མི་སྣང་བར་གྱུར་བ་དེ། (བཅུ་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སལ་མན་ར་ཞིས་རྡེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་དང་ཟླ་བ་ཡུན་གྱིས་འདས་དུས་ཉེན་རྟོག་པ་ཚོས་མཚམས་མཚམས་སུ་སྒྲིག་ལམ་བརྩི་སྲུང་མི་བྱེད་པར་ཁོང་ལ་རོགས་པ་བྱེད་ཐབས་བྱས་པ་རེད། ཉེན་རྟོག་པ་ཚོས་ཁོང་མི་མང་འདུ་སར་ཁྲིད་མི་ཆོག་པའི་སྐབས་སུ་གློག་བརྙན་བལྟ་བར་ཁྲིད་པ་དང་སྲང་ལམ་གྱི་གློག་འོད་ཤི་བའི་སྐབས་སུ་ཁོང་ཁྲིད་དེ་གློག་འོད་བསྐྱར་དུ་ཡོང་རག་བར་དུ་སྲང་ལམ་བརྒལ་གྱི་ཡོད། ཁོང་ཚོས་ཁོང་ཨ་ཕ་ཞིག་ཡིན་པའི་སྣང་བ་དེ་ཡོང་ཆེད་མཚམས་རེར་ཁོང་དང་ཁོང་གི་བུ་ཆུང་རྫ་སྤར་གཉིས་ཉེན་རྟོག་རུ་ཁག་གི་རྩེད་ཐང་དུ་ཁྲིད་དེ་འཆར་གཞི་མེད་པར་རྩེད་འགྲན་རུ་ཁག་བགོས་ནས་རྩེད་མོ་རྩེ་བ་དང་གུང་གསེང་སྐབས་སུ་ཁོང་ངོ་མཚར་ལྡན་པའི་སྐྱེད་མོས་ཚལ་དུའང་ཁྲིད་ཡོད། ཐེངས་ཤིག་ངོ་མཚར་ལྡན་པའི་སྐྱེད་མོས་ཚལ་ཞིག་དུ་རྫ་སྤར་གྱིས་རྩེད་ཆའི་མེ་མདའི་འགྲན་སྡུར་ཞིག་གི་སྟེང་དུ་བྱིས་པའི་རྩེད་ཆས་ཤིག་ཡོད་པ་ལེན་འདོད་སྐྱེས་བ་རེད།་མིང་ལ་རྗེ་ཁི་རྒྱག་པ་ཞེས་བའི་ཉེན་རྟོག་མི་སྣ་དེས་རྫ་སྤར་གྱི་སྐད་ཆ་གོ་སྐབས“ཁྱེད་ཀྱིས་རྩེད་ཆས་དེ་ལེན་འདོད་འདུག་གམ”རྫ་སྤར་ལ་དྲིས། དེ་ནས་ཁོང་སྟེགས་བུའི་སྟེང་དུ་སོང་ནས་སྒོར་མོ་བཞག་པ་དང་ཚོང་བདག་གིས་ཁོང་ལ་མེ་མདའ་འཁོར་མདའ་སྤྱིར་བཏང་བ་དེ་གཏད་ཞོར་དུ“ཡ་ཡ།འགྲིག་ག” ཁོང་གིས་བྷོམ་བྷོམ་བྷོམ་ཞེས་གཞུས་ཚེ་འབེན་དེ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་ཟགས་སོང་། ཚོང་བདག་གིས་ཁ་གདང་ཞིང་སོ་རྫུན་མ་དེ་ཕྱི་ལ་བསྟན་ནས་ཧད་དེ་ལུས་འདུག “འགྲིག་སོང་། ཡག་པོ་བྱུང་སོང་།”རྗེ་ཁི་རྒྱག་པའི་དེ་ལྟར་བཤད་ཞོར་མེ་མདའ་ས་ལ་བཞག་པ་དང་རྩེད་ཆས་འཇམ་པ་དེ་ལ་མཆུ་བཙུགས་ནས “ངེད་གཉིས་ལ་དེ་བདག་སོང་།བཀའ་དྲིན་ཆེ།”ཞེས་བཤད།

