བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་གྱི་མི་སེར་ཆགས་པའི་དུས་ལ་བབས་ཡོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། མོའོ་ར་མོ་ནིའི་ཧེན


མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་པའི་ལོ་གསར་གྱི་ཟླ་བ་འདིའི་ནང་། ང་ཚོས་མཐོང་རྒྱུ་བྱུང་བ་ནི་ཡིད་སྐྱོ་བའི་གནས་སྟངས་ཤིག་རེད། མི་གྲངས་བརྒྱ་ལྷག་བརྒལ་བའི་བོད་པ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ཡུལ་དུ་ཕྱིར་གདན་འདྲེན་ཞུ་བར་རང་ཉིད་ཀྱི་ཚེ་སྲོག་མཆོད་མེར་བསྒྲོན་ནས་རྒྱ་ནག་ལ་ངོ་རྒོལ་བྱས་པ་དང་། གཟའ་འཁོར་སྔོན་མར། ཉེ་ཆར་རང་བོད་ནས་བཙན་བྱོལ་དུ་ཡོང་བའི་བོད་པའི་གྲྭ་པ་ཞིག་གིས། ཀཱ་ཐི་མེན་ཀྲུ་རུ་རང་ལུས་མེར་བསྲེགས་བཏང་པ་དང་། དེ་ནས་ས་གནས་སྨན་ཁང་དུ་འདས་གྲོངས་སུ་ཕྱིན་ཡོད། ཁོང་གིས་རང་ལུས་མེ་བསྲེགས་བཏང་བའི་སྣང་བརྙན་དེའང་འཛམ་གླིང་ས་ཕྱོགས་གང་སར་མཐོང་རྒྱུ་བྱུང་ཡོད་ལ། འདིས་མི་ལོ་༦༠རིང་རྒྱ་ནག་གིས་བོད་པར་བཙན་ཤེད་བྱས་པའི་གསང་བ་དེ་ཉིད་བརྟོལ་རྒྱུ་བྱུང་པ་རེད།

བོད་པ་ཚོས་རང་ལུས་མེར་སྲེག་གཏོང་པའི་དུས་སྐབས་འདིར། རྒྱ་དམར་གྱིས་དམག་དཔུང་གིས་བོད་ས་ཡོངས་སུ་བསྐོར་ནས་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་ས་ཁྱོན་བཙན་གནོན་གཏོང་པའི་དུས་སྐབས་འདིར། འཛམ་གླིང་མཉམ་འབྲེལ་ཚོགས་པས་རྒྱ་ནག་གི་བཙན་འོག་ཏུ་གནས་ཞིང་གནོད་འཚེ་ཕོག་མཁན་སོགས་སྐྱོབ་ཐབས་གནང་རྩིས་ཡོད་པའི་དུས་སྐབས་འདིར། ང་ཚོས་ཅིས་ཀྱང་བོད་པ་ཚོ་ཛ་དྲག་གི་གནས་སྟངས་འདི་ནས་ཇི་ལྟར་སྐྱོབ་ཐབས་ལ་བསམ་བློ་གཏོང་རན་ཡོད། ཏཱ་ལའི་བླ་མ་རྒྱ་གར་ཧི་མ་ཅལ་མངའ་སྡེ་རུ་བཞུགས་འགོ་བརྩམས་པ་ནས། རྒྱ་གར་དུ་གནས་སྡོད་བྱེད་པའི་བོད་པ་ཚོར་སྲུང་སྐྱོབ་ཡོད་པ་རེད་མོད། འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ལ་དཀའ་ངལ་་ཡོད་ཡོད་པ་རེད། བཙན་བྱོལ་སྤྱི་ཚོགས་འདི་ཉིད་སྤྱི་ལོ་༡༩༦༠ནས་པཎ་ཏྲི་ནེ་རོ་མཆོག་གིས་འགོ་བརྩམས་པ་རེད་མོད། ཁོང་ལ་བོད་པ་ཚོ་གཏན་སྡོད་བྱེད་པའི་བསམ་བློ་ནི་མེད་པ་རེད། གཞིས་ཆགས་རྙིང་པ་ཚོ་དབུལ་ཞིང་ཁ་འཐོར་ཏུ་གནས་ཡོད་པ་དང་། ཁོང་ཚོ་མང་པོས་གཞིས་ཆགས་འཛུགས་པའི་ཁེར་རྐྱང་དང་ཁྲིམས་མཐུན་ངོ་བོ་མེད་པའི་གནས་བགོས་སྲིད་ཇུས་ལ་འདོད་པ་མེད་པ་རེད།

