གཏེར་ཁ་སྔོག་འདོན་གྱིས་བོད་ལ་ཅི་ཞིག་བསྐྲུན་ཡོད་དམ།

(གངས་རིའི་ཐོན་ཁུངས་ཀྱི་དཀའ་ངལ། གཏེར་ཁ་སྔོག་འདོན་གྱིས་བོད་ལ་ཅི་ཞིག་བསྐྲུན་ཡོད་དམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧོང་ཨན་བཱེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གཟའ་སྤེན་པར་མྱུར་སྐྱོབ་མི་སྣ་ཆག་སྒོ་བྱུང་སར་བསྐྱོད་དེ་འདམ་རྡོ་བསྔོགས་ནས་མྱུར་སྐྱོབ་བྱས་པ་རེད། གཟའ་པ་སངས་ཉིན། བོད་རྒྱ་མ་རི་ཁུག་གི་ལྕགས་རིགས་གཏེར་ཁུངས་ཀྱི་རི་བོ་ཉིལ་ཏེ་ལས་བཟོ་བ་མི་༨༣་ས་འོག་ཏུ་མནན་པ་རེད། པེ་ཅིན། ཕུང་བོ་རེ་རེ་བཞིན་ཕྱིར་བཏོན་པ་རེད། གཟའ་མིག་དམར་བར་དུ་མྱུར་སྐྱོབ་མི་སྣས་འདམ་རྡོས་བཀབ་པའི་འོག་ནས་གཏེར་ལས་པ་༥༩ ཡི་ཕུང་བོ་ཕྱིར་བཏོན་པ་རེད། ཁོང་ཚོས་ད་དུང་དེ་ལས་མང་བའི་ཕུང་བོ་རྙེད་པར་ཚོད་དཔག་བྱེད་ཀྱི་ཡོད།

གཏེར་ལས་པ་འདི་དག་གིས་འཛམ་གླིང་གི་ཡང་རྩེའི་རི་ཁུག་ཅིག་ཏུ་ལས་ཀ་བྱེད་ཀྱི་ཡོད། འདིར་ལོ་སྔོན་མར་གཞུང་གི་གསར་འཕྲིན་ཞིག་ཏུ་གཏེར་ལས་ཀྱི་ཞབས་རྗེས་ཞེས་སུ་བཏགས་ཡོད། མ་ཟད་དེང་སྐབས་བོད་ཤར་ཕྱོགས་ཀྱི་ས་ཆ་འདི་རྒྱ་ནག་གི་དེང་སྐབས་ཆེས་ཛ་དྲག་ཏུ་གྱུར་བའི་ཐོན་ཁུངས་ཀྱི་དཀའ་ངལ་ནང་གི་གཅིག་ཡིན། སྔོན་མའི་གཟའ་པ་སངས་ཉིན་རི་རྡོ་དང་འདམ་རྡོ་ཕོན་ཆེན་པོ་རྒྱ་མ་རི་ཁུག་གི་ཕྱོགས་གཉིས་ནས་ཉིལ་ཏེ་གཏེར་ལས་པ་༨༣ སྡེབ་ལ་ས་འོག་ཏུ་མནན་པ་རེད། དེའི་ཁྲོད་ནས་མི་མང་པོའི་ཕུང་བོའི་གྲིབ་མ་ཙམ་ཡང་ད་ལྟ་ད་དུང་མཐོང་རྒྱུ་མི་འདུག ཚོད་དཔག་བྱས་པ་ལྟར་ན་ཚང་མ་རྐྱེན་དབང་གིས་ཤི་ཟིན་ཡོད་པ་རེད།

གཏེར་ལས་པ་མི་ཉུང་བ་ཞིག་གི་ཤི་རྐྱེན་དེས་མི་ཚང་མའི་མིག་དབང་རྒྱ་མ་གཏེར་ཁུལ་དུ་ཕྱོགས་བཅུག་ཡོད་ལ། འདི་ནི་བོད་ཀྱི་ཆེས་ཆེ་ཞིང་ཆེས་རྩོད་རྙོག་རང་བཞིན་ལྡན་པའི་གཏེར་ཁུལ་གྱི་ཡ་གྱལ་ཞིག་རེད། ཀྲུང་དབྱང་སྲིད་གཞུང་གིས་དེ་ནི་གཏེར་ལས་ཀྱི་ཨང་དང་པོར་རྩི་ཡི་ཡོད། བོད་མི་མང་པོས་འདིའི་ཐཱུང་(铜) དང་མཱའོ་(钼) གསེར་བཅས་འདོན་པའི་ལས་ཀ་དེ་ཧ་ཅང་ཞེ་འཁོན་ཞིག་ཏུ་འཛིན་གྱི་ཡོད། རྒྱུ་མཚན་ནི་རྒྱ་མ་དང་གཞན་པའི་གཏེར་ཁུངས་བསྔོགས་པས་མཐོ་སྒང་གི་ཁོར་ཡུག་ལ་ཉམས་རྒུད་དུ་བཏང་བ་ཧ་ཅང་ཉམ་ངའི་གནས་ཤིག་རེད།

