༠བརྒལ་བ་ལྐོག་གསོད་བྱས་པ་དང་ངན་སྦྲེལ་བྱས་ཡོད། དེས་ཁོང་རང་ཡང་བསྐྱར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀག་འགོག་བྱས་མེད་པའམ་ཡང་ན་རྒྱ་གར་གྱི་སྲིད་བློན་ཆགས་པའི་དམིགས་ཡུལ་ལའང་འགོག་རྐྱེན་ཐེབས་ཀྱི་མེད། ཁོང་གིས་སྤྱི་དམངས་ཀྱི་ཐོན་ཁུངས་དག་གི་བདག་དབང་འཕྲོག་སྟེ་མི་སྒེར་གྱི་བཟོ་གྲྭ་དང་འཛུགས་སྐྲུན་གྱི་ལས་གཞི་དག་གི་སྒང་ལ་འགྲོ་གྲོན་གཏོང་བ་དང་ཁོང་ལ་དཔྱད་བརྗོད་གནང་མཁན་ཚོར་དྲག་གནོན་བྱེད་ཀྱི་ཡོད།

ཁོང་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་མ་རྩ་རིང་ལུགས་ཀྱི་མཚོན་བྱེད་རྒྱ་གར་བ་གཙོ་བོ་ཞིག་ཡིན། དེ་རུ་དོན་གནད་ཆེན་པོ་དང་ལྷན་ཅིག་ཏུ་སེམས་ཁྲལ་གྱི་རྟགས་མཚན་དག་ཀྱང་འདུག་སྟེ། ཨ་ཊོལ་ཧྥུ ཧེ་ཐི་ལེར་གྱི་འབྱོར་ལྡན་གྲལ་རིམ་གྱི་གསོལ་མཆོད་ནང་ལ་དར་ཁྱབ་ཆེ་བའི་སྲིད་དབང་སྒེར་གཅོད་རིང་ལུགས་དལ་གྱིས་འཛུལ་བཞིན་པའི་རྟགས་མཚན་དག་མངོན་ཡོང་གི་འདུག མེན་ཁམ་ཧྥུ་ནང་བཞིན་དར་ཁྱབ་ཆེ་བའམ་རྒྱ་གར་གྱི་སྲིད་དོན་དང་རྩེད་མོ། སྤྲོ་སྐྱིད་ནང་ལ་ཆེས་སྐད་གྲགས་ཆེ་བའི་མི་སྣ་བྷལ་ཐཱ་ཁེ་རའེ་བཀྲོངས་བར་མི་རྣམས་ཀྱིས་ཉེ་ཆར་མྱ་ངན་བྱས་པའི་ཁྲོད་དུ་རྟགས་མཚན་དེ་དག་མངོན་ཡོད། བྷལ་ཐཱ་ཁེ་རའི་ནི་མུམ་བྷེ་ཡི་ཚོར་ཤུགས་སློང་མཁན་གྱི་སྣེ་འཁྲིད་མཁན་ངན་གྲགས་ཅན་ཞིག་ཡིན། ༼ཁོང་ནི་ཧེ་ཐི་ལེར་ལ་སྤྲོ་སེམས་ཡོད་མཁན་ཞིག་ཡིན།༽

རྒྱ་གར་གྱི་འོས་འདེམས་ཟིན་པའི་དབང་བསྒྱུར་མཁན་དག་དང་རྒྱ་ནག་གི་འོས་འདེམས་མ་བྱས་པའི་མགོ་ཁྲིད་གང་ཡིན་རུང་ཁོང་ཚོའི་མི་སེར་དག་ཚུར་འགུག་ཐབས་རྫོགས་རྒྱུ་ཡོད་པ་མ་རེད། སྲིད་བློན་མན་མོ་ཧན་གྱི་རྒྱ་གར་བ་ཆེས་སྐྱོ་པོ་དག་ལ་དངུལ་རྐྱང་སྤྲོད་པའི་ལས་འཆར་དེས་༢༠༡༤ལོའི་འོས་བསྡུའི་སྐབས་སུ་ཁོང་གི་སྲིད་གཞུང་ལ་འོས་ཤོག་འདང་ངེས་ཤིག་ལེན་སྲིད་པ་རེད། རྒྱ་ནག་གི་མགོ་ཁྲིད་དག་ཡང་བསྐྱར་སིང་ག་ཕོར་གྱི་དཔེ་མཚོན་གྱི་རྗེས་སུ་འབྲང་སྲིད་པ་རེད། སིངྒ་ཕོར་ནི་ཡུལ་དུས་དང་བསྟུན་མཁས་པའི་ཚོགས་པ་གཅིག་ཅན་གྱི་སྲིད་གཞུང་ཞིག་ཡིན་ཞིང་། ཁོང་ཚོའི་རྒྱལ་ཁབ་ཀྱི་ཕུལ་བྱུང་དཔལ་འབྱོར་རིག་གནས་མཁས་པ་གསར་པ་དག་དང་ལྷན་ཚོགས་ཀྱི་འཛིན་སྐྱོང་བྱེད་མཁན་དག ཁྲིམས་རྩོད་པ་དག་རང་གིས་གཞུང་འཛིན་བྱེད་བཞིན་པའི་ཆབ་སྲིད་ཀྱི་དབང་ཆ་དང་སྙན་གྲགས་ལ་སྲུང་སྐྱོབ་བྱེད་པར་བཀོད་སྒྲིག་གནང་ཡོད་པ་རེད། ཁོང་ཚོས་ད་དུང་མངོན་གསལ་དོད་པོའི་ཐོག་ནས་རྫོགས་མཐའ་མེད་པའི་རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་ཐབས་བྱུས་དག་ཚུར་ལེན་བྱེད་སྲིད། དེ་ལྟ་ནའང་། དོ་མི་མཉམ་པའི་ཡར་རྒྱས་གོང་འཕེལ་དང་ཇེ་ཆེར་འགྲོ་ཀྱིན་པའི་འདྲ་མཉམ་མེད་པའི་གནས་བབ་དག་གིས་འཛིན་སྐྱོང་གི་དཀའ་ངལ་དེ་ལས་ཆེ་བ་མང་པོ་ཞིག་བསྐྲུན་ཀྱི་རེད། རྒྱལ་ཁབ་འདི་གཉིས་པོའི་ནང་དོན་དག་ག་རེ་འབྱུང་བ་མང་གཙོའི་ལྟ་གྲུབ་དང་མང་བ་མཐུན་པའི་ཚབ་ལ་ཟ་ངེ་ཟིང་ངེ་མང་པོ་ཞིག་ཏུ་འགྱུར་སྲིད་པ་རེད་དོ།།

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*