རྒྱ་ནག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་དམག་ཤུགས་ཆེས་ཆེར་གཏོང་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དུ་དཀའ་རྙོག་གང་མང་བཟོས་པ་ནས། བཙན་བྱོལ་བོད་མི་ཚོའང་ཉམ་ཆུང་ནུས་མེད་དུ་ལྷག་པ་དང་། དགའ་བསུ་དང་ཆབ་སྲིད་ཀྱི་ཁྱབ་བརྡལ་དེ་ཉུང་དུ་གྱུར་པ་རེད། ལྷོ་ཨེ་ཤ་ཡའི་བཙན་བྱོལ་བ་རྣམས་ལ་སྡོད་གནས་ཤིན་ཏུ་ཉུང་བའི་དུས་སྐབས་སུ། མི་འབོར་༡༥༠༠༠༠ཙམ་མཆིས་པའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱལ་ཁབ་མེད་པར་་གནས་ཐབས་མེད་པ་རེད། མི་ལོ་༥༤་རིང། བོད་པ་ནི་པཱ་ལི་སི་ཐེན་(palestinians)གཉིས་པར་གྱུར་ཡོད་པ་དང་། འཛམ་གླིང་ནང་དཀའ་རྙོག་སེལ་མེད་པར་གནས་པའི་དུས་ཡུན་རིང་ཤོས་ཀྱི་མི་རིགས་ཤིག་ཡིན། དུས་སྐབས་འདི་འདྲའི་ནང་། བཙན་བྱོལ་བོད་མི་རྣམས་ལ་རྒྱལ་ཁབ་ཀྱི་མི་སེར་ལག་འཁྱེར་མཁོ་བ་རེད་ལ། དགོས་ཀྱང་དགོས་པ་རེད། བོད་མི་ཚོས་རང་ཉིད་ཀྱི་གོང་དུ་བཞུགས་པའི་དབུ་ཁྲིད་ཚོར་བལྟས་པ་ན། ཁོང་ཚོས་ཕྱི་རྒྱལ་ཡུལ་མིའི་ལག་འཁྱེར་བཟོས་པ་དང་། རང་ཉིད་ལ་སེམས་འཁྲལ་མེད་པར་བཟོས་ཚར་པ་རེད། བཙན་བྱོལ་བོད་མིའི་དབུ་ཁྲིད་བློ་བཟང་སེང་གེར་མཚོན་ན། ཁོང་ནི་ལོ་མང་རིང་ཨ་རིར་གནས་སྡོད་བྱས་པ་དང་། ཨ་རིའི་གནས་སྡོད་ལག་འཁྱེར་ཡོད་པ་རེད་ལ། ནང་མི་ཚོའང་བྷོ་སི་ཏྲིན(Boston)ལ་བདེ་ལྷོད་སྤྲོ་ཉམས་ངང་གནས་འཁོད་བྱས་ཚར་པ་རེད་མོད། ཡིན་ནའང་ཁོང་གིས་ཡང་ནས་བསྐྱར་ཏུ་བོད་ཀྱི་འཐབ་རྩོད་ནི་སྐྱབས་བཅོལ་བའི་ངོ་བོའི་ཐོག་གནས་དགོས་ཞེས་གསུང་བསྡད་ཡོད་པ་རེད།