འདི་ནི་རང་བྱུང་གི་གནོད་སྐྱོན་མ་ཡིན་པར་མིས་བཟོས་པའི་ཆག་སྒོ་རེད། རྒྱ་མ་གཏེར་ཁུངས་སྐོར་ལ་རྩོམ་ཡིག་ཅིག་སྤེལ་བའི་བོད་ཀྱི་སྤྱི་ཚོགས་དཔྱད་བརྗོད་པ་འོད་ཟེར་ལགས་ཀྱི་བཤད་རྒྱུར། ས་ཐོག་དེའི་མིའི་ངོས་ནས་བལྟས་ན། ས་ཆ་དེའི་གཏེར་ཁ་སྔོག་འདོན་གྱི་འཛུགས་བསྐྲུན་དེ་དེ་འདྲའི་གདུག་རྩུབ་ཀྱི་གནས་སུ་ལྷུང་ཡོད་པ་གསལ་གསལ་ཐིང་ཐིང་རེད།་གཞུང་ཕྱོགས་ཀྱི་གསར་འགྱུར་དུ་རི་ཉིལ་གྱི་རྒྱུ་རྐྱེན་དེ་ཐད་ཀར་བསྒྲགས་མ་སོང་། བོད་ཁུལ་གྱི་དྲིལ་བསྒྲགས་ལས་ཁུངས་ཀྱིས་གཟའ་ལྷག་པར་བསྒྲགས་དོན། གནམ་གཤིས་འགྱུར་ལྡོག་གི་དབང་གིས་རི་ཉིལ་གྱི་དོན་རྐྱེན་བྱུང་བར་བཤད། གསར་འགོད་པས་བསྒྲགས་དོན། རི་ཉིལ་གྱི་ཞེང་ཚད་ལ་ཡཱིན་ལི་༢༼སྤྱི་ལེ་༣༽ དང་ཟིན་ཚད་ལ་ལཱི་ཧྥ་རྨིད་ཁྲི་༢༠༠རེད།

བོད་མཐོ་སྒང་གི་གཏེར་ལས་དེ་གུང་ཁྲན་ཏང་གི་རྒྱལ་ཡོངས་དཔལ་འབྱོར་ཡར་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། ས་ཁུལ་འདིར་གསེར་རིགས་གཏེར་ཁ་གཞན་པའང་འབེལ་པོ་ཡོད་པ་སྟེ། ཐཱུང་(铜) དང་གསེར། གློག་རྡུལ་སྒྲིག་ཆས་ཀྱི་གློག་རྫས་བཟོ་བྱེད་ཀྱི་ལཱི(锂) སོགས་འདུས་ཡོད། ལོ་འདི་དག་གི་ནང་ས་དེའི་གཏེར་ལས་ཁྱབ་རྒྱ་ཤུགས་ཆེར་ཕྱིན། བོད་ཀྱི་གཏེར་ལས་འཛུགས་བསྐྲུན་གྱི་ཤུགས་ཚད་མྱུར་བའི་ཕྱོགས་ནས་ཁེ་བཟང་རག་པ་དེས་༢༠༠༦ ལོར་མཚོ་སྔོན་ཞིང་ཆེན་ནང་བོད་ལྗོངས་ཀྱི་ལྟེ་གནས་ལྷ་ས་བར་དུ་ལྕགས་ལམ་བཟོས་པ་དང་། ཐ་ན་ནུབ་ཕྱོགས་པའི་བཟོ་གྲྭ་ཁ་ཤས་ཀྱི་མ་དངུལ་ཡང་ཚུར་བཀུག་ཡོད།