ཁོང་ཚོས་ནོར་འཁྲུལ་ཅི་ཡང་མ་བཟོས་བ་དེ་འདྲ་མ་རེད་ལ་སྐབས་ལན་རེར་ནོར་འཁྲུལ་རེ་ཟུང་ཡང་ཤོར་བ་རེད། ཁོང་གི་གྲོགས་པོ་ཧ་ནས་སྤི་ཀོས་རེ་ཤེས་ཀྱི་སར་འགྲོ་སྐབས་མཚན་གུང་ཙམ་ལ་ཁོང་སྲུང་སྐྱོབ་མི་སྣ་ཚོས་རླངས་འཁོར་དུ་བཞག་ནས་ཕྱིར་ལོག་རྩིས་བྱེད་སྐབས་ཧེ་ནས་སྤི་སྲང་ལམ་དུ་བང་རྒྱུགས་བྱས་ནས་ཡོང་ཞོར་ཁོང་ཚོས་མེ་མདའ་ཐུང་མདའ་ཀོ་ཤུབས་ཅན་ཏེ་མགོ་ལ་སྐོར་གྱི་འདུག “ཧ་ཧ་ཧ”ཁོང་སྤྲོ་སེམས་འཁོལ་བའི་ངང་ནས་གད་མོ་ཤོར“ཏོག་ཙམ་སྒུག་དང་ཁྱེད་ཀྱིས་མེ་མདའ་ལུས་འདུག”ཡིན་ནའང་ཁོང་ཚོས་སོ་སོའི་ལས་ཀར་སྤོབས་པ་ཆེན་པོ་བྱེད། ཁོང་ཚོ་མང་པོ་ཞིག་གིས་རྒྱུན་དུ་སྐད་ཆ་ཚིག་གཅིག་བཤད“ང་ཚོས་མི་གཅིག་གི་ཚེ་སྲོག་ཀྱང་ཤོར་མེད། འོན་ཀྱང་། ཨ་རི་བ་ཚོས་དེ་བྱེད་ཐུབ་ཀྱི་མ་རེད།” ཁོང་ཚོ་ཨ་རི་བ་ཚོས་ལས་དོན་སྒྲུབ་སྟངས་ལ་དགའ་བོ་མི་འདུག་པ་འདྲ། “ཨ་རི་བ་ཚོས་མི་མང་པོ་ཞིག་དཀའ་རྙོག་གི་ནང་དུ་ཚུད་འཇུག་གི་རེད།”ཁོང་ཚོས་བཤད། ཁོང་ཚོའི་སྐད་ཆ་དེའི་གོ་དོན་ནི་ཨ་རི་བའི་བདེ་འཇགས་ཀྱི་ཆེད་དུ་མི་མང་པོར་ལས་ཀ་སྤྲོད་ཀྱི་ཡོད་པ་དེ་རེད། ཨ་རིའི་མི་སྣ་གལ་ཆེན་རེ་དབྱིན་ཇིའི་རྒྱལ་ཁབ་དུ་ཕེབས་སྐབས་ཨ་རི་དང་དབྱིན་ཇིའི་བདེ་འཇགས་མི་སྣ་རྣམས་ཀྱི་བར་རྟག་པར་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གྱི་ཐད་ནས་རྩོད་པ་བྱེད་ཀྱི་ཡོད།“ང་ཚོས་དབྱིན་ཇིའི་རྒྱལ་མོ་འཁོར་རྟགས་མེད་པའི་ཧྥ་ཌི་རླངས་འཁོར་ཞིག་གི་ནང་དུ་མི་མང་གི་འདུ་འཛི་དང་འཚང་ཀ་ཆེ་བའི་ཨོག་སི་ཧྥོར