བློ་བཟང་སེང་གེ་ལགས་ཀྱིས་རིམ་བཞིན་ཉམས་རྒུད་དུ་འགྲོ་བ་དང་། ཁེར་རྐྱང་དུ་གནས་པའི་གཞིས་ཆགས་ཀྱི་སྒྲོམ་གཞི་འདིའི་ནང་། ལས་ཀ་ལས་མི་ཆོག་པ་དང་། ཁང་པ་ཉོ་མི་ཆོག་པ། ཚོང་ལས་དེབ་འགོད་བྱེད་མི་ཆོག་པའི་བཙན་བྱོལ་སྐྱབས་བཅོལ་བའི་གནས་སྟངས་དང་ངོ་བོ་འདིས་ཇི་ལྟར་བོད་དོན་འཐབ་རྩོད་ལ་ཕན་འདོགས་ཀྱིན་ཡོད་པར་འགྲེལ་བརྗོད་ནམ་ཡང་བྱས་མེད་པ་རེད། དེ་ཡང་གནས་སྟངས་དེ་ཉིད་ཀྱང་བོད་མི་དང་བོད་པ་སྐྱོབ་མཁན་དང་སྲུང་མཁན། བོད་མི་ཚོ་སྔ་ས་ནས་མཐུན་གོམས་འཐེབས་ཚར་པ་དང་། ཏཱ་ལའི་བླ་མ་བཞུགས་བཞིན་ཡོད་པ། ནུབ་ཕྱོགས་དང་མི་འདྲ་པར་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ཕལ་ཆེར་འདྲ་མཚུངས་ཡིན་པ་དང་། འཛམ་གླིང་ནང་མང་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད།

ཁྱབ་ཆེན་པོར་མཁྱེན་རྟོགས་མེད་པ་ཞིག་ནི། རྒྱ་གར་གྱི་ཁྲིམས་ལུགས་ནང་། བོད་པ་ཚོ་བཙན་བྱོལ་སྐྱབས་བཅོལ་བ་ལ་ངོས་འཛིན་བྱེད་ཀྱིན་མེད་པ་དང་། རྒྱ་གར་གྱིས་བོད་མི་ཚོར་གནང་བའི་RCནི་གནས་སྡོད་ཐོ་འགོད་ལག་དེབ་ཅིག་ཡིན་པ་ལས་སྐྱབས་བཅོལ་ལག་འཁྱེར་མིན་པ་རེད། རྒྱ་གར་གྱི་ཕྱི་རྒྱལ་ཡུལ་མིའི་ཁྲིམས་ལུགས་(༡༩༤༦)དང་ཕྱི་རྒྱལ་ཡུལ་མིའི་ཐོ་འགོད་ཁྲིམས་ལུགས་(༡༩༣༩)ནང་། བོད་མི་ནི་ཕྱི་རྒྱལ་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། འདི་ནི་རྒྱ་གར་དུ་བོད་པ་གཙོས་པའི་སྐྱབས་བཅོལ་བ་གཞན་པ་ཚོར་སྤྱི་ཁྱབ་ཀྱི་མཚན་ཉིད་ཅིག་ཏུ་གྱུར་ཡོད་པ་རེད། ཏཱ་ལའི་བླ་མ་རྒན་ཡོལ་ཞུས་བའི་རྗེས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ནམ་ཡང་རྒྱལ་སྤྱིའི་ཐོག་ངོས་ལེན་ངོ་མ་ཞིག་ཐོབ་མེད་པ་དང་། རྒྱ་གར་དང་མཉམ་བསྲེས་སུ་གནས་པ་དེའང་གྲུབ་འབྲས་མེད་པ་ཞིག་རེད་མོད། ཡིན་ནའང་བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དེ་ཉིད་དོན་དངོས་ཀྱིས་བཙན་བྱོལ་སྐྱབས་བཅོལ་སྤྱི་ཚོགས་དེ་ཉིད་སྟངས་འཛིན་བྱེད་མཁན་ཞིག་ཏུ་གྱུར་ཡོད། ཨ་རིའི་དོན་གཅོད་ཅིག་གིས་ང་ལ་འདི་ལྟར་བཤད་སོང་སྟེ། “བཙན་བྱོལ་སྒྲིག་འཛུགས་ནས་བོད་མི་ཨ་རིར་སྐྱོད་མཁན་ཚང་མ་ལ་ཕྱི་བསྐྱོད་ལག་འཁྱེར་གནང་རོགས་ཞེས་རེ་བ་ཞུས་སོང་ལ། ངས་རེ་བ་འདིར་ཐག་གཅོད་བྱེད་རྒྱུ་དཀའ་ནའང་། གནད་དོན་འདིས་རྒྱ་གར་དུ་གནས་པའི་བོད་མི་སྐྱབས་བཅོལ་བ་ཚོར་ཁྲིམས་ལུགས་ཁྱབ་ཁོངས་ཇི་ཙམ་ཡོད་མེད་གསལ་སྟོན་ཐུབ་པ་རེད།”

