བོད་ཀྱི་གནད་དོན། ཐབས་ཤེས་མང་པོའི་གདོང་ཐུག་ཅིག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཏཱ་ལའི་བླ་མ་ཁོང་གི་རྗེས་འབྲངས་པ་རྣམས་དང་ལྷན་དུ་བོད་ནས་རྒྱ་གར་ལ་བྲོས་བྱོིལ་ལ་ཕེབས་རྗེས་ཀྱི་མི་ལོ་ལྔ་བཅུ་ཙམ་གྱི་རིང་ཁོང་གི་གཅེན་པོ་རྒྱ་གར་ཀ་ལིམ་སྦུག་(Kalimpong)གི་ཁུ་སིམ་སིམ་གྱི་རི་རྩེ་རུ་ཁོང་གི་རི་བོ་ཧི་མ་ལ་ཡའི་ཁྱིམ་གྱི་རྒྱབ་ཕྱོགས་ཏག་ཏག་འདིར་སྐྱབས་བཅོལ་བའི་ཁྲོད་སྐྱབས་བཅོལ་བ་ཞིག་ལྟར་གནས་སྡོད་བྱེད་པ་རེད། སྒལ་བ་སྒུར་ཞིང་པུས་མོ་ཡང་ཡག་པོ་མེད་པའི་དགུང་ལོ་བརྒྱད་ཅུ་ཅན་གྱི་རྒྱལ་ལོ་དོན་གྲུབ་མཆོིག་ནི་བོད་ཀྱི་པེ་ཅིན་དང་མཉམ་དུ་འདུམ་འགྲིག་ཡག་པོ་ཡོང་བར་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་དག་གི་ཁྲོད་མུ་མཐུད་དེ་བྱེད་མཁན་གཅིག་ཡིན་ལ། དེ་ནི་འཕེལ་རིམ་གྱི་ཁྲོད་ནས་སྐྱབས་བཅོལ་བ་ན་གཞོན་ཚོའི་ཁྲོད་མ་གྲགས་པའི་འདུ་ཤེས་ཤིག་ཏུ་སོང་ཞིང་། ཁོང་ཚོའི་སེམས་ནང་གི་རྒྱ་ནག་ལ་བཅངས་པའི་འཁོན་སེམས་དེའང་ལོ་ངོ་མང་པོའི་རིང་གི་གྲུབ་འབྲས་མེད་པའི་འབྲེལ་མོལ་དང་དྲག་གནོན་ལས་བྱུང་བ་རེད།

ཏཱ་ལའི་བླ་མའི་སྐུ་ཚབ་དག་གིས་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་རྒྱུ་མཚམས་བཞག་པས་འབྲེལ་ལམ་དེ་དག་གི་གནས་སྟངས་ཀྱང་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད། རེད་དེ། སྐུ་ཞབས་དོན་གྲུབ་མཆོག་གིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ངོ་དགའ་བྱེད་བཞིན་འཚབ་འཚུབ་མི་གནང་བར་ཐབས་ཤེས་བྱས་པ་དང་ཁོང་གི་ཕྱོགས་གཉིས་ཀ་ཁ་ཐག་ཉེ་རུ་གཏོང་བའི་གཞི་རྒྱ་ཆེ་བའི་ཐབས་བྱུས་དེ་གྲ་སྒྲིག་ངང་སོར་གནས་བྱས་ཡོད་ལ། ཁོང་གི་ལག་འདོགས་ཆུ་ཚོད་ཀྱང་པེ་ཅིན་གྱི་དུས་ཚོད་དང་བསྟུན་ཡོད།

སྐུ་ཞབས་དོན་གྲུབ་གྱིས་རྒྱ་གར་གྱི་ཚོང་ལས་གྲོང་རྡལ་ཀ་ལིམ་སྦུག་(Kalimpong)གི་རང་ཁྱིམ་དུ་བཅར་འདྲི་ཞིག་སྐབས་སུ་གལ་སྲིད་ང་ཚོས་ངོས་ལེན་མི་བྱེད་ཀྱང་ང་སོང་ནས་ཁོང་ཚོར་སྐད་ཆ་བཤད་ངེས་ཡིན། ང་ཚོ་ངེས་བར་དུ་ཞི་བདེ་ངང་གནས་དགོས་པ་ནི་རྒྱ་བོད་གཉིས་ཀའི་ཁེ་ཕན་ཡིན་པས། ང་ཚོས་ངེས་བར་དུ་ཕན་ཚུན་ལ་འབྲེལ་བ་བྱེད་དགོས་ཞེས་གསུངས་འདུག གོ་དོན་དེ་ནི་ཏཱ་ལའི་བླ་མ་མཆོག་བྲོས་བྱོལ་ཏུ་འབྱོར་བའི་དུས་མཚམས་ཤིག་ལ་ཚོད་ལྟར་བསྔོས་པ་ལྟ་བུར་གྱུར་མོད། ལོ་སྔོན་མར་བོད་ནང་གི་ངོ་རྒོལ་གྱིས་རྒྱ་ནག་ས་ཁྱོན་ཡོངས་ལ་སྤྱི་ལོ་༡༩༥༩ལོའི་ཟླ་༣པའི་ཚེས་༡༠ཉིན་མོའི་རྟགས་མཚན་བཏབས་ཤིང་། བོད་ནང་གཞི་རྒྱ་ཆེ་བའི་ངོ རྒོལ་ལ་དྲག་གནོན་བྱས་པས། ད་ནི་ངོ་རྒོལ་དང་བཙོན་འཇུག་གི་སྙན་ཐོ་གསར་བ་མང་དུ་ཐོན་ཡོད།

