མི་སྣང་བར་གྱུར་བ་དེ། (བཞི་པ)

(ཧྥ་ཏི་བ་ཞེས་པའི་ཐ་སྙད་དེ་ནི་ཁ་ཆེའི་ཆོས་ཁྲིམས་རིགས་ཤིག་གི་མིང་སྟེ། ཁྲིམས་ལུགས་དེས་རྩོམ་པ་བོ་ཞིག་གི་མི་ཚེ་ལ་འགྱུར་བ་བཏང་ཚུལ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ལོ ༡༩༩༦ ལོ།

ཁོང་གིས་“འདྲེའི་ཚིགས་སུ་བཅད་པ་”ཞེས་པ་ཐོག་མར་ཀློག་དུས་ནི་ཁོང་ཁམ་བྷི་རེས་ཇེས་གཙུག་ལག་སློབ་གྲྭའི་སློབ་ལོ་རིམ་གཉིས་པའི་ནང་དུ་ལོ་རྒྱུས་སྦྱོང་བཞིན་པའི་སྐབས་རེད། ཁོང་གིས་ལོ་རྒྱུས་ཀྱི་སློབ་གཞིའི་ཆ་ཤས་གཉིས་པའི་སློབ་ཚན་གསུམ་གྱི་གདམ་ག་མང་པོའི་ནང་ནས་སློབ་ཚན་དམིགས་བསལ་བ་གསུམ་སྦྱོང་དགོས་སྙམ་པ་རེད། ཁོང་གིས་རྒྱ་གར་གྱིས་དབྱིན་ཇིའི་ལག་ནས་རང་བཙན་འཐབ་རྩོད་བྱས་བའི་བརྒྱུད་རིམ་སྟེ་ཕྱི་ལོ་ ༡༨༥༧་ལོའི་ཡར་ལངས་ནས་༡༩༤༧་ལོའི་ཕྱི་ཟླ་༨་པའི་བར་གྱི་ལོ་རྒྱུས་དང་། ཨ་རིའི་ལོ་རྒྱུས་ཀྱི་ཐུན་མོང་མ་ཡིན་པའི་ལོ་ཟླ་སྟེ་རང་བཙན་བསྒྲགས་གཏམ་ནས་རྩ་ཁྲིམས་བསྐྱར་བཟོའི་ལོ་ཟླའི་དབར་བཅས་གཉིས་དང་། སློབ་ཚན་གསུམ་པར་ལོ་དེར་ཐོག་དང་པོར་སློབ་ཚན་གྱི་ནང་དུ་བཅུག་པའི་“མོ་ཧ་མ་ཏི། ཁ་ཆེའི་མངའ་ཐང་དང་ཀྲིས་ཀིར་ཡུལ་གྱི་རྒྱལ་པོའི་ལོ་རྒྱུས་ཀྱི་སྟོད་ཆ་”བཅས་རེད། ཁོང་གི་སློབ་སྦྱོང་ལ་ལྟ་རྟོག་དང་ལམ་སྟོན་བྱེད་མཁན་ནི་དུས་རབས་བར་མའི་ལོ་རྒྱུས་ཀྱི་མཁས་དབང་ཨར་ཐིར་ཧིས་བྷིར་ཌི་རེད། སློབ་གླིང་གི་བཤད་རྒྱུན་ཞིག་ལ་མཁས་དབང་དེའི་ཞིབ་འཇུག་ཡིག་རྒྱུགས་མཐའ་མ་སྤྲོད་སྐབས་ཁོང་ལ་རྒྱུས་མངའ་ཅུང་མེད་པའི་དྲི་བ་དག་ལ་ལན་འདེབས་སྔོན་ལ་བྱས་བ་དེས་དུས་ཚོད་ཚད་བཀག་གི་ནང་དུ་ལན་ཆ་ཚང་འདེབས་ཐུབ་ཡོད་པ་རེད།