རྒྱ་ནག་གི་འགོ་ཁྲིད་པའི་བཤད་ཚུལ་ལྟར་ན། བོད་ཀྱི་གཏེར་ཁ་སྔོག་འདོན་ནི་རྫི་གསང་དོད་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། རྒྱ་ནག་གི་གསར་འགོད་པ་ལྟར་ན། རྒྱ་ནག་ཨང་གྲངས་དུས་སྐབས་སུ་འབོད། རྒྱ་མ་གཏེར་ཁའི་དཀའ་ངལ་གྱི་གནས་ཚུལ་ཐོན་པ་ནས་བཟུང་། དྲིལ་བསྒྲགས་པས་རྒྱ་ནག་གསར་འགོད་སྡེ་ཁག་ལ་དོན་རྐྱེན་བྱུང་ཡུལ་དུ་གསར་འགོད་པ་མངགས་མི་ཆོག་པར་བཀའ་བཏང་། གཞུང་ཕྱོགས་ཀྱི་གསར་འཕྲིན་ཞིན་ཧྭ་གསར་འགྱུར་རམ་ཡང་ན་སྲིད་གཞུང་དབང་འཛིན་སྡེ་ཁག་གི་གསར་འགོད་འབའ་ཞིག་སྤེལ་ཆོག་གི་ཡོད། རྒྱ་ནག་ཨང་གྲངས་དུས་སྐབས་ནི་ཇཱ་ལཱི་ཧྥོ་ནེའུ་ཡཱ་གླིང་གི་པཱོ་ཁཱི་ལཱི་བར་དུ་ཁྱབ་ཡོད། དུས་ཡུན་རིང་པོའི་རིང་། རྒྱ་ནག་གི་ད་བར་དུ་ཕྱི་ཕྱོགས་ཀྱི་གསར་འགོད་པ་གང་འདོད་དུ་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་མི་ཆོག་པར་བཀག་འགོག་བྱས་པ་རེད།

འགྲོ་བ་མིའི་ལྟ་ཞིབ་ཚོགས་པའི་ཡ་གླིང་གནད་དོན་ཞིབ་འཇུག་པ་ཡཱོན་ལིན་བཱི་ཡིས་བསྒྲགས་དོན། གཏེར་ཁ་སྔོག་འདོན་ནི་བོད་རྒྱའི་འབྲེལ་བའི་འབར་གས་ཤིག་རེད། རྒྱུ་མཚན་ནི་རི་རྒྱུད་དང་གནས་རི་ནི་བོད་མིའི་འཇིག་རྟེན་ལྟ་ཚུལ་ཁྲོད་ཀྱི་གནས་མཆོག་ཡིན། རྒྱ་མ་རི་ཁུག་ནི་གནས་རི་ཞིག་ཡིན། སྤྱི་ལོ་དུས་རབས་བདུན་པའི་ནང་རྒྱལ་པོ་སྲོང་བཙན་སྒམ་པོ་གནས་འདིར་འཁྲུངས་པ་དང་། སྙན་གྲགས་ཆེ་བའི་དགེ་འདུན་པ་དག་ནི་རྒྱ་མ་ནས་ཡོང་གི་ཡོད། གོམས་སྲོལ་ལ་གནས་མཇལ་བ་རྒྱ་མ་ས་ཁུལ་དུ་གནས་སྐོར་ལ་ཡོང་གི་ཡོད། ལྷ་ཡི་གནས་རི་དང་བྲག་ཕུག ལྷ་ཁང་། བྲག་བརྐོས་རི་མོ་བཅས་ལ་མཇལ་ཁ་ཞུ་ཡི་ཡོད། ཡིན་ཡང་དེང་སྐབས་གཏེར་ཁ་སྔོག་འདོན་གྱི་རྐྱེན་པས་གནས་མཇལ་བ་མང་པོའི་འགྲུལ་བསྐྱོད་ཡོངས་སུ་བཀག་ཟིན།