གཟའ་ཕུར་བུའི་ཉིན་བོད་ནང་གི་དམར་ཤོག་སྲིད་གཞུང་གི་ལས་བྱེད་ཅིག་གིས་ནང་པའི་བླ་གྲྭ་ཚོས་ཆབ་སྲིད་བྱ་འགུལ་ལ་ངོ་རྒོལ་བྱེད་པར་ཉེན་བརྡ་བཏང་ཡོད་ལ། ས་གནས་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མི་བློ་བཟང་རྒྱལ་མཚན་ཟེར་བ་ཞིག་གིས་གྲྭ་བ་དང་བཙུན་མ་རྣམས་ཁོ་རང་གིས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་པ་ངོ་མ་ཟེར་བ་དེར་ངོས་འཛིན་དང་། དེ་བཞིན་དགོན་སྡེ་དང་བླ་བྲང་ཁག་གིས་བེད་སྤྱོད་བྱེད་པའི་ས་གནས་ཁག་ནི་ཟིང་འཁྲུག་སློང་བ་དང་འཇབ་རྒོལ་བྱེད་ས་རུ་ངོས་འཛིན་བྱེད་པའི་དགོས་འདུན་བཏོན་ཡོད་ཅེས་གཞུང་འབྲེལ་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བཀོད་ཡོད། དེའི་ཆ་ཤས་སུ་རྒྱ་ནག་གིས་སྤྱི་ཟླ་༣པའི་ཚེས་༢༨ཉིན་ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་འགྲོལ་ཐོབ་པའི་ཉིན་མོ་དང་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་བོད་ཀྱི་ཞིང་བྲན་བདག་པོ་རྣམས་མགོ་སློག་པའི་ཉིན་མོ་རུ་བརྩི་སྲུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས།།

བོད་པ་བཙན་བྱོལ་བའི་ལས་དོན་གྱི་ཁ་ཕྱོགས་ཤིོག་གི་དབང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་དེ་དུས་དྲན་གྱི་གཞུག་བར་དུ་ཕྱི་བསྣུར་བྱས་ཤིང་། ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་ཀྱིས་སྐབས་དེར་ང་ཚོ་རྩ་བའི་གནས་སྟངས་ཐད་ལ་སེམས་ཁྲལ་ཞེ་དྲགས་བྱུང་། ༸གོང་ས་མཆོག་གིས་དོགས་ཟོན་དང་སྟངས་འཛིན་ཐད་ལམ་སྟོན་གནང་ཡོད་པ་རེད་ཅེས་བརྗོད་འདུག བོད་པ་བཙན་བྱོལ་ཁྲོད་ཀྱི་ཚོགས་སྡེ་མང་པོ་ཞིག་གིས་ཏཱ་ལའི་བླ་མས་སྐུ་ཞབས་དོན་གྲུབ་ཀྱིས་རྒྱབ་འགལ་བྱེད་པའི་ཐབས་ལམ་ཞིག་སྟེ་རྒྱ་ནག་ཕྱོགས་ལ་མཁྲེགས་འཛིན་གནང་བ་མཐོང་འདོད་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མདུན་ཕྲག་དེ་དག་གི་སྔོན་དུ་རང་བཙན་དང་འབྲེལ་བའི་ལས་འགུལ་མང་པོ་ཞིག་གོ་སྒྲིག་བྱས་ཤིང་། བཙན་བྱོལ་བོད་གཞུང་གི་སྤྱི་ཁྱབ་ལས་ཁུངས་ཁག་རྟེན་གཞི་བྱས་པའི་རྒྱ་གར་བྱང་ཕྱོགས་ཀྱི་གྲོང་རྡལ་རྡ་རམ་ས་ལའི་ལས་འགུལ་གཅིག་ནི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་མགོ་ཁྲིད་དེ་བོད་ཀྱི་ལོ་གསར་གྱི་སྔ་ནུབ་སྲོལ་རྒྱུན་གྱི་གླུད་གཡུག་པའི་ཆ་ཤས་སུ་མོའོ་ཙེ་ཏུང་དང་རྒྱ་ནག་གི་སྲིད་འཛིན་ཧོའུ་ཅིན་ཐོ་གཉིས་ཀྱི་འདྲ་གཟུགས་མེར་བསྲེག་རྒྱུ་དེ་ཡིན།
སྐུ་ཞབས་དོན་གྲུབ་ཁོང་རང་ཉིད་དྲག་ཤུགས་ཀྱིས་རྒོལ་ལན་སྤྲོད་པའི་ཤུགས་རྐྱེན་འདི་འདྲ་ལ་མི་འཐད་ཅིང་། ཁོང་གིས་ཁོང་རང་ཉིད་མི་རབས་གསར་པ་ཚོའི་ཟུར་དུ་འབུད་རྒྱུ་གྲ་སྒྲིག་ཡིན་གསུངས་ཡོད་ལ། ཡང་ཁོང་གིས་ངས་ཞབས་འདེགས་ག་རེ་ཞུས་པ་དེ་ཡི་མཐའ་ལ་སླེབས་ཡོད། ངས་ཞེ་དྲགས་མང་པོ་བཤད་ཡིན་ཞེས་བརྗོད་ཡོད།