ཁོང་གཉིས་ཀྱིས་ཉམས་ཞིབ་ཀྱི་སློབ་ཚན་ཐོག་མཉམ་ལས་བྱས་མ་ཐག་ཧིས་བྷིར་གྱིས་ཁོང་ལ་ནམ་ཡང་བརྗེད་ཐབས་བྲལ་བའི་བསླབ་བྱ་ཞིག་བརྒྱབ་ཡོད། “མི་མང་ཚོས་སྐད་ཆ་བཤད་པ་མ་གོ་བར་དུ། ཁྱེད་ཀྱིས་རྩ་བ་ནས་ལོ་རྒྱུས་འབྲི་མི་ཉན།” ཁོང་གིས་ལོ་ངོ་མང་པོར་བསླབ་བྱ་དེས་སྐོར་ལ་ཞིབ་འདང་བརྒྱབ་པ་དང་།མཇུག་མཐར་དེ་ནི་རྟོག་སྒྲུང་གི་ཐད་ལ་ཡང་ལམ་སྟོན་ཡང་དག་གི་རྩ་དོན་ཅིག་རེད་སྙམ་ཡོད། གལ་སྲིད་ཁྱེད་ལ་མི་མང་ཚོས་ཅི་བཤད་མིན་ཐད་ལ་ཚོར་བ་དེ་ཙམ་མེད་ན། ཁྱེད་ཀྱིས་ཁོང་ཚོ་དེ་ཙམ་གསལ་བོར་རྟོགས་མི་ཐུབ་པས། ཁྱེད་ཀྱིས་ཁོང་ཚོིའི་སྒྲུང་དེ་ཚོ་མི་ལ་བཤད་མི་ཐུབ་ལ་མི་ལ་བཤད་ཀྱང་མི་ཉན་པ་དེ་རེད། མདོར་བསྡུས་ན། མི་མང་གིས་སྐད་ཆ་ནི་འགོ་མཇུག་མི་ཚང་བའི་བབ་བཅོལ་གྱི་གཏམ་གླེང་རིང་མོ་དག་ཡིན་ལ། དེ་དག་གིས་ཁོང་ཚོའི་འབྱུང་ཁུངས་དང་སྤྱི་ཚོགས་ཀྱི་གྲལ་རིམ། གཤིས་སྤྱོད་ཀྱི་འཇམ་རྩུབ། སེམས་པ་ཡག་བཙོག། གུས་ཞབས་ལྡན་མིན། ཁོང་ཁྲོ་དང་རང་བཞིན། རིག་པ་རྣོ་མིན། བཟང་ངན་བཅས་ལྷང་ལ་འབུད་འཇུག་བཞིན་ཡོད་པ་རེད། ཁོང་གིས་མཁས་དབང་ཨར་ཐིལ་གྱི་དྲུང་ནས་གོང་ཞུས་ཀྱི་གནད་དོན་དག་བསླབས་ཡོད་ན། དེས་མ་ཆོག་པ་མེད། འོན་ཀྱང་། ཁོང་གིས་བསླབ་པ་ནི་དེ་ལས་བརྒལ་ཡོད། ཁོང་གིས་མཁས་དབང་ཨར་ཐིལ་གྱི་དྲུང་ནས་འཛམ་གླིང་ཅིག་གི་སྐོར་བསླབས་ཡོད་ལ། འཛམ་གླིང་དེའི་ནང་དུ་ཆོས་ལུགས་ཆེ་ཁག་གཅིག་དར་བའི་སྐོར་ཤེས་ཡོད།

