བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གཏོང་གི་ཡོད་དམ།

(རྒྱ་མིས་ཁྲག་གི་རྒྱ་མཚོ་འཁྱིལ་བའི་ཨ་མཆོག་དམར་གསོད་ཆེན་མོའི་གཏིང་ནད་ཤེས་ཀྱི་མེད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་འོད་ཟེར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རང་ལུས་མེར་བསྲེགས་བཏང་བའི་ཨ་མཆོག་གི་འབྲོག་མི་བཀྲ་ཤིས་ཚེ་རིང་སྐོར་གྱི་ཟིན་ཐོ།

ཀྲུང་དབྱང་གི་འབྲེལ་ཡོད་གསལ་བཤད་ཁྲོད། དགའ་ལྷང་ལྷང་གི་ངང་ནས་ལོ་དེའི་དམག་འཐབ་སྟེ་༡༩༥༠ལོ་ནས་༡༩༥༨ལོའི་བར་གྱི་དམག་འཐབ་དེ་ལ་ནས་ངོ་ལོག་ཟིང་འཁྲུག་ཅེས་བཏགས་འདུག དཔེར་ན་ཨ་མཆོག་ངོ་ལོག་ཟིང་འཁྲུག ཨ་མཆོག་གི་དོན་རྐྱེན། ཞེས་བཏགས་པ་ལྟ་བུ་རེད། ཀྲུང་གུང་གིས་རྟ་ཞོན་གྲི་འཕྱར་རམ་ཡང་ན་མེ་མདའ་བཟུང་བའི་ངོ་རྒོལ་མཁན་འབྲོག་པ་མང་ཚོགས་ལ་རྐང་དམག་དང་རྟ་དམག ཐ་ན་གནམ་དམག་སྤྱད་ནས་ཟིང་འཁྲུག་ཞི་འཇགས་སུ་བཏང་། དྲ་ལམ་ནས་སྒྲ་ལེན་བྱས་པའི་ཁྲོད་ཀྱི་དམག་འཁྲུག་ཐེངས་གཅིག་གི་གསལ་བཤད་དུ། ༡༩༥༨ལོ་་་་་་ཀན་ལྷོ་དམག་ཁུལ་དུ་ཕྱི་ཟླ་༤བའི་ཚེས་༢ཉིན་རྟ་དམག་རུ་ཁག་དང་པོ་དང་གསུམ་པ་བསྐོངས་༼རུ་གཅིག་ཏུ་བསྒྲིལ་ནས་༽ཤིང་། རྐང་དམག་རུ་ཁག་གཅིག་དང་མཉམ་རུབ་ཐོག་ཨ་མཆོག་གི་ངོ་ལོག་ཟིང་འཁྲུག་སློང་མཁན་ནི་ཐུན་མོང་གིས་ཕར་རྒོལ་བྱེད་སའི་དམིགས་འབེན་དུ་བཟུང་ཡོད་་་་་དམག་རྒྱག་ཐེངས་གཅིག་གིས་དགྲ་བོ་༡༥༠༠ བསྡེབས་གསོད་བྱས་པ་རེད་ལ། ༡༩༥༨ལོ་་་་་ཕྱི་ཟླ་༤བའི་ཚེས་༢ཉིན་་་་་་་མཁའ་དམག་རང་བཙན་རུ་ཁ་༤བས་མཚོན་ཆ་ཅན་གྱི་འཕུར་གྲུ་བཞི་མངག་གཏོང་གིས་་་་ཨ་མཆོག་ཕྱོགས་སུ་འཕུར་ཏེ། སྐམ་དམག་དང་མཉམ་རུབ་ཀྱིས་དཔུང་འཇུག་བྱས་པ་རེད།

ཉིན་གཉིས་ཀྱི་སྔོན་ཏེ་ཕྱི་ཟླ་༡་པོའི་ཚེས་༡༢ཉིན། ཧ་ཅང་འཁྱག་པའི་གངས་ལྗོངས་མཐོ་སྒང་ནས་ལོ་ན་གཞོན་པའི་འབྲོག་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་པའི་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་བྱུང་། ཁོང་གི་མཚན་ལ་བཀྲ་ཤིས་ཚེ་རིང་ཟེར་ཞིང་། དགུང་ལོ་༢༢། ཨ་མདོ་ཨ་མཆོག་གི་རེད། ལོ་སྔོན་མར་བོད་མི་བརྒྱ་ལྷག་གི་རང་ལུས་མེར་བསྲེགས་བཏང་བའི་ཁྲོད། ཁོང་ནི་༢༠༡༣ལོར་རང་ལུས་མེ་རུ་བསྒྲོན་མཁན་གྱི་དཔའ་བོ་ཐོག་མ་དེ་རེད།