དོན་དངོས་ཐོག་བོད་པ་ཚོ་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་གྱི་ཁྲིམས་ལུགས་སྟངས་འཛིན་འོག་གནས་པའི་ཡུལ་མི་ཞིག་ཡིན་པ་རེད། དྲིལ་བསྒྲགས་ཆེ་བའི་ལོ་གསུམ་ཁྲིམས་དོན་ཁ་མཆུ་སྟེ། རྡ་རཱ་རྡེན་དུ་གནས་བཞུགས་རྣམ་རྒྱལ་སྒྲོལ་དཀར་ལྷ་རྒྱལ་རི་ལ་མཚོན་ན། ཁོང་གིས་རང་ཉིད་རྒྱ་གར་དུ་སྐྱེས་པ་རྒྱུ་མཚན་དུ་བཟུང་ནས། རྒྱ་གར་རྩ་ཁྲིམས་དོན་ཚན་གཞི་བཞག་རྒྱ་གར་ཡུལ་མིའི་ལག་འཁྱེར་བརྩད་ནས་འཐོབ་པ་དང་། དེས་ཀྱང་བོད་པ་མང་པོར་རྒྱ་གར་ཡུལ་མིའི་ལག་འཁྱེར་རྩོད་པར་སེམས་ཤུགས་བསྐྱེད་པ་རེད་མོད་། ཡིན་ནའང་བཙན་བྱོལ་སྒྲིག་འཛུགས་ངོས་ནས་ད་དུང་ཡང་བོད་པ་ཚོ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་གནས་ན་དོན་ཕན་ཆེ་ལུགས་བརྗོད་ཀྱིན་ཡོད། དོན་དངོས་ཐོག་དེ་ཉིད་ཀྱི་ཡུལ་མིའི་ལག་འཁྱེར་ཡོད་མཁན་ཚོ་ལས་དོན་ཕན་ཆུང་བ་རེད། ཁོང་ཚོས་དངོས་ཡོད་དགོས་མཁོ་དང་གནས་ལུགས་དོར་ཏེ་སྔོན་སྲོལ་རྒྱུན་འཛིན་བྱེད་ཀྱིན་ཡོད་པ་དེས། དོན་དངོས་ཐོག་རྒྱ་གར་དང་རིག་གཞུང་སོགས་གང་གི་ཆ་ནས་མཉམ་འབྲེལ་དུ་གནས་པའི་བོད་རིགས་ན་གཞོན་ཚོར་གནོད་བསྐྱལ་པ་རེད་ལ། ཁྲིམས་ལུགས་སུ་ཕྱི་གླིང་བའི་ངོ་བོར་གནས་པའི་གནད་དོན་དེས་བོད་རིགས་རུལ་སུངས་དང་ནུས་མེད་དུ་གཏོང་རྒྱུ་རེད། བློ་བཟང་སེང་གེ་ལགས་ཀྱིས་ཡུལ་མིའི་ལག་འཁྱེར་གྱི་ཁེ་ཕན་གསལ་རྟོགས་བྱུང་ལོས་ཡོད།