ཁོང་ཚོ་ནི་གཞིས་ཀ་བཟུང་ཙམ་གྱི་འབྲོག་པ་རྐྱང་རྐྱང་རེད། ཁོ་ཚོར་མཚོན་ན་གྲོང་ཁྱེར་ཁག་ནི་གསར་བ་གསར་རྐྱང་རེད། མེ་ཁའ་(Mecca)གྲོང་ཁྱེར་ནི་མི་རབས་ཁ་ཤས་ཤིག་གི་ལོ་ཚད་ཙམ་རེད། ཡ་ཐི་ཪེས་བྷི་སྟེ་རྗེས་སུ་མེ་ལྡིེས་ནའ་ཞེས་སུ་འབོད་པ་དེ་ནི་བྱེ་ཐང་གི་གཤིན་སའི་མཐའ་འཁོར་དུ་སྡོད་སྒར་བཟུང་ཡོད་པའི་ཚོགས་སྡེ་ཞིག་རེད་ལ་སྡོད་སྒར་གྱི་མཐའ་འཁོར་ལ་ལྕགས་རི་སོགས་ཅི་ཡང་མེད། ཁོང་ཚོ་ད་དུང་ཡང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་འཚོ་བ་ལ་ལོབས་མེད་ལ་འབྲོག་དམངས་ཀྱི་སྤྱི་ཚོགས་ཤིག་ཡིན་ན། དེར་བརྟེན། ཁོ་ཚོ་ལྟ་བ་གུ་དོག་ཅིང་སྒྲིག་ལམ་མང་བ། གང་ཟག་སྒེར་གྱི་རང་དབང་ལས་ཚོགས་སྡེའི་ཁེ་ཕན་ལ་རིན་ཐང་མང་པ་སྤྲོད་ཀྱི་རེད། ཡིན་ནའང་། ཚོགས་སྡེ་དེའི་ནང་དུ་མི་ཚང་འདུས་ཡོད། འབྲོག་སྡེ་དེ་ནི་མ་རྒྱུད་གཙོ་འཛིན་ལམ་ལུགས་ཀྱི་རྒྱུགས་ཆེ་བའི་སྤྱི་ཚོགས་ཤིག་རེད། ནང་མི་ཉེ་འབྲེལ་གྱི་གདུགས་ཆེན་འོག་ཏུ། ཐ་ན་དྭ་ཕྲུག་ཅིག་ཡིན་ཡང་བདག་སྐྱོང་དང་རང་གི་ངོ་བོ་དང་བདག་དབང་སོགས་ཀྱི་ཐད་ལ་སེམས་ཚོར་ཅིག་ཡོད། ལམ་ལུགས་འདི་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་འདུག གྲོང་ཁྱེར་ནི་ཕ་རྒྱུད་གཙོ་འཛིན་ལམ་ལུགས་ལག་བསྟར་བྱེད་མཁན་དང་ དགའ་མོས་བྱེད་སའི་མི་རྒྱུད་ཀྱི་སྡེ་གང་ཡིན་གསལ་ཁ་མེད། འོས་བསྡུའི་ཁེ་དབང་མེད་པའི་མི་ཚོགས་ཇེ་མང་ནས་ཇེ་མང་དང་ཉིན་ལྟར་ཨུ་ཚུགས་ཇེ་ཚ་རུ་འགྲོ་བཞིན་འདུག འོན་ཀྱང་། མེ་ཁའ་གྲོང་ཁྱེར་གྱི་སྟོབས་འབྱོར་མངའ་ཐང་ཡང་ཇེ་རྒྱས་རེད། དབང་བསྒྱུར་མཁན་གྱི་མི་སྣ་རྒན་གྲས་ཚོས་འགྱུར་བ་འདི་དག་ལ་དགའ་མོས་བྱེད་ཀྱི་འདུག ཕ་ཤུལ་བུ་འཛིན་གྱི་ལམ་ལུགས་གཙོ་བོ་སྐྱེས་པ་ཚོར་དབང་ཆ་ཆེ་བ་ཆགས་པ་དེ་ལའང་དབང་འཛིན་མི་སྣ་ཚོས་དགའ་མོས་བྱེད་ཀྱི་འདུག

གྲོང་ཁྱེར་གྱི་རྒྱལ་སྒོའི་ཕྱི་རོལ་ཏུ་ཨལ་ལ་ཏ་དང་། ཨལ་མ་ན་ཏི། ཨལ་ཡོས་རྫ་བཅས་ལྷ་ཆེན་གསུམ་གྱི་ལྷ་ཁང་དག་ཀྲོང་ངེར་འགྱིང་ནས་ཡོད། ཚོང་འགྲུལ་བ་ཚོས་གྲོང་ཁྱེར་ལ་རྒྱུ་ནོར་ནང་འདྲེན་བྱེད་སྐབས་དང་། གྲོང་ཁྱེར་ཕྱི་ལ་འགྲོ་སྐབས་རྒྱ་སྒོ་དེ་བརྒྱུད་ནས་འགྲོ། ཁོང་ཚོ་ལྷ་ཁང་ཡོད་སར་བབས་ནས་མཆོད་འབུལ་བྱེད་ཀྱི་ཡོད། དེང་རབས་ཀྱི་སྐད་ལ་ཞུས་ན་ཁོང་ཚོས་ཁྲལ་འཇལ་གྱི་ཡོད། མེ་ཁའ་གྲོང་ཁྱེར་གྱི་ནང་མི་རྒྱུ་སྟོབས་ཆེ་ཤོས་དེ་ཚོས་ལྷ་ཁང་འདི་དག་སྟངས་འཛིན་བྱས་ཡོད། ཁོང་ཚོའི་རྒྱུ་ནོར་མང་ཆེ་བ་ཞིག་མཆོད་འབུལ་བྱས་པའི་དངུལ་དངོས་དག་ནས་ཡོང་པ་རེད། ལྷ་དེ་ཚོ་ནི་གྲོང་ཁྱེར་གསར་བའི་དཔལ་འབྱོར་གྱི་ལྟེ་གནས་ཆགས་ཡོད།