་ཌི་སྲང་ལམ་དུ་ཁྲིད་སྐབས་མི་སུ་ཞིག་གིས་ཀྱང་རྒྱལ་མོ་གནས་དེར་ཡོད་པ་ཤེས་ཀྱི་མ་རེད། ཨ་རིའི་བདེ་འཇགས་མི་སྣ་ཚོ་ནི་དྲིལ་བུ་དང་སི་རིལ་བཅས་མཉམ་དུ་ཡོད་ཀྱང་སྲིད་འཛིན་ཞིག་དམར་གསོད་གཏོང་དུ་བཅུག་པ་མ་ཟད་ད་དུང་སྲིད་འཛིན་ཞིག་གི་ཚེ་སྲོག་ཀྱང་ཤོར་གྲབས་བྱས་པ་རེད།

བལ་ས་གནས་ལ་ཡོད་པའི་ཉེན་རྟོག་པ་ཚོས་ཁོང་ལ་མིང་གཉིས་པ་ཞིག་དགོས་རབས་བཤད། ཁོང་གི་མིང་དངོས་མ་དེ་ལ་བེད་སྤྱོད་མེད་པས་མིང་གིས་བོས་ན་འགྲིག་གི་མེད། མིང་དེ་ནི་བྱིས་སྒྲུང་ཧེ་རི་ཕོ་ཐིར་ནང་གི་ད་ལྟ་མ་བྲིས་བའི་བོལ་ཏིས་མོལ་ཁྲི་དང་གཅིག་མཚུངས་རེད། ཁོང་གིས་མིང་དེ་སྤྱད་ནས་ཁང་པ་གླ་མི་ཐུབ་ལ་འོས་ཤོག་འཕེན་པར་མིང་ཐོ་འགོད་ཀྱང་མི་ཐུབ། གང་ལེགས་ཞེ་ན། འོས་ཤོག་འཕེན་སྐབས་རང་གི་སྡོད་གནས་ཀྱི་ཁ་བྱང་མཁོ་སྤྲོད་བྱེད་དགོས་པས་དེ་ནི་ཡོང་མི་སྲིད་པ་ཨ་ཅང་ཅང་ཁོང་གི་མང་གཙོའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཆེད་གཞུང་འཛིན་མི་སྣ་འོས་འདེམས་བྱེད་པའི་མང་གཙོའི་རང་དབང་ལ་མགོ་འདོགས་ཞུ་དགོས།

ཁོང་གིས་མིང་གསར་བ་ཞིག་འདེམས་དགོས་བྱུང་པ་རེད། དེ་ནས་དངུལ་ཁང་གི་འགན་འཛིན་མཉམ་དུ་གྲོས་སྡུར་བྱས་རྗེས་ཁོང་གི་ངོ་བོ་གཞན་གྱིས་མི་ཤེས་པར་དངུལ་དངོས་བེད་སྤྱོད་གཏོང་ཆོག་ཆེད་མིང་རྫུན་བེད་སྤྱོད་བྱས་བའི་དངུལ་བྱང་དེ་ངོས་ལེན་ཡོང་ཐབས་བྱས་པ་རེད། མིང་གསར་བ་དེ་ནི་ཁོང་གི་སྲུང་སྐྱོབ་པ་ཚོར་ཡང་ཁེ་ཕན་ཞིག་ཆགས་ཡོད། སྲུང་སྐྱོབ་པ་ཚོ་ཁོང་དང་མཉམ་དུ་ཡོད་ཀྱང་རུང་མེད་ཀྱང་རུང་ཁོང་ཚོ་ཕྱི་ལ་འགྲོ་དུས་དང་རྒྱུགས་དུས་ནམ་ཡིན་ཡང་ཐ་ན་ཁྲོམ་དང་རྩལ་སྦྱོང་ར་བ་གང་ལ་སོང་ཡང་ཁོང་གི་ངོ་བོ་ཕྱི་མིར་ཤེས་སུ་མི་འཇུག་པའི་ཆེད་དུ་ཁོང་གི་མིང་གསར་རྫུན་མ་དེ་བེད་སྤྱོད་བྱེད་རྒྱུར་ལོབས་དགོས།