ཨ་རིའི་དངུལ་ཁང་གི་དྲ་རྒྱ་ནས་ཁོང་ཉིད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དམ་བཅའ་མ་གནང་སྔོན་གྱི་བདུན་ཕྲག་གཅིག་ནང་། ཁོང་ཉིད་ཀྱིས་ཨ་རི་གནས་སྡོད་ལག་འཁྱེར་ཐོག་ཕྱི་བསྐྱོད་གཏའ་མ་འཇོག་ཆོག་པར་གཏན་འབེབས་བྱུང་ཡོད་པ་རེད། ཁོང་ནི་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བསྐྱོད་ཐུབ་པ་དང་། ཡིན་ནའང་བོད་མི་གཞན་པ་རྣམས་RCཡོད་ནའང་ལག་འཁྱེར་མི་རག་པ་དང་། ཨ་རིའི་གཞུང་ནས་ཕྱི་བསྐྱོད་གཏའ་མ་སོགས་ཁས་ལེན་བྱེད་པ་སོགས་ཤིན་ཏུ་དཀའ་ངལ་ཡོད།

ཡུལ་མི་ཞིག་ཡིན་ན། བོད་པ་ཚོ་རྒྱ་གར་རྩ་ཁྲིམས་གཏན་འབེབས་བཞིན་ནང་པ་དང་ཧི་མ་ལ་ཡའི་མི་ཁུངས་སུ་བཞུགས་ཆོག་པ་དང་། བཙན་བྱོལ་སྐྱབས་བཅོལ་བ་ཞིག་ཏུ་གནས་ན་རྒྱ་ནག་གི་ཤུགས་རྐྱེན་འོག་དཀའ་ངལ་ནང་ལྷུང་རྒྱུ་རེད། ངས་བསམ་པར་བཙན་བྱོལ་བོད་པ་སྐྱབས་བཅོལ་བ་གང་མང་གིས་རྒྱ་གར་གྱི་ཡུལ་མིའི་ལག་འཁྱེར་བླངས་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ཐོབ་ཐང་ལེན་འདོད་ཡོད་ངེས་རེད་སྙམ། དེ་ནི་བོད་པ་ཚོར་ངེས་པར་ཏུ་དགོས་ངེས་ཀྱང་རེད། རྒྱ་གར་ནས་བོད་པ་ཚོར་གཞན་ལས་ལྷག་པའི་ཐུགས་འཁུར་གནང་བཞིན་པ་ཡིན་པས། བོད་པ་ཚོ་ཅིས་ཀྱང་གྷ་དིའི་(Gandhi)ནང་མི་རུ་འཛུལ་བའི་ཆ་རྐྱེན་ཡོད་ངེས་རེད། ཛ་དྲག་གི་དུས་སྐབས་འདིའི་ནང་། བོད་པ་ཚོར་ཡུལ་མིའི་ཐོབ་ཐང་ཡོད་ན་ཕྱི་གླིང་བའི་ངོ་བོ་དོར་ཏེ་རང་ཉིད་ཐོར་བརླག་ཏུ་མི་འགྲོ་པར། སྔར་ལས་ལྷག་པར་ལས་དོན་བསྒྲུབ་ཐུབ་ངེས་རེད། ཡུལ་མེད་ཁེར་རྐྱང་གི་ངོ་བོ་ནས་མི་རིགས་དེ་ཉིད་སྣང་མེད་དང་འཐོར་བཤིག་འགྲོ་ངེས་ལོས་ཡིན། དེས་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་གྱི་མ་ལག་ཚོས་བོད་པའི་བཙན་བྱོལ་སྐྱབས་བཅོལ་བའི་ནུས་པ་ཉམས་རྒུད་དུ་གཏོང་ངེས་ལོས་ཡིན།