གྲོང་སྡེའི་དབུས་སུ་བཞེངས་བའི་ཁང་བརྩེགས་ཆེན་པོ་ཁ་སྦ་ཞུ་བ་དེ་ནི་ཨ་ལ་ཞེས་པའི་ལྷ་སྲུང་ཞིག་གི་ཆེད་དུ་བཞེངས་བསྐྲུན་བྱས་པ་རེད། མཚན་གྱི་ནང་དོན་ནི་ལྷ་ཞེས་པ་དེ་རེད། ཨ་ལ་ནི་དམིགས་བསལ་བ་དེ་འདྲ་ཅང་མ་རེད། ཁོང་ནི་ལྷ་སྲུང་དམིགས་བསལ་གོ་ཐོབ་དང་ནུས་པ་ཅན་དེ་འདྲ་མ་རེད། ཁོང་ནི་ཆུ་ལྷ་མ་རེད་ལ་དམག་འཁྲུག་གི་ལྷ་དང་། ཡང་ན་ནོར་ལྷའམ་བྱམས་བརྩེའི་ལྷ་དེ་འདྲའང་མ་ཡིན་པར། ཡོད་ཚད་ཀུན་ཁྱབ་ཀྱི་ལྷ་ཞིག་རེད། དམིགས་བསལ་གྱི་གོ་ཐོབ་མེད་པའི་ལྷ་ཞིག་ཡིན་པ་དེས་ཕལ་ཆེར་ཁོང་གི་མཚན་སྙན་དེ་ཙམ་ཆེ་རྒྱུ་མེད་པའི་རྟགས་རེད། དད་ལྡན་པ་ཚོས་མཆོད་འབུལ་བྱེད་སྐབས་རྒྱུ་མཚན་དམིགས་བསལ་བ་དེ་འདྲ་ལ་བརྟེན་ནས་བྱེད་ཀྱི་རེད། བུ་རྒྱུད་ཀྱི་འཕྲོད་བསྟེན་དང་ཚོང་ལས་ལམ་ལྷོང་། ཐན་པ་སེལ་བ། འཁྲུག་འཛིང་མཚམས་འཇོག་སོགས་ཀྱི་ཆེད་དུ་རེད། ཁོང་ཚོར་དམིགས་བསལ་གྱི་གོ་ཐོབ་མེད་ཅིང་གནད་དོན་ཡོད་ཚད་ཐོག་ནུས་མཐུ་ཡོད་པའི་ལྷ་ལས་དམིགས་བསལ་གྱི་གོ་ཐོབ་ཡོད་པའི་ལྷ་དག་ལ་དགའ་དད་ཆེ།