སྲུང་སྐྱོབ་རུ་ཁག་གི་མིང་ནི་ཨོ་ཕི་རེ་བཤིན་མ་ལ་ཆས་ཌིས་རེད། ཁོང་གིས་ལས་འགན་དེ་ལ་མིང་དེ་ཇི་ལྟར་བཏགས་མིན་གྱི་རྒྱུ་རྐྱེན་ཤེས་ཀྱི་མེད་ལ་ཁོང་ཚོའང་དེ་མཚུངས་ཡིན། ཁོང་ཚོ་རྩོམ་པ་བོ་དེ་འདྲ་མིན་པས་མིང་དེ་ཇི་ལྟར་ཐོགས་ཡོད་མེད་ཀྱི་རྒྱུ་མཚན་དགོས་དོན་མེད། ཡིན་ནའང་ད་ནི་ཁོང་གིས་རང་ཉིད་ལ་མིང་ཅིག་འདོགས་པའི་དུས་ལ་བབ་པ་རེད།

“ཕལ་ཆེར་ཨེ་ཤ་ཡའི་མིང་ཞིག་མ་བཏགས་ན་བཟང་རྒྱུ་རེད་མི་ཚོས་རྒྱུན་ལྡན་དུ་མིང་གཉིས་མཉམ་དུ་སྤྱོད་ཀྱི་རེད།”སི་ཌན་གྱིས་བཤད། དེར་བརྟེན། ཁོང་གིས་རིགས་རྒྱུད་དང་འབྲེལ་བའི་མིང་དེ་མ་བཏགས་ན་ཡག་གི་རེད། མི་རིགས་དཀར་པོ་ཚོའི་མིག་ནང་དུ་ཁོང་ནི་མཐོང་མི་ཐུབ་པའི་མི་ཞིག་ཆགས་དགོས་ཀྱི་ཡོད།

ཁོང་གིས་རང་ཉིད་དགའ་སའི་རྩོམ་པ་བོ་ཚོའི་མིང་ལ་འདང་བརྒྱབ་ཏེ་མཉམ་དུ་སྦྱར་ཐབས་བྱས། བི་ལེ་ལྡིས་མེར་ཇོ་ཡེ་སིས། མར་སིལ་བྷེ་ཁེ་ཌི། ཧྥི་རན་རྫི་སི་ཌིན་བཅས་ཀྱི་མིང་མཉམ་བསྡེབས་བྱས་པའི་ཐོ་གཞུང་ཞིག་བཟོས་བ་རེད། འོན་ཀྱང་། བལྟས་ཡོང་ཚེ་དེ་ནི་ཧ་ཅང་དགོད་བྲོ་ཞིག་ཀྱང་རེད། མིང་གཅིག་སྣང་བར་འགྲོ་བོ་བྱུང་བ་རེད། ཁོང་གིས་ཁོན་རེ་ཏི་དང་ཆེ་ཁོ་གཉིས་ཀྱི་མིང་སྔོན་མ་དེ་ཚོ་མཐའ་གཉིས་ལ་བྲིས་བ་རེད། འབྱུང་འགྱུར་གྱི་ལོ་ངོ་བཅུ་གཅིག་གི་རིིང་ལ་ཁོང་གི་མིང་ནི་རྗོ་སིབ་སྤི་ཨན་ཌོན་ཆགས་པ་རེད།

“རྗོ་ལེས། ཡག་པོ་འདུག