ཨ་མཆོག་ནི་གཅིག་ནས་བཤད་ན་ས་ཆའི་ཆགས་དབྱིབས་སམ་ས་བབ་རྣ་གཤོག་དང་འདྲ་ཞིང་། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་མཆོག་གསུམ་ལ་མཆོད་པ་བྱེད་སའི་གནས་རྩ་ཆེན་ཞིག་སྟེ། ཐུད་བྷོད་༼བོད་༽ཀྱི་དངོས་ཡོད་ལོ་རྒྱུས་ཁྲོད་སྙན་གྲགས་ཆེ་བའི་གནས་ཤིག་རེད། མིག་སྔའི་སྲིད་འཛིན་ས་ཁུལ་གྱི་སྲིད་བྱུས་ཁྲོད། ཨ་མཆོག་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་གྲོང་རྡལ་ཞིག་ཡིན་ལ། དེའི་ཁོངས་སུ་སྡེ་བ་བཅུ་ཡོད། འོན་ཀྱང་ལོ་རྒྱུས་ཀྱི་སྟེང་ཨ་མཆོག་ནི་འབྲོག་སྡེ་ཆེ་ཤོས་ཤིག་ཡིན་ལ། ཨ་མཆོག་གོང་བརྒྱད་དང་ཨ་མཆོག་ཞོལ་བརྒྱད་གཉིས་ཀྱིས་གྲུབ་ཡོད། ས་ཁོངས་ཧ་ཅང་རྒྱ་ཆེ། འབྲོག་པའི་གྲངས་འབོར་མང་བ་མ་ཟད་ཨ་མཆོག་དགོན་པ་མིང་གྲགས་ཅན་ཡིན། དགེ་ལུགས་པའི་དགོན་ཆེན་བླ་བྲང་དགོན་པའི་ཁོངས་སུ་གཏོགས། འོན་ཀྱང་། ༡༩༥༠ ལོའི་ནང་ཨ་མཆོག་གི་ཚོ་བ་ཆ་ཚང་གིས་ཀྲུང་གུང་དམག་དཔུང་དང་གཡུལ་འཐབ་དྲག་པོ་བྱས་ཏེ། དྲག་གནོན་གྱི་ཁྲོད་ནས་རྩ་གཏོར་ཕྱིན་པ་རེད། ཨ་མཆོག་ཚོ་བའི་ཛཱ་ཡེ་རིན་པོ་ཆེ་བསྟན་འཛིན་དཔལ་འབར་གྱིས་བརྩམས་པའི་ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས་ཀྱི་ནང་དུ། ཡིད་སྐྱོ་བའི་ཟིན་ཐོ་སྟེ་མི་སྤྱོད་ལས་འདས་པའི་དམར་གསོད་ཆེན་མོ་ཞེས་བཏགས་ཡོད།