ཁོང་ལོ་ངོ་བཅུ་ཕྲག་གསུམ་གྱི་རིང་རྒྱ་ནག་གི་འགོ་ཁྲིད་དག་དང་ལྷན་དུ་འབྲེལ་མོལ་བྱས་པར་གྲུབ་འབྲས་འདི་ལས་ལྷག་ཅིག་མ་ཐོབ་པའི་རྒྱུ་མཚན་སྐོར་ལ་འཐོམ་ཡོད་ལ། དེ་བས་ཁོང་གིས། མི་ངན་ཤོག་ཁག་ཅིག་དང་ལྷན་དུ་སུ་ཞིག་གིས་སྙིང་རྗེ་དང་རྒྱུ་མཚན། ཀུན་སྤྱོད་བཅས་ཀྱིས་བགྲོ་གླེང་བྱེད་ཐུབ་བམ་ཞེས་དང་། ཡང་སྐུ་ཞབས་དོན་གྲུབ་ཀྱི་གདོང་ལ་རྒྱལ་ཁའི་འཛུམ་དང་བཅས་ཏེ། རེད་རེད། ཁོང་ཚོས་ང་ཡང་མི་ངན་ཞིག་རེད་བསམ་གི་ཡོད་རེད། ཅེས་གསུངས།

སྐུ་ཞབས་དོན་གྲུབ་ཀྱི་རྒྱ་ནག་དང་ལྷན་གྱི་འབྲེལ་བ་དེ་ནི་ཁོང་གི་གཅུང་པོ་སྤྱི་ལོ་༡༩༣༧ལོར་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་དུ་ངོས་འཛིན་ཞུས་པའི་རྗེས་ཙམ་ལ་འགོ་བཙུགས་ཤིང་། སྤྱི་ལོ་༡༩༤༠ཡི་སྟོད་དུ་དེ་དུས་དགུང་ལོ་༡༤སོན་པའི་སྐུ་ཞབས་དོན་གྲུབ་མཆོག་རྒྱལ་ཚབ་ཅིག་གིས་ནན་ཅིན་(Nanjing)ལ་རྒྱ་ནག་གི་སྤྱི་སྐད་སློབ་པར་མངགས་པ་དང་། དམག་འཁྲུག་གི་དུས་སྐབས་དེ་ཡི་ནང་གཙོ་བོ་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་ཆིང་ཀེ་ཤིག་(Chiang Kai-shek)དང་ལྷན་དུ་གྲོགས་བསྒྲིགས་པ་དང་མི་སེར་རིང་ལུགས་སྤྱི་ཁྱབ་ཅིག་གི་བུ་མོ་དང་མཉམ་དུ་གཉེན་སྒྲིག་བྱས། དམར་ཕྱོགས་ཤོག་ཁག་གིས་དབང་ཆ་བཟུང་རྗེས་ཁོང་རྒྱ་ནག་ནས་ཉེན་གཡོལ་གྱིས་རྒྱ་གར་ལ་ཡོང་།

སྤྱི་ལོ་༡༩༥༠ནང་བོད་སྲུང་སྐྱོབ་བྱེད་པར་འབད་བརྩོན་ཁྲོད་སྐུ་ཞབས་དོན་གྲུབ་མཆོག་འཇབ་དམག་ནང་འཛུལ་ཏེ་ཨ་རིའི་དབུས་གསང་བའི་ལས་ཁུངས་ནས་གནམ་མཆོང་བརྒྱབ་སྟེ་ཕྱིར་བོད་དུ་འབབ་མཁན་དམག་མི་ཚོར་སྦྱོང་བརྡར་དང་ལག་ཆ་དབོར་འདྲེན་གནང་ཡོད་ལ། འཇབ་དམག་མང་ཆེ་ཤོས་འཛིན་བཟུང་དང་དམར་གསོད་བྱས་ཟིན་པ་རེད།