ང་ཚོས་ཁྱེད་ལ་རྗོ་ཞེས་བོས་ན་སེམས་ལ་ཕོག་གི་མ་རེད་དམ”སི་ཌན་གྱིས་དྲིས། དངོས་ཡོད་ཐོག་ཁོང་ལ་མིང་དེས་བོས་ན་ཕོག་གི་ཡོད་པ་རེད། ཅང་མ་འགོར་བར་རྒྱུ་མཚན་མེད་པར་ཁོང་བསྡུས་མིང་དེ་ལ་ཞེ་ལོག་འགོ་ཚུགས་པ་རེད། མདོར་བསྡུས་ན་རྗོ་ནི་རྗོས་སིས་ཕི་ལས་ཅིའི་ཕྱིར་མི་སྙན་པ་བྱུང་བ་རེད། དེ་ནི་ཁོང་གཅིག་པུ་མིན་པར་སྲུང་སྐྱོབ་པ་ཚོས་ཀྱང་མིང་དེ་ཁོང་ལ་འོས་འཚམས་ཡོད་མདོག་སྟོན་དགོས་བྱུང་བ་རེད། འོན་ཀྱང་། མིང་བརྗེས་མ་ཐག་ནས་རྗོ་ཞེས་བོས་པ་རེད་གང་ཡིན་ཟེར་ན་རྗོ་ཞེས་པའི་སྒྲ་ཚིག་རྐྱང་པ་དེ་སྲུང་སྐྱོབ་པ་ཚོས་ཁ་ནས་འབོད་རྒྱུ་དང་སེམས་ལ་འཇུག་བདེ་བོ་བྱུང་བ་རེད། དེར་བརྟེན། རྗོ་ནི་ཁོང་གི་མིང་ཆགས་དགོས་བྱུང་བ་རེད།

ཁོང་གིས་མི་ཚེ་གང་བོར་རྟོག་སྒྲུང་ནང་གི་མི་སྣ་ཚོར་མིང་རྫུན་རེ་བཏགས་ནས་བསྐྱལ་བ་རེད། ད་ལྟ་རང་ཉིད་ལའང་མིང་རྫུན་ཞིག་བཏགས་པ་རེད། ཁོང་ཡང་རྟོག་སྒྲུང་ནང་གི་མི་སྣ་ཞིག་ཆགས་པ་རེད། ཁོན་རེ་སྒྲི་ཆེ་ཁོ་ཁོང་ལ་མ་ཐོགས་པ་རེད། འོན་ཀྱང་། རྗོ་སིས་ཕི་ཨན་ཌོན་ཞེས་པའི་མིང་དེ་ཕལ་ཆེར་ཐོགས་མདོག་ཁ་བོ་རེད། སུ་ཞིག་ད་ལྟ་འཚོ་གནས་བྱས་ནས་བསྡད་ཡོད་དམ། ཁོན་རེ་སྒྲི་ནི་འཁྱམ་པོ་ཞེས་བའི་མི་སྣ་འབྲིི་བཞེངས་མཁན་དང་སེམས་ཀྱི་སྨག་རུམ་ནང་དུ་ལྗོངས་རྒྱུ་བྱེད་མཁན། ད་དུང་མེ་སྒྱོགས་དང་ལག་དམར་གྱིས་ཁེངས་བའི་འཇིག་རྟེན་གྱི་གསང་མྱུལ་བ་ཞིག་རེད་ལ། འོན་ཀྱང་ངོ་ཚ་ལ་གཡོལ་བའི་ཤི་རྒྱུ་མེད་པའི་རྡར་མ་ཆེ་ཁོ་ནི་ཁེར་རྐྱང་དང་སྐྱོ་གདུང་གི་དེད་དཔོན། གཏོར་བརླག་ཐེབས་པའི་འཇིག་རྟེན་རྙིང་པ་ཞིག་གི་མཛེས་སྡུག་ཅིག་སྟེ། ཁོ་ནི་ད་ལྟ་ཤིང་ཏོག་ར་བའི་ནང་གི་ཤིང་སྡོང་ཞིག་གོ།། ཁོན་རེ་སྒྲི་ཆེ་ཁོ་གསར་བའི་གདུག་རྩུབ་ཀྱི་རང་བཞིན་དེས་ཁོང་གི་སྲིང་མོ་གསུམ་པོ་ཡང་མོ་སི་ཁོར་སོང་དེ་ཕྱིར་ལོག་འདོད་མེད་པ་རེད།