འོན་ཀྱང་། ཀྲུང་གུང་གི་འབྲེལ་ཡོད་གསལ་བཤད་ནང་དུ། རྒྱལ་ཁ་ཐོབ་མཁན་དང་བཙན་འཛུལ་མཁན་གྱིས་བརྗོད་པ་གཞི་ལ་བཞག་སྟེ་དགའ་ལྷང་ལྷང་གི་ངང་ནས་ལོ་དེའི་དམག་འཐབ་སྟེ་༡༩༥༠ལོ་ནས་༡༩༥༨ལོའི་བར་གྱི་དམག་འཐབ་དེ་ལ་ནས་ངོ་ལོག་ཟིང་འཁྲུག་ཅེས་བཏགས་འདུག དཔེར་ན་ཨ་མཆོག་ངོ་ལོག་ཟིང་འཁྲུག ཨ་མཆོག་གི་དོན་རྐྱེན། ཞེས་བཏགས་པ་ལྟ་བུ་རེད། ཀྲུང་གུང་གིས་རྟ་ཞོན་གྲི་འཕྱར་རམ་ཡང་ན་མེ་མདའ་བཟུང་བའི་ངོ་རྒོལ་མཁན་འབྲོག་པ་མང་ཚོགས་ལ་རྐང་དམག་དང་རྟ་དམག ཐ་ན་གནམ་དམག་སྤྱད་ནས་ཟིང་འཁྲུག་ཞི་འཇགས་སུ་བཏང་། དྲ་ལམ་ནས་སྒྲ་ལེན་བྱས་པའི་ཁྲོད་ཀྱི་དམག་འཁྲུག་ཐེངས་གཅིག་གི་གསལ་བཤད་དུ། ༡༩༥༨ལོ་་་་་་ཀན་ལྷོ་དམག་ཁུལ་དུ་ཕྱི་ཟླ་༤བའི་ཚེས་༢ཉིན་རྟ་དམག་རུ་ཁག་དང་པོ་དང་གསུམ་པ་བསྐོངས་༼རུ་གཅིག་ཏུ་བསྒྲིལ་ནས་༽ཤིང་། རྐང་དམག་རུ་ཁག་གཅིག་དང་མཉམ་རུབ་ཐོག་ཨ་མཆོག་གི་ངོ་ལོག་ཟིང་འཁྲུག་སློང་མཁན་ནི་ཐུན་མོང་གིས་ཕར་རྒོལ་བྱེད་སའི་དམིགས་འབེན་དུ་བཟུང་ཡོད་་་་་དམག་རྒྱག་ཐེངས་གཅིག་གིས་དགྲ་བོ་༡༥༠༠ བསྡེབས་གསོད་བྱས་པ་རེད་ལ། ༡༩༥༨ལོ་་་་་ཕྱི་ཟླ་༤བའི་ཚེས་༢ཉིན་་་་་་་མཁའ་དམག་རང་བཙན་རུ་ཁ་༤བས་མཚོན་ཆ་ཅན་གྱི་འཕུར་གྲུ་བཞི་མངག་གཏོང་གིས་་་་ཨ་མཆོག་ཕྱོགས་སུ་འཕུར་ཏེ། སྐམ་དམག་དང་མཉམ་རུབ་ཀྱིས་དཔུང་འཇུག་བྱས་པ་རེད།

ངས་ནམ་རྒྱུན་བྲིས་མྱོང་བ་སྟེ། ཨ་མདོ་བ་དང་ལྷན་དུ་ད་ལྟའི་མཐོང་སྣང་སྐོར་གླེང་མོལ་བྱེད་དུས། རྒན་པ་ཡིན་ནའང་འདྲ། གཞོན་པ་ཡིན་ནའང་འདྲ། རྒྱུན་དུ་གླེང་བ་ནི་ལྔ་བཅུ་ང་བརྒྱད། ༼༡༩༥༨ལོའི་དོན་ཡིན།༽ ཡང་ན་ང་བརྒྱད་༼༥༨ལོའི་བསྡུས་ཚིག་ཡིན།༽ ཡིན། ༡༩༥༨ལོའི་རྗེས་སུ། རྒྱ་ནག་གི་དམག་དཔུང་དང་དབང་འཛིན་པས་ཐུད་བྷོད་ཡོངས་རྫོགས་ཏེ། ལྷག་པར་དུ་ཨ་མདོའི་དུད་ཁྱིམ་རེ་རེ་ལ་བཟོས་པའི་གོད་ཆག་ནི་བོད་མིའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་བཞིན་ཉར་ཡོད། ཐ་ན་རིག་གནས་གསར་བརྗེ་ཆེན་མོ་ལ་ཡང་༥༨་དུ་འབོད། ང་བརྒྱད་ནི་བཅིངས་འགྲོལ་ཟེར་བའི་རྗེས་ཀྱི་གོད་ཆག་ཐམས་ཅད་ཀྱི་ཕྱོགས་བསྡོམས་ཡིན།