ཨ་ལ་མུན་ནག་ལས་ཕྱི་རུ་བཏོན་དེ་རང་ཉིད་ཀྱི་ལྷ་སྟེ་ཉུང་མཐར་ཡེ་ཤུའི་ཞལ་ཆད་རྙིང་མའི་“ང་ནི་ལྷ་ཡིན་དང་ཡེ་ཤུའི་ཞལ་ཆད་གསར་མའི་ནང་གི་གསུམ་གཅིག་འདུས་ལྟ་བའི་ངོ་བོར་སྒྱུར་མཁན་ནི་བྷ་ནོས་ཧ་ཤེམ་རིགས་རྒྱུད་ཀྱི་མོ་ཧ་མ་ཏི་ཨེ་བྷེན་ཨབ་ལྡོས་ལ་རེད། ཁོང་ལོ་ན་ཆུང་ཆུང་ཡིན་པའི་སྐབས་སུ་ནང་མིས་དཀའ་སྡུག་གི་ལོ་ཟླ་གང་མང་བརྒྱུད་དགོས་བྱུང་བ་དང་དེའི་རྗེས་སུ་ཁོང་དྭ་ཕྲུག་ཆགས་པས་ཨ་ཞང་གིས་གསོ་སྐྱོང་བྱས་པས་མི་གྲལ་ལ་ཚུད་པ་རེད། མི་ཚོས་མོ་ཧ་ན་ཏི་ཨེ་བྷེན་ཨབ་ལྡོས་ནི་མི་རྒྱུད་ཅིག་དང་ཚོང་བ་ལམ་འགྲོ་ཅན་ཞིག་ལ་གདེང་འཇོག་བྱེད་ཀྱི་ཡོད། ལོ་ཉི་ཤུ་རྩ་ལྔར་སོན་སྐབས་ན་ཚོད་ཆེ་བའི་རྒད་མོ་ཕྱུག་བདག་མ་ཁ་ལྡིས་ཇ་ཡིས་གཉེན་ཆང་བསླངས་ཡོད། རྗེས་ཀྱི་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་ལ་ཁོང་ནི་ལམ་ལྷོང་ཆེ་བའི་ཚོང་བདག་ཞིག་དང་གཉེན་སྒྲིག་གི་འཚོ་བ་སྐྱིད་པོ་རོལ་མཁན་ཞིག་ཀྱང་ཡིན། ཡིན་ནའང་། ཁོང་ནི་ཁེར་རྐྱང་གི་འཚོ་བ་རོལ་དགོས་མཁན་ཞིག་ཀྱང་ཡིན་པས་རྒྱུན་རིང་པོར་ལོ་རེ་ལ་གཟའ་འཁོར་མང་པོར་དུས་གཅིག་ལ་རི་བོ་ཧིས་ར་ཡི་འདབས་ཀྱི་བྲག་ཕུག་ཅིག་ནས་སྒོམ་སྒྲུབ་པ་ནང་བཞིན་བསྡད་ཡོད།

ལོ་༤༠ སོན་སྐབས་ཨན་ཇིན་གྷེ་བྷི་རེལ་གྱིས་ཀྱིས་ཁོང་བཏང་སྙོམས་དཀྲུགས་པ་དང་། རྗེས་སུ་ཁ་ཆེའི་ཆོས་དཔེ་གསར་བ་ཀོ་རན་(Koran)གྱི་སྙིང་བོའི་ཚིགས་སུ་བཅད་པ་གང་མང་ཞིག་སྐྱོར་བའི་བཀའ་བཏང་། མོ་ཧ་མ་ཏི་ཡིས་ཁོང་གིས་རང་བཞིན་སེམས་རྒྱུད་འདུལ་ཐུབ་མི་འདུག་སྙམ་སྟེ་བྲོས་བྱོལ་དུ་ཕྱིན་པ་རེད། ཁོང་བྲོས་བྱོལ་ནས་ཕྱིར་ལོག་རྗེས་ཁོང་གི་བཟའ་ཟླ་དང་བློས་ཐུབ་གྲོགས་པོ་ཚོའི་ཁ་ནས་ཨན་ཇིན་གྱིས་ཅི་ཞིག་བཤད་འདོད་ཡོད་མེད་གཞི་ནས་གོ་བ་རེད། ཁོང་ཚོས་ཁོང་ཡང་བསྐྱར་བྲག་ཕུག་ལ་སོང་སྟེ་དཀོན་མཆོག་གིས་དངོས་ཡོད་ཐོག་བྱིན་རླབས་ཞུགས་ཡོད་མེད་ལྟ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད།