ཁོ་རེ་སྒྲི་ནི་ཁོང་ལ་མཚོན་ན་ཚེ་སྲོག་གི་རྒྱུན་ཐག་ལྟ་བུའི་རྩ་འཛིན་གདམས་ངག་སྤྲོད་མཁན་རེད། ད་ལྟ་ངོས་ལེན་བྱེད་ཐབས་བྲལ་བའི་ཁ་བྱང་དེ་ནར་སི་ས་ཡི་ནས་ཇིར་སྒྲུང་གཏམ་ནང་གི་དཔའ་བོ་ཞིག་གི་རང་གཟུགས་ལྡན་པའི་གྲུ་བ་མིང་ལ་རྗམ་སི་བེ་ཌི་ཞེས་པ་ཐག་རིང་དུ་མཚོ་འགྲུལ་བྱེད་སྐབས་གློ་ནད་གྱིས་མནར་བ་རེད། གྲུ་བ་དེའི་གྲོགས་པོ་ཞིག་གིས་བེ་ཌི་ལ་དྲིས་དོན “གལ་སྲིད། ཁྱེད་ཀྱིས་རང་ཉིད་ལ་ན་ཚ་ཡོད་པ་ཤེས་བ་ཡིན་ན། ཅིའི་ཕྱིར་མཚོ་ཐོད་ཏུ་འགྲུལ་སྐྱོད་བྱས་པ་ཡིན” སྐབས་དེར་གྲུ་བ་རྗམ་སི་བེ་ཌི་ཡིས་བཤད་དོན“ང་མ་ཤི་བར་དུ་འཚོ་དགོས་པ་རེད། ལས་ཀ་འདི་ངའི་འཚོ་གནས་རེད། ཁྱེད་ཀྱི་བལྟས་ན་དེ་འདྲ་མ་རེད་དམ”ཅེས་ལན་བཏབས། ཁོང་གི་ད་ལྟའི་གནས་བབ་འོག་ཏུ་དྲི་བ་དེ་ནི་མི་ཚེའི་གདམ་ངག་ཏུ་རུང་བའི་བསླབ་བྱ་ཞིག་ཡིན་པའི་ཚོར་སྣང་བྱུང་། “རྗོ་སིས་ཕི་ཨན་ཌོན། ཁྱེད་རང་མ་ཤི་བར་དུ་ཡིན་གཅིག་མིན་གཉིས་འཚོ་དགོས།”ཁོང་གིས་རང་ལ་ཁེར་ལབ་བྱས།

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(སལ་མེན་ར་ཞིས་སྒྲེ་ནི། གྲགས་ཅན་བཅོས་སྒྲུང་བཅུ་གཅིག་གི་རྩོམ་པ་པོ་ཡིན་ཞིང་ཁོང་ནི་དེང་རབས་འཛམ་གླིང་ནང་གི་བཅོས་སྒྲུང་འབྲི་མཁན་རྩེ་གྲས་ཤིག་ཡང་ཡིན། ཁོང་གིས་བརྩམས་པའི་(Midnight’s Children) ” མཚན་གུང་གི་བུ་ཕྲུག་དག” ལ་ ” Booker Prize” ཟེར་བའི་རྩོམ་རིག་བྱ་དགའ་ཆེས་སྙན་གྲགས་ཅན་དེ་ཐོབ་ཡོད་པ་མ་ཟད་། ཁོང་གིས་བརྩམས་པའི(The Satanic Verses) ” འདྲེའི་ཚིགས་སུ་བཅད་པ་” ཉིད་རྒྱལ་སྤྱིའི་གླེང་གཞིར་གྱུར་ནས་། ཁ་ཆེའི་ཡུལ་ལུང་མང་པོར་ཁོང་ལ་ངོ་རྒོལ་ཤུགས་ཆེ་བྱས་བ་མ་ཟད་། ཐ་ན་ (Fatwa) ཧྥ་ཐི་བ་ཡིས་ཁོང་ལ་སྲོག་ཁྲིམས་གཅོད་དགོས་བའི་བཀའ་བཏང་མྱོང་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*