དོན་དངོས་ཐོག ཟིང་འཁྲུག་སློང་མཁན་དུ་བརྩིས་ནས་དྲག་གནོན་བྱས་པའི་འབྲོག་པ་མང་ཚོགས་ཀྱི་ལག་པར་གྲི་དང་མེ་མདའ་སྟབས་བདེ་རེར་ཐོགས་ཡོད་པའི་དབང་དུ་བཏང་ན་ཡང་། མི་ཧ་ཅང་མང་པོ་དང་ཚད་མེད་པ་གསོད་ཐུབ་པའི་མཐུ་ནུས་ཅན་གྱི་དྲག་ཆས་མེད། ལོ་རབས་ལྔ་བཅུ་ཧྲིལ་བོར་དམག་འཁྲུག་མཚམས་མ་ཆད་པས་ཕལ་ཆེ་བ་རྩ་གཏོར་ཕྱིན་ཡོད། དེར་བརྟེན། བོད་མིས་ཁྲོའུ་ཁྲར་༼twitter༽སྟེང་དུ་ལོ་དེར་ཨ་མཆོག་གིས་གུང་ཁྲན་ལ་རྣོ་ངར་ལྡན་པའི་གཡུལ་འགྱེད་ཅིག་བྱས་པ་ནི་ཀན་ལྷོ་ཐུད་བྷོད་པའི་གཟི་བརྗིད་རེད་ཅེས་བྲིས་འདུག

༢༠༠༨ལོའི་འཛམ་གླིང་མི་དམངས་ཀྱིས་དོ་སྣང་བསླེབས་པའི་ཞི་རྒོལ་དེར། ངས་བྱི་ལོ་བའི་གངས་སེང་གི་ངར་སྒྲ་ཞེས་འབོད་ཀྱི་ཡོད། རྒྱུ་མཚན་ལོ་དེ་ནི་རྒྱ་ནག་གི་ཞིང་པའི་ལོ་ཐོའི་བྱི་བའི་ལོ་རེད། མ་ཟད་གངས་སེང་ནི་ཐུད་བྷོད་པའི་དགོས་འདོད་ཀྱི་རང་དབང་གི་མཚོན་དོན་ཡིན། ཨ་མཆོག་བོད་མིས་ཞི་རྒོལ་ནི་འབུར་དུ་ཐོན་པ་རེད། མིག་སྔར་རྒྱལ་མཚམས་མེད་པའི་གསར་འགོད་པས་བླངས་པའི་སྐབས་དེའི་ཞི་རྒོལ་གྱི་རྒྱབ་གཟུགས་བརྙན་ལེན་ཞིག་ཏུ་བྱི་ལོ་བའི་གངས་སེང་གི་ངར་སྒྲའི་མཚོན་ཐབས་བྱེ་བྲག་པ་ཞིག་ནི་འདྲ་རིས་སྟེང་བོད་མི་ཚོ་དང་རྟ་བས་རྟ་རྒྱུག་ཁྲོད་སྲོལ་རྒྱུན་གྱི་ཀི་བསྭོ་འདེབས་པ་དང་རླུང་རྟ་གཏོར་བ། རྡུལ་འཚུབ་ལང་ལོང་གི་ཁྲོད་ནས་བློ་སྤོབས་ཀྱིས་མདུན་དུ་སྐྱོད་ཀྱི་ཡོད། པར་ངོས་གཞན་ཞིག་ནི་པགས་ཚག་གྱོན་པའི་བོད་མི་ཚོ་གྲོང་རྡལ་སྲིད་གཞུང་གི་མདུན་དུ་འཚོགས་ནས་ན་གཞོན་ཁ་ཤས་ཤིག་གིས་དར་ཤིང་སྟེང་གི་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་ས་ལ་གཡུགས་ཤིང་། རང་ཉིད་ཀྱིས་བཟོས་པའི་གངས་རི་དང་གངས་སེང་རྟགས་ཅན་གྱི་རྒྱལ་དར་བསྒྲེངས་འཛུགས་བྱས།

ད་དུང་ཕྱི་ལོ་༢༠༠༩ལོའི་ནས་བཟུང་། རྒྱུན་མཐུད་པའི་རང་ལུས་མེར་བསྲེགས་ཀྱི་ཐབས་ལམ་དེ་དབང་འཛིན་པའི་དྲག་གནོན་གྱི་གདུག་རྩུབ་འོག་ཏུ་ཚུད་པ་དང་། བོད་ནང་ལོག་ཁྱོན་ཡོངས་ནས་བོད་མི་༩༩ཡིས་རང་ལུས་མེ་རུ་བསྒྲོན་ཡོད་ལ། དེ་དག་ལས་ཀྱང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་བོད་མི་༢༡་གིས་རང་ལུས་མེར་བསྲེགས་བཏང་ཡོད། བུད་མེད་སློབ་ཕྲུག་གཅིག་དང་ལྷ་ས་རུ་ཞོར་ལས་བྱེད་མཁན་གྱི་ན་གཞོན་གཅིག་མ་གཏོགས་གཞན་ཚང་མ་འབྲོག་པ་རེད། མ་ཟད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་དུ་འབྲོག་པ་༡༡གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ད་དུང་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་དུ་འབྲོག་པ་༤ཡིས་རང་ལུས་མེར་བསྲེགས་བཏང་ཡོད།