གལ་སྲིད་བཙན་བྱོལ་སྒྲིག་འཛུགས་འདི་ཉིད་འཐོར་བཤིག་ཏུ་སོང་ན། སུས་བོད་དོན་ཐད་གླེང་སློང་བྱེད་རྒྱུ་རེད་དམ། དགུན་དུས་ཤིག་གི་ཕྱི་དྲོ། ང་དང་བོད་རིགས་སྙན་ངག་པ་དང་། འཐབ་རྩོད་པ་ལྷ་བཟང་ཚེ་རིང་གཉིས་མེ་ཏོག་ལྡུམ་རྭ་ཞིག་ཏུ་ཇ་དང་ས་མོན་ས(samonsas)ལ་རོལ་པའི་སྐབས། ཁོང་གིས་ཀང་ར་རི་སུལ་(Kangra vellege)ལ་མིག་ཅེར་ཏེ་“ང་ཚོ་རྒྱ་གར་ལ་ཡོང་པ་ནི་འཛམ་གླིང་ཐོག་བཙན་བྱོལ་སྒྲིག་འཛུགས་ཡག་ཤོས་དེ་རྩོད་པར་ཡོང་མེད་ལ། ང་ཚོ་འདིར་ཡོང་དོན་ནི་བོད་དུ་གནས་པའི་འུ་ཅག་གི་གཅེན་པོ་དང་གཅེན་མོ་ཚོའི་ཆེད་འཐབ་རྩོད་བྱེད་པར་ཡོང་པ་རེད། དེ་ནི་ང་ཚོས་ནམ་ཡང་བརྗེད་མི་རུང”ཞེས་གསུངས་སོང་། འདི་ནི་གནད་དོན་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་གྱི་མི་སེར་ཆགས་པའི་དུས་ལ་བབས་ཡོད།

  1. བོད་རིགས་བུ་མོ་ ནས།

    ཁོང་མོའོ་རྩོམ་ཡིག་དེར་སྤུས་ཚད་འདུག དོན་ངོ་མ་ཁོང་མོ་སྲིད་སྐྱོང་བློ་བཟང་སེང་གེར་འདོད་པ་མེད་པ་ཞིག་ཡིན་བཟོ་འདུག ཁོང་མོའི་སྔོན་མ་སྤེལ་བའི་རྩོམ་ཆ་ཚང་རྒྱ་ནག་གཞུང་དང་གཅིག་པ་གཅིག་རྐྔང་རེད་འདུག ཁོང་མོ་དེ་སྔ་བྲིས་པའི་རྩོམ་ཡིག་དང་རྗེས་སུ་ཡེ་རྡོར་གྱིས་བྲིས་པའི་སྲིད་སྐྱོང་དང་གཞུང་ལ་སྐྱོན་འཛུགས་བྱས་པའི་ནང་དོན་ཆ་ཚང་གཅིག་པ་རེད་འདུག སྒྱུར་རྩོམ་དེ་རིགས་མང་ཙམ་བཏོན་ཐུབ་ན་བོད་མིའི་སེམས་ཤུགས་བཅགས་རྒྱུ་དང་། ནང་ཁུལ་འཁོན་འཁྲུག་བཟོ་རྒྱུར་ཕན་ཐོགས་པ་འདུག ཞིབ་འཇུག་རྩ་བ་ནས་མ་བྱས་པར་དགའ་མདོག་ཁ་པོས་དེ་འདྲ་སྤེལ་ཕོད་པ་སུས་བསྐུལ་མ་བཏང་བ་རེད། སྐར་ཁུང་རྩོམ་སྒྲིག་པ་ལགས། ངེས་པར་ཡིད་གཟབ་གནང་རོགས། དགྲ་བོའི་ལག་ཆ་གནམ་ལ་འཆར་ནས་བོད་མི་ནང་ཁུལ་དུ་དགྲ་མ་སློང་། ངེས་པར་གཤམ་གསལ་རྒྱ་ནག་གཞུང་གི་རྩོམ་ཡིག་དང་ཁོང་མོའི་རྩོམ་ཡིག་གི་དམིགས་ཡུལ་གཅིག་རེད་འདུག་པས་ངེས་པར་ཐུགས་སྣང་གནང་རོགས། བོད་རྒྱལ་ལོ།