ཚོང་པ་ཞིག་གིས་རང་ཉིད་ལྷ་ཡི་ཕོ་ཉར་བསྒྱུར་བར་རྗེས་སུ་འབྲངས་རྒྱུ་ཧ་ཅང་སླ་བོ་རེད། ཁོང་གི་ནག་ཉེས་ལ་བསམ་ཤེས་བྱེད་རྒྱུའང་ལས་སླ་བོ་རེད། ཁོ་རང་ཁྲིམས་བཟོ་མཁན་ཞིག་གི་ངོ་བོར་མགྱོགས་པོར་ཆགས་པ་དེ་ལ་གུས་ཞབས་དང་དེ་བཞིན་ཁོ་རང་འཇོན་ཐང་ཅན་གྱི་དབང་སྒྱུར་མཁན་དང་། ཐབས་ཇུས་མཁས་པའི་དམག་དཔོན། ཆོས་དཔེ་ཀོ་རན་གྱིས་མི་རིགས་བྱེ་བྲག་པའི་ཁྱད་ཆོས་རྣམས་རྩ་མེད་དང་། ཆོས་དཔེ་དེས་སྐུལ་འདེད་བྱས་པའི་རིན་ཐང་ལྟ་ཚུལ་གྱི་ལམ་ལུགས་གཙོ་བོ་ནི་ཨ་རབ་ཀྱི་འབྲོག་སྡེ་ཡོད་ཚད་རྩ་སྟོང་དུ་འགྲོ་བཞིན་པ་དང་། མ་རྒྱུད་རིང་ལུགས་དང་བྱམས་བརྩེའི་གཉོར་སྐྱོང་གི་བཟང་སྤྱོད་ལྡན་པའི་སྤྱི་ཚོགས་སྟེ་ མོ་ཧ་མ་ཏི་ནང་བཞིན་གྱི་དྭ་ཕྲུག་ཚོ་ཙག་རླུང་སེར་གསུམ་གྱི་ཁ་ནས་བསྐྱབས་པ་སོགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་ཤིག་མེད་པར་ཆགས་རྒྱུ་ཡིན་པ་རེད། ཁོང་གི་སེམས་སུ་ཚོང་ལས་ལམ་ལྷོང་བྱུང་བས་རྐྱེན་གྱིས་གྲོང་ཁྱེར་གྱི་དབང་འཛིན་པའི་གྲལ་དུ་ཚུད་ཀྱི་རེད་སྙམ་ཡོད་ཀྱང་། ཁོང་ལ་ཆེ་མཐོང་དེ་འདྲ་མ་རེག་པ་ནི་ཁོང་ལ་སྟོབས་འབྱོར་མངའ་ཐང་ཅན་གྱི་ནང་མི་རྒྱབ་སྐྱོར་བ་ཞིག་མེད་པའི་རྐྱེན་གྱིས་རེད།

འདི་ནས་སྔ་ཚིག་ཕྱི་འགལ་གྱི་གཏམ་འུད་པོ་ཆེ་ཞིག་བསྒྲགས་པ་རེད། གུ་དོག་པའི་ཆོས་ལུགས་རྣམ་གཞག་གི་ལྟ་བ་ཞིག་གིས་བསྐྱར་དུ་རིག་གཞུང་ཡལ་བཞིན་པའི་འབྲོག་དམངས་ཀྱི་བདེ་སྡུག་དོན་དུ་ཁ་ཕྱིར་འཁོར་བ་དང་དེ་ནི་གསར་བརྗེའི་བློ་སྟོབས་ཤིག་ཏུ་ཆགས་པ་རེད། གང་ལེགས་ཤེ་ན། མི་མང་གི་ཡིད་སེམས་འཕྲོག་པ་ནི་གྲོང་ཁྱེར་ཅན་དུ་བསྒྱུར་བའི་རིམ་པའི་ཁྲོད་ནས་ཁོ་ཚོ་སྤྱི་ཚོགས་ཀྱི་གྲལ་མཐར་ཕུད་པ་དེ་ལ་གདོང་གཏོད་རྒྱུ་ཡིན་པ་དེ་རེད། དབུལ་ཕོངས་དང་སྲང་ལམ་གྱི་ཇག་ཚོགས་ཕལ་ཆེར་ཨེ་སི་ལམ་ཞེས་པའི་ལྟ་བ་གསར་བ་འདིས་མེ་ཁའ་གྲོང་ཁྱེར་གྱི་ཕྱུག་བདག་ཚོར་ཉེན་ཚབས་ཆེན་པོ་མཐོང་བ་དང་གནག་སེམས་ཆེན་པོའི་སྒོ་ནས་སྡང་འཛིན་བྱས་པའི་རྒྱུ་མཚན་ཡང་ཡིན་རྒྱུ་རེད། ལྟ་བ་དེ་སྲོལ་བཏོད་པ་བོས་སྣང་བར་འགྲོ་བའི་ཐབས་ལམ་ཅིག་ལ་བརྟེན་ནས་རང་ཉིད་ཀེར་ལངས་བྱེད་ཐབས་བྱས་འདུག