དོན་དངོས་ཐོག་སྔར་ཡོད་ཀྱི་ཚོ་བ་དེ་གར་གཏོགས་མཁན་གྱིས་བཤད་ཚུལ་ལྟར་ན། ཀན་ལྷོ་ཁུལ་དུ་བོད་རིགས་༢༡ གིས་རང་ལུས་མེར་བསྲེགས་བཏང་བའི་ཁྲོད་ཉུང་མཐའ་ཡང་བོད་མི་༡༦ སྔར་ཡོད་ཀྱི་ཨ་མཆོག་ཚོ་བའི་འབྲོག་པ་རེད་ལ། ཚང་མ་༡༩༥༠་ནང་གི་ཟིང་ཆ་སློང་མཁན་དུ་བརྩིས་ནས་གང་བྱུང་དུ་དམར་གསོད་བྱས་པའི་ཁྲོད་སྲོག་ཉེན་ལས་ཐར་བ་དག་གི་རྗེས་རབས་པ་རེད། དེ་དག་ལས་དགུང་ལོ་༦༡ ལ་སོན་པའི་དོན་འགྲུབ་ནི་ལོ་སྔོན་མའི་ཕྱི་ཟླ་༡༠བའི་ཚེས་༢༢ཉིན་བླ་བྲང་དགོན་པ་ནས་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་བློས་གཏོང་མཁན་དེ་ཡིན། ཁོང་གིས་ཁ་ཆེམས་འདི་འདྲ་ཞིག་བཞག་ཡོད།

བླ་བྲང་དགོན་པའི་གྲྭ་བ་དང་ས་གནས་ན་གཞོན་རྣམས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ལམ་ཁ་མ་འདེམས་རོགས། གསོན་པོར་བསྡད་དེ་མི་རིགས་ཀྱི་མ་འོངས་པའི་བྱ་བཞག་གི་ཆེད་དུ་འབད་པ་དང་ལག་རྗེས་འཇོག་དགོས། ང་དང་རྒན་རབས་པ་སྟེ་༡༩༥༨ལོ་ནས་༡༩༥༩ལོའི་བར་གྱི་རྒན་རབས་པ་དག་གིས་རྒྱ་ནག་སྲིད་གཞུང་གི་གཏོར་བརླག་དང་ཆག་སྒོ་མང་པོ་མྱངས་པ་རེད། དེར་བརྟེན། ང་དང་ལོ་ན་མཐོ་བའི་རྒན་རབས་པ་གཞན་དག་གིས་ད་གཟོད་རང་ལུས་མེར་བསྲེགས་ཀྱི་ལམ་ཁ་འདི་འདེམས་འོས།

ཁ་ཆེམས་འདིའི་ནང་ནས་ང་ཚོས་མཐོང་ཐུབ་པ་ནི་ཁྲག་གི་མིག་ཆུས་གྲུབ་པའི་བརྗེད་བྱང་དེ་ཡིན་ལ། དེང་སྐབས་ད་དུང་བོད་མིས་སྔར་བཞིན་དེ་དག་སེམས་ལ་དམ་པོར་བཟུང་ཡོད་པ་སྟེ། སྲོག་ཉེན་ལས་ཐར་མཁན་དག་གིས་ངག་དང་རྣ་བ་བརྒྱུད་ནས་རྗེས་རབས་པའི་སེམས་ལ་ཟབ་པོར་བརྐོས་ཡོད། བཙན་གནོན་མཁན་གྱིས་འུད་སྒྲོག་བྱས་པའི་བཅིངས་འགྲོལ་འཐོབ་ཡོད་པར་བཤད་པ་དེ་བདེན་པ་རྩ་བ་ནས་མིན་ལ། དེ་ནས་བཟུང་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱི་ཡོད་ཅེས་པའི་རྫུན་པའི་རྣམ་པ་དེ་འདྲ་སྟེ། འདི་ནི་ད་གཟོད་དངོས་ཡོད་གནས་ཚུལ་རེད།