བོད་མིར་ཕོག་ཐུག་བཟོས་ཡོད། འདི་ནི་ཁོང་ཚོའི་སེམས་ཁམས་ཀྱི་དམག་འཐབ་ཆེན་པོ་ཞིག་རེད། ཅེས་འོད་ཟེར་གྱིས་བཤད་ལ། ཁོང་ཚོའི་སྙིང་སྟོབས་ཀྱང་འཕྲོགས་སོང་ཟེར། སེམས་ཚབ་ཆེ་བའི་མི་རིགས་ཀྱི་འབྲེལ་བའི་སྒང་ལ་བོད་མིར་གཏེར་ཁ་སྔོག་འདོན་གྱི་གདུག་རྩུབ་ཅིག་ཁ་སྣོན་བྱས་ཡོད། བོད་ཀྱི་གཏེར་ཁའི་ས་ཁུལ་ཕལ་ཆེ་བ་རྒྱ་ནག་ཤར་ཕྱོགས་ས་ཁུལ་གྱི་ཁེ་ལས་ཆེན་པོར་གྱུར་ཡོད། ཁེ་ལས་འདི་དག་ནམ་རྒྱུན་རྒྱ་རིགས་ལས་བྱེད་དང་ལས་བཟོ་བས་བོད་ལ་ཁྱེར་གྱི་ཡོད་པར་བཤད། འོན་ཀྱང་། བོད་མི་སྒོའི་ཕྱི་ལ་ཕུད་ཡོད། གཞུང་ཕྱོགས་ཀྱི་གསར་འགོད་པ་ལྟར་ན། གཟའ་སྔོན་མའི་ནང་རྒྱ་མ་རུ་གཏེར་ལས་པ་༨༣་ས་འོག་ཏུ་མནན། དེ་དག་ཁྲོད་ནས་གཉིས་བོད་མི་རེད། འོན་ཀྱང་། དཀའ་ངལ་གྱི་རྐྱེན་རྩ་དེ་ནི་ཁོར་ཡུག་གི་སེམས་འཁྲལ་རང་རེད། ཚན་རིག་པས་ཀྱང་རྒྱ་མ་གཏེར་ཁུངས་ཀྱི་གདུག་རྩུབ་ཀྱི་སྔོག་འདོན་གྱིས་བསླངས་པའི་ཚབས་ཆེའི་དཀའ་ངལ་དེ་ཟིན་བྲིས་སུ་བཏབ་ཡོད། རྒྱ་མ་གཏེར་ཁུལ་ནི་རྒྱ་ནག་ཧཱོང་ཅིན་རྒྱལ་སྤྱིའི་ཐོན་ཁུངས་ཚད་ཡོད་བཟོ་གྲྭ་ལ་བདག་པ་རེད། བཟོ་གྲྭ་འདི་ནི་ཀཱི་ལཱུང་པཱི་ཡཱ་གླིང་གི་བཱིན་ཀཱི་ཧྭ་རྒྱལ་ཁབ་ཀྱི་ཁེ་ལས་རྒྱ་ནག་ཧཱོང་ཅིན་འཚོང་གཉེར་བཟོ་གྲྭའི་འོག་ཏུ་གཏོགས་པའི་ལས་གནས་ཤིག་རེད།

༢༠༡༠ལོར། ཁོག་ཡུག་ཁྱོན་ཡོངས་ཀྱི་ཚན་རིག་ཅེས་པའི་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ཅིག་ཏུ་གཏེར་ཁ་སྔོག་འདོན་གྱི་ལས་འགུལ་གྱིས་རྒྱ་མའི་རི་ཆུ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་ཡོད། ཆུ་ཕྲན་འགའི་ཤུགས་རྐྱེན་གཏོགས་པའི་ཆག་སྒོ་གླེང་ཡོད། ཆུ་ཕྲན་འདི་དག་ནི་ལྷ་སའི་སྐྱིད་ཆུའི་འབྱུང་ཁུངས་རེད། ཞིབ་འཇུག་མི་སྣས་རྟོགས་གསལ་ལ། རི་ཁུག་གོང་མའི་ས་ཐོག་གི་ཆུ་དང་གཙང་པོ་འདྲེས་མཚམས་སུ་ལྕགས་རིགས་མི་འདྲ་བ་དྲུག་གི་གར་ཚད་མཐོན་པོ་ཡོད། རྩོམ་ཡིག་ཏུ་དམིགས་འདོན་བྱས་ནས་བརྗོད་དོན། ལྕགས་རིགས་ཀྱི་གར་ཚད་མཐོ་བ་དེ་ས་དེའི་ཁོར་ཡུག་གི་གྲུབ་ཆར་གཅིག་མཐུན་གྱི་ཉེན་ཁ་བཟོས་ཡོད། དེ་དང་མཉམ་དུ་ལྕགས་རིགས་ཀྱི་ཐོན་ཚད་ཆེ་བ་དེས་ཆུ་རྐྱལ་བ་དང་བེད་སྤྱོད་མཁན་བཅས་དང་བསྡུར་ན་མངོན་པ་མེད་པའི་ཟིན་ཚད་ཅིག་ཟིན་ཡོད།
རྒྱ་མ་རི་ཁུག་གི་གཏེར་ཁ་སྔོག་འདོན་དེས་རྐྱེན་པས་འབྲོག་པ་མང་ཚོགས་ཀྱིས་རང་ཡུལ་མི་འདོད་བཞིན་དུ་རྒྱབ་ཏུ་བསྐྱུར་དགོས་བྱུང་བ་རེད། ཁོང་ཚོ་ནམ་རྒྱུན་རི་ཁུག་དེར་རང་དབང་གིས་འགྲོ་འོང་བྱེད་ཀྱི་ཡོད་ལ། དེ་གར་ཕྱུགས་ཟོག་འཚོ་ཡི་ཡོད། གང་ལྟར་བཙན་སྐུལ་རང་བཞིན་གྱི་བཀའ་རྒྱ་དེས་འབྲོག་པ་མང་ཚོགས་མ་སྐྱིད་པར་བཟོས་པ་རེད། མ་ཟད། བོད་ཀྱི་ས་ཁུལ་མང་པོར་གུང་ཁྲན་ཏང་གིས་ལོ་མང་པོར་རྒྱུན་མཐུད་ནས་སྲིད་ཇུས་སྤེལ་གྱི་ཡོད།