ཁོང་གི་གཅུང་པོའི་བཀའ་འཁྲོལ་འོག་སྤྱི་ལོ་༡༩༧༩ལོར་སྐུ་ཞབས་དོན་གྲུབ་མཆོག་རྒྱ་ནག་གི་འགོ་ཁྲིད་ཏིན་ཞོ་ཕིན་(Deng Xiaoping)ལ་མཇལ་འཕྲད་བྱས་པ་དང་མི་ལོ་༡༤རིང་གི་འབྲེལ་མོལ་འགོ་བཙུགས། འབྲེལ་མོལ་གྱིས་ཐག་གཅོད་འབྱུང་བར་ཕམ་ཉེས་བྱུང་པས་སྐུ་ཞབས་དོན་གྲུབ་ཀྱིས་ཁོང་གི་སྐུ་ཚབ་ཀྱི་ལས་གནས་ནས་དགོངས་ཞུ་གནང་། རེད་དེ། ཁོང་གིས་སྔར་གྱི་འབྲེལ་བ་དག་མུ་མཐུད་ནས་ཉར་ཡོད། ལོ་གཅིག་གི་སྔོན་གྱི་ངོ་རྒོལ་དག་གི་རྗེས་སུ་ཁོང་གིས་རྒྱ་ནག་གི་འགོ་ཁྲིད་དག་ལ་ཐུག་འཕྲད་ཀྱིས་ཁོང་ཚོས་ཏཱ་ལའི་བླ་མར་མཚན་དམོད་ཞུ་བ་དག་གིས་བོད་མི་ཚོའི་ཁོང་ཁྲོའི་མེ་ལྕེ་སྦར་ངེས་པའི་སྐྱོན་བརྗོད་གནང་བ་དང་རྗེས་ལའང་ཁོང་གིས་འགོ་ཁྲིད་མཐོན་པོ་དག་ལ་ཁོང་ཚོའི་རྫུན་གཏམ་དེ་དག་མཚམས་འཇོག་དགོས་ཚུལ་བརྗོད་ཡོད། ཏཱ་ལའི་བླ་མའི་སྐུ་ཚབ་དག་གིས་སྤྱི་ཟླ་བཅུ་གཅིག་པར་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་ལས་དགོངས་པ་ཞུས་རྗེས། སྐུ་ཞབས་དོན་གྲུབ་ཀྱིས་དྷི་ལི་གསར་པའི་རྒྱ་ནག་གི་གཞུང་ཚབ་ཀྱི་ལས་བྱེད་དག་དང་ཐུག་འཕྲད་བྱས། ཐུག་འཕྲད་འདི་དག་གི་སྐབས་སུ་ཁོང་གིས་ཁོང་ཚོས་ཏཱ་ལའི་བླ་མའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་དགོས་འདུན་དེ་རང་བཙན་རྩོད་པར་གོ་བ་ལོག་སྒྲུབ་བྱེད་པར་དགག་སྒྲུབ་གནང་པ་དང་། ཉི་མ་མང་པོའི་རྗེས་སུ་ཁོས་རིགས་མཐུན་བོད་པ་ཚོར་པེ་ཅིན་ལ་ཁོང་ཁྲོ་མི་སློང་བ་དང་དབུ་མའི་ལམ་ལ་གཙིགས་འཛིན་བྱེད་པར་འབོད་སྐུལ་གནང་ཞིང་། ད་དུང་ཁོང་གིས་མི་མང་པོ་ཞིག་ལ་རྒྱ་ནག་ལ་སོང་ནས་རྒྱ་སྐད་སྦྱོང་དགོས་སྐོར་བརྗོད་ཡོད།

ཁོང་གིས་བོད་མི་ཚོས་རྒྱ་ནག་ལ་འབྲེལ་བ་བྱེད་དུས་གཟབ་གཟབ་བྱེད་དགོས། ང་རང་ཚོའི་དཀའ་ངལ་སེལ་ཕྱིར། ང་ཚོས་ཕན་ཚུན་ཤེས་རྟོགས་བྱེད་དགོས་ཅེས་གསུངས་པ་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་ཀྱི་གནད་དོན། ཐབས་ཤེས་མང་པོའི་གདོང་ཐུག་ཅིག

  1. ལོ་མ་ལྗང་ཁུ་ ནས།

    ཡག་པོ་འདུག་ཤེས་དགོས་བ་མང་པོ་ཤེས་བྱུང་།

Write a Reply or Comment

Your email address will not be published. Required fields are marked *

*