ངས་ཤེས་ཚོད་ལྟར་སྐུ་གཤེགས་དཔའ་བོ་ཚེ་རིང་བཀྲ་ཤིས་ཀྱི་ལག་རྗེས་སྐོར་བཤད་ན།

ཁོང་ནི་ཨ་མདོ་བླ་བྲང་༼ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་༽ ཨ་མཆོག་གྲོང་རྡལ་སྐྱིད་སྡེ་བའི་འབྲོག་པ་རེད་ལ། དགུང་ལོ་༢༢ཡིན། ཚང་མས་ཁོང་ལ་ཚེ་བྷེ་ཞེས་འབོད། ༢༠༡༣ལོའི་ཟླ་༡པའི་ཚེས་༡༢ཉིན་གྱི་ཞོགས་པ་སྔ་མོ་ནས་ཁོང་གིས་བོད་ཀྱི་སྲོལ་རྒྱུན་གྱི་ཕྱུ་པ་གཙང་དག་ཅིག་གྱོན་ནས་ཕྱུགས་འཚོ་རུ་སོང་། འོན་ཀྱང་། ཉིན་གུང་མཚམས་སུ་ཁོང་གིས་རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཏེ་རང་ཉིད་གཅིག་པོ་གྲོང་རྡལ་དུ་ཕྱིན། མ་ཟད་ནང་མིས་ཁོང་གི་དམིགས་ཡུལ་དང་འགྲོ་སྐྱོད་རྩ་བ་ནས་ཤེས་མེད།