འོད་ཟེར་གྱིས་༢༠༡༠ལོར་བྲིས་པའི་ནང་རྒྱ་མ་གཏེར་ཁུལ་རྒྱུ་མཚན་དུ་བྱས་ནས་དུད་ཁྱིམ་༡༠༠༠ཙམ་བཙན་གྱིས་གནས་སྤོར་དགོས་བྱུང་ཡོད། ས་ཁུལ་དེའི་མི་ཁ་ཤས་སྲིད་གཞུང་གིས་བཟོས་པའི་གྲོང་གསེབ་དེར་བཙན་གྱིས་སྡོད་བཅུག་ཡོད། ལཱིན་བཱི་ཡིས་བཤད་རྒྱུར། ཁོང་ཚོ་དགའ་ཡི་མེད། རྒྱུ་མཚན་ནི་གཞུང་འཛིན་མི་སྣས་ཁྲིམས་གསར་བ་ཞིག་རྩ་འཛུགས་ཀྱིས་ཁོང་ཚོའི་སྟེང་ཉེས་མེད་ཉེས་འགེལ་བྱེད་ཀྱི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དྲིལ་བསྒྲགས་ཁང་གི་གཟའ་ལྷག་པའི་ཉིན་ཚགས་པར་ཁང་འདིས་བསྒྲགས་པའི་བཅར་འདྲི་ལ་ལན་རྒྱག་དོན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཉམས་རྒུད་ཅེས་སུ་བཏགས་ཡོད། དེར་བརྟེན། ས་དེ་གའི་སྲིད་གཞུང་གིས་གཏེར་ཁའི་ཐོན་ཁུངས་དབུ་འབྱེད་བྱས་པའི་ཁྲོད། ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་འཕར་མ་རག་པ་རེད། དྲིལ་བསྒྲགས་ཁང་གིས་བསྒྲགས་དོན། ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ནང་དུ་ཁོར་ཡུག་ཤུགས་རྐྱེན་རིན་ཐང་དང་བདེ་འཇགས་ཀྱི་རིན་ཐང་འདུས་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལག་བསྟར་བྱེད་ཀྱི་ཡོད། རྒྱ་ནག་ཧཱོང་ཅིན་བཟོ་གྲྭའི་སྤྱི་བསྡོམས་རྩོམ་ཡིག་འདི་མཇུག་ཏུ་བཀོད་ཡོད།

ལོ་བཅུ་ཕྲག་གི་ནང་རྒྱ་མ་རི་ཁུག་ནས་གཞི་རྒྱ་ཆུང་བའི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་བརྩམས་པ་རེད། དུས་སྐབས་དང་རྐྱེན་དབང་དེ་སྟབས་ཀྱིས་ཁོར་ཡུག་ལ་སེམས་ཁུར་ཆེ་བའི་ས་གནས་མི་མང་གིས་ངོ་རྒོལ་བརྒྱབ་པ་རེད། ༢༠༠༦ལོར་སྔ་གཞུག་ཏུ་སྲིད་གཞུང་གིས་སྒེར་གྱིས་གཏེར་ཁ་སྔོག་འདོན་བྱེད་ཀྱི་ཡོད་པ་དེ་དག་བཀག་སྟེ་