ལོ་རྒྱུས་ཡིག་ཆ་དག་ལ་གསལ་ཁ་དེ་ཙམ་མེད་ཀྱང་། ཧ་ལྡིས་ཐི་སྟེ། ཨེས་བྷན་ཨེས་ཤ་ཁི་དང་། བ་ཁེས་ལྡིས། ཨེས་བྷན་ས་ངྷི། ཏ་བྷ་རིས་བཅས་ཀྱིས་བརྩམས་པའི་ཕི་རོ་ཧྥེ་ཐི་ཡི་མི་ཚེའི་ལོ་རྒྱུས་ཀྱི་ཆ་ཤས་མང་ཆེ་བ་ཞིག་གི་ནང་ཕི་རོ་ཧྥེ་ཐི་ཁོང་ནི་འདྲེའི་ཚིགས་སུ་བཅད་པ་ཡི་འབྱུང་རྐྱེན་ལྟ་བུར་ཕྱིར་དྲན་གྱིས་ངོས་འཛིན་བྱས་འདུག ཕ་རོ་ཧྥེ་ཐི་ཉིན་ཞིག་རི་ལས་མར་བབས་སྟེ་ སྡེ་ཚན་ལྔ་བཅུ་ལ་གསུམ་པའི་ནང་དུ་ཡོད་པའི་ཚིགས་བཅད་ཁག་སྟེ། སོས་ར་ཧི་བློ་སྐྱོར་བྱས་འདུག ཁྱེད་ཀྱིས་ཨལ་ལ་ཏི་དང་། ཨལ་ཡོས་རྫ། མ་ན་ཏི་བཅས་ཀྱི་སྐོར་ལ་བསམ་གཞིག་བྱས་ཡོད་དམ། ཁོང་ཚོ་ནི་བསྟོད་བསྔགས་ཀྱིས་བརྒྱན་པའི་བྱེའུ་དག་རེད། ཁོང་ཚོའི་བར་འདུམ་ནི་སྐབས་དེར་དགོས་ངེས་ཤིག་རེད། ཉིན་ཞག་གང་མང་འདས་རྗེས་མོ་ཧ་མ་ཏི་ཁོང་རི་ལ་སོང་བ་དང་དེའི་རྗེས་རི་ལས་མར་བབས་ཏེ་སྡིག་སྐུལ་བྱས་དོན་ལྟར་ན། ཁོང་ཐོག་དང་པོར་རི་ལ་འགྲོ་སྐབས་བདུད་རྒན་ཨར་ཆན་ཇིལ་གྱི་ཆ་ལུགས་སུ་བརྫུས་ནས་ཡོང་དེ་ཁོང་ལ་མགོ་སྐོར་ཐེབས་རབས་དང་། སྐབས་དེར་བྱུང་བའི་ཚིགས་སུ་བཅད་པ་དག་ནི་ལྷ་ཡི་བྱིན་མཐུ་མེད་པས་ངེས་པར་དུ་ཆོས་དཔེ་ཀོ་རན་གྱི་ལེའུ་ནས་བསུབ་དགོས་སྐོར་བརྗོད་འདུག ཨལ་ཆན་ཇིལ་གྱིས་སྐབས་འདིར་ལྷ་ཡིས་ཞལ་ནས་ཚིགས་སུ་བཅད་པ་འཁྱེར་ཡོང་བ་དེས་དཔེ་དེབ་ཆེན་མོའི་ནང་གི་འདྲེའི་ཚིགས་སུ་བཅད་པའི་ཚབ་བྱེད་དགོས།

“ཁྱེད་ཚོས་ཨལ་ལ་ཏི་དང་། ཨལ་ཡོས་རྫ། མ་ན་ཏི་བཅས་ཀྱི་སྐོར་ལ་བསམ་གཞིགས་བྱས་མྱོང་ངམ། ཁྱེད་ལ་བུ་དང་བུ་མོ་ཡོད་ཆོག་གི་རེད་དམ། འདི་ནི་དངོས་ཡོད་ཐོག་དྲང་བདེན་མིན་པའི་ཁྱད་པར་འབྱེད་སྟངས་ཤིག་རེད། ཁོང་ཚོ་དང་ཁོང་ཚོའི་མཚན་ནི་ཁྱེད་ཀྱི་ཨ་མྱེས་ཡང་མྱེས་ཚོས་གསར་གཏོད་བྱས་པ་ཞིག་རེད། དཀོན་མཆོག་གིས་ཁོང་ཚོར་དབང་ཐོབ་གང་ཡང་སྤྲད་མེད།”

མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

( སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*