ཨ་མཆོག་གྲོང་རྡལ་ནི་བོད་ཁུལ་དུ་དུས་རྒྱུན་མཐོང་ཐུབ་པའི་གྲོང་རྡལ་ཐབས་ཆག་ཅིག་ཡིན། ཐ་ན་ལམ་ཁ་ལ་སྣུམ་ནག་ཀྱང་བཏིངས་མེད། ཚེ་རིང་བཀྲ་ཤིས་ཀྱིས་ལུས་སྟེང་དུ་བླུགས་པའི་རླངས་སྣུམ་དེ་ཇི་ལྟར་རག་མིན་སུས་ཀྱང་མི་ཤེས། དམ་པོ་བསྡམས་པའི་ལྕགས་སྐུད་དེས་རླངས་སྣུམ་གྱིས་སིམ་པའི་ལྭ་བ་འབར་ཤུགས་ཆེ་རུ་བཏང་ཡོད། མ་ཟད་ཁོང་གིས་ས་སེར་གྱི་ལམ་ཁའི་སྟེང་རང་ཉིད་མེ་རུ་སྦར་བ་དང་། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ། ཞེས་སྐད་འབོད་ཆད་མེད་དུ་བྱས། འདི་ནི་ཏཱ་ལའི་བླ་མའི་མཚན་རེད། སྐར་མ་འགའི་རྗེས་སུ་ཁོང་འགྱེལ་སོང་། དམག་མི་དང་ཉེན་རྟོག་པ་འཕྲལ་དུ་འབྱོར་ནས་ཁོང་གི་ཕུང་པོ་འཕྲོག་པར་བརྩམས་མོད། འོན་ཀྱང་བོད་མི་ཚོས་བཀག་འགོག་བྱ་ཕྱིར་ཚེ་རིང་བཀྲ་ཤིས་ཀྱི་ཕུང་པོའི་མཐའ་ནས་བསྐོར་ཏེ། དམག་མི་དང་ཉེན་རྟོག་པ་ཁོང་གི་ཕུང་པོའི་འཁྲིས་ལ་གོམ་པ་གང་ཡང་སྤོ་བཅུག་མེད། ཁོང་ཚོས་མ་ཎི་འུར་འདོན་བྱེད། མེ་ལྕེ་ད་དུང་འཚིག་རོར་གྱུར་བའི་ལུས་སྟེང་དུ་འབར་གྱིན་འདུག བོད་མི་ཚོས་ཁོང་གི་ཕུང་བོ་མཚོན་ཆ་ཐོགས་པའི་དམག་མི་དང་ཉེན་རྟོག་རུ་ཁག་བརྒྱུད་ཁོང་གི་ཁྱིམ་དུ་གདན་འདྲེན་ཞུས། ཡུལ་ཕྱོགས་གཅིག་པ་དང་གྲྭ་བ་ཚང་མས་ཁ་བཏགས་བཟུང་ནས་ཁོང་གི་ཆེད་དུ་ཆེས་མཐའ་མཇུག་གི་ཁ་འབྲལ་གྱི་བསྔོ་སྨོན་འཚོགས་པ་རེད། དཔོན་པོ་དང་སྤྱི་བདེ་ཉེན་རྟོག་པའི་རླངས་འཁོར་དེ་མ་ཐག་འབྱོར་སོང་། ཁོང་ཚོས་ཚེ་རིང་བཀྲ་ཤིས་ཀྱི་སྐུ་ཕུང་ལམ་སང་ཞུགས་འབུལ་བྱ་དགོས་པའི་བཙན་བཀའ་བཏང་། དཔོན་པོ་ཞིག་གིས་ཐ་ན་ལག་པས་སྒྲོག་ཙེ་ལ་བརྡེགས་ནས་ངར་སྐད་ཀྱིས་བཤད་རྒྱུར། ཁྱོད་ཚོའི་ནང་མི་དང་ཏཱ་ལའི་ཁ་བྲལ་རུ་ཚོགས་བར་གསང་བའི་འབྲེལ་བ་ཞིག་འདུག ཉེན་རྟོག་པ་ཧ་ཅང་མང་པོ་སྡེ་མཐའ་རུ་བསྡད་ནས་སྡེ་བ་གཞན་གྱི་བོད་མི་གདུང་སེམས་མཉམ་བསྐྱེད་དུ་ཡོང་མཁན་རྣམས་བཀག་འགོག་བྱས། ནང་མི་ཡོངས་དང་སྡེ་བའི་བདེ་འཇགས་ཀྱི་ཕྱིར་དུ་ཚེ་རིང་བཀྲ་ཤིས་ཀྱི་ཨ་ཕས་མཚན་མོ་དེ་ག་རང་ལ་སྐུ་ཕུང་ཞུགས་འབུལ་བྱེད་པར་ཁས་ལེན་བྱས། ཚེ་རིང་བཀྲ་ཤིས་ཀྱི་ཨ་མ་དྲན་པ་ཐོར་ནས་སྨན་ཁང་དུ་བསྐྱེལ། འདི་ལྟར་འཁྱག་བསིལ་བསིལ་གྱི་མཚན་གུང་དང་། འཁྱག་བསིལ་བསིལ་གྱི་མཚན་གུད་ལས་འཁྱག་པའི་དམག་མི་དང་ཉེན་རྟོག་པའི་སོ་ལྟ་འོག ཚེ་རིང་བཀྲ་ཤིས་ཀྱི་སྐུ་ཕུང་ཡང་བསྐྱར་མེ་རུ་སྦར་ཏེ་ཞུགས་འབུལ་ཡོངས་སུ་གྲུབ།

ཚེ་རིང་བཀྲ་ཤིས་ངོ་ཤེས་མཁན་གྱི་བོད་མི་ཚང་མས་ཁོང་ནི་རང་གཤིས་འཇམ་ལ་བརྩེ་སེམས་ཆེ་བ། གུས་ཞབས་ཆེ་བའི་ན་གཞོན་སྙིང་རྗེ་ཞིག་ཡིན། མ་ཟད། འབྲོག་པ་ཞིག་ཡིན་པའི་ཆ་ནས་ཁོང་རྟ་ཞོན་རྒྱུར་དགའ་ཞིང་། རྟ་རྒྱུག་འགྲན་བསྡུར་ལ་དམིགས་བསལ་གྱིས་སྤྲོ་བ་ཆེ་བར་བཤད།

ཚེ་རིང་བཀྲ་ཤིས་ཀྱི་ཨ་ཕའི་མིང་ལ་གདུགས་དཀར་སྐྱབས་དང་ཨ་མའི་མིང་ལ་ཚེ་རིང་སྒྲོལ་མ། ཨ་ཆེ་གཉིས་ཕུད། ཁོང་ནི་ཁྱིམ་གྱི་བུ་གཅེས་ཕྲུག་ཅིག་རེད། ཁོང་གཉེན་བསྒྲིགས་བྱས་ཟིན་པ་དང་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར། ཁོང་ནི་ད་དུང་VOA་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པ་དང་བརྙན་འཕྲིན་ལེ་ཚན་གྱི་འདོ་འཛིན་པ་ཚེ་རིང་སྐྱིད་ཀྱི་ཚ་བོ་རེད།