  2. གོང་གི་རྩོམ་ཡིག་དེས་སྲིད་སྐྱོང་མཆོག་ལ་མ་དགའ་པ་དང་འདོད་པ་མེད་པ། ཕྱོགས་སུ་ལྷུང་པ་ཞིག་མིན་པར་དོན་དངོས་གཞིར་བཞག་གིས་བྲིས་པ་རེད་འདུག་ལ། ང་ཚོ་བོད་མི་ཚོས་གཞན་ཁ་ནས་མངར་མོ་རྐྱང་བཤད་ན་དགའ་མདོག་དང་སྐྱུར་དྲི་བྲོ་བའི་རིགས་ཕྱིར་བཏོན་ཡོང་ཚེ། ཅིག་འགྲིག་གི་མེད་པར་བརྗོད་པ་ནི་རང་མགོ་རང་གིས་གཡོག་ཐབས་ལས་ཅི་ཕན།

    *** Post forbidden. Does not affect the subject material. Request number 88d12ff17b8e91d3de724051a0167e3d. Automoderator cleantalk.org. ***

  3. མོའོ་རཱ་ལགས་ནས་རྩོམ་ཡིག་ཁྱད་འཕགས་ཤིག་བཏོན་འདུག དངོས་གནས་ཐབས་ལམ་དེ་འདྲ་ཅིག་བཏོན་ན་ཡག་པོ་ཡོད་ས་རེད་མ་གཏོགས།རྒྱ་གར་བོད་གཞུང་སྐུ་ཚབ་དོན་གཅོད་ལ་གྲོགས་འབྲེལ་གཏིང་ཟབ་ཡོད་པ་དང་།ཡང་ན་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོར་དངུལ་གྱི་ལྟག་སྒོ་བརྒྱུད་སྟངས་ཡག་པོ་ཧ་མི་གོ་མཁན་གྱི་བོད་མི་དཀྱུས་མ་ཅིག་ཡིན་ན།ཕྱིར་བསྐྱོད་ལག་དེབ་ལྟ་བུ་ཡར་ཞུ་ལོ་བཅུ་གྲངས་བྱས་ཀྱང་ལན་གང་ཡང་མེད་པར་བཞག་སྟེ།ཐ་མར་བཟའ་ཚང་ཁ་བྲལ་སོང་བ་དང་མདུན་ལམ་བརླག་པ།མི་ཚེའི་ཁ་ཕྱོགས་ཁོ་རང་སྡུག་བསྔལ་ནང་ཚུད་དེ་རིག་འཚོ་མ་ཟིན་པར་གྱུར་པ་སོགས་མང་པོ་ཡོད་པ་རེད།
    འོན་ཀྱང་།ཡར་ཞུ་བ་དེ་ཚོ་བདག་མེད་བོད་པ་ཁྲིམས་ཐོག་ནས་སྐྱབས་བཅོལ་བ་མིན་ལ་མི་སེར་ཀྱང་མིན་སྟབས།དོན་དངོས་སྟེང་དངུལ་དང་རྒྱབ་རྩ་མེད་ན་ཡར་ཞུ་གཏུག་བྱེད་ས་གཅིག་ཀྱང་མེད་པ་རེད།
    ཁྱེད་ལ་སྐྱིད་སྡུག་ལེགས་ཉེས་གང་བྱུང་རང་གི་རླུང་རྟ་ཁོ་ན་ཙམ་མ་གཏོགས་ཁྲིམས་སྒྲིག་གི་རྒྱབ་རྟེན་གང་ཡང་མེད་པས།མི་སྒེར་མི་རེ་ངོ་རེར་འདིས་དཀའ་ངལ་ཅི་ཙམ་ཡོང་གི་ཡོད་ཚོད་དཔག་བྱེད་སླ་མོ་རེད།

Write a Reply or Comment

Your email address will not be published. Required fields are marked *

*