ཆུང་དུས་ཁོང་གཉིས་མཉམ་དུ་འཚོ་བ་ལ་བརྟེན་ནས་ཚེ་རིང་བཀྲ་ཤིས་ཀྱིས་ཚེ་རིང་སྐྱིད་ལ་ཨ་ཆེ་ཟེར། ཁྲེའུ་ཁྲར་སྟེང་དུ་ཚེ་རིང་སྐྱིད་ཀྱིས་འདི་ལྟར་བྲིས་འདུག ཕུ་བོ་གདུགས་དཀར་སྐྱབས་ཀྱི་བུ་གཅིག་པུ་དེ་རིང་ཆུ་ཚོད་གཉིས་པ་ཡར་མར་ཙམ་དུ་ཨ་མཆོག་ཁྲོམ་ལམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས། ང་ཕ་ཡུལ་དང་ཁ་གྱེས་སྐབས་ལོ་བརྒྱད་ལ་སོན་མ་ཐག་ཡིན་ལ། ང་ཕ་ཡུལ་དང་ཁ་བྲལ་རྗེས་ཁོང་སློབ་གྲྭ་ནས་ཕྱིར་བུད་འདུག ཉིན་ཤས་སྔོན་ཁོང་གིས་ད་དུང་ཁ་པར་ལས་བཤད་རྒྱུར། ཨ་ཆེ། ཁྱེད་ནམ་རྒྱུན་བརྙན་འཕྲིན་ནས་རིག་དུས་ཕྱུ་པ་ཁ་ཤས་ཤིག་ལས་མི་འདུག་གཱ ངས་ཁྱེད་ལ་ཅིག་བསྐུར་དགོས་སམ། འདི་ནི་ངས་ལོ་ངོ་མང་པོ་ལ་མ་ཐུག་པའི་ཚ་བོ་དང་མཉམ་དུ་སྐད་ཆ་བཤད་པ་མཐའ་མ་དེ་ཡིན། ནང་མི་ཚང་མས་ཁོང་ལ་ཧ་ཅང་གཅེས། ཕུ་བོས་བཤད་རྒྱུར། དེ་རིང་ཞོགས་པ་དགའ་དགའ་སྤྲོ་སྤྲོའི་ངང་ཕྱུགས་འཚོ་རུ་བུད་སོང་། འདི་ལྟར་འགྲོ་རྒྱུ་ཡིན་པ་སུས་ཤེས།

ག་དུས་ཡིན་ཡང་རང་སྲེག་གི་གནད་དོན་སྤེལ་ཐེངས་རེར་སེམས་པ་ཧ་ཅང་སྡུག མ་ཟད་ཐེངས་ཁ་ཤས་ཤིག་ལ་གསར་འགོད་པའི་ཐོབ་ཐང་བརྗེད་ནས་རང་སྲེག་མཇུག་སྒྲིལ་དགོས་པའི་སྐད་འབོད་བྱས་པ་ཡིན། མ་བསམ་ས་ནས་རང་ཉིད་ཀྱི་མགོ་ཐོག་ཏུ་ལྷུང་སོང་། ཕུ་བོར་བུ་འདི་འདྲ་ཞིག་ཡོད། ཁོང་ནི་ནང་མི་ཡོངས་ཀྱི་རྒྱལ་སྲས་ཡིན། རང་སྲེག་མཁན་དག་གི་ནང་མིའི་སྡུག་བསྔལ་དེ་ད་ཐེངས་གཞི་ནས་ཚོར་བྱུང་་་་།
ཁོ་མོར་མཚོན་ན། ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་རང་སྲེག་མཁན་གྱི་སྐུ་གཤེགས་དཔའ་བོ་དག་ལ་སེམས་གཏིང་ནས་གུས་འདུད་དང་། ཟིན་ཐོར་བཀོད་དེ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ན་ཡང་། སྐད་ཆས་ཡོད་ཚད་མཚོན་པར་བྱ་རྒྱུ་ནི་ཧ་ཅང་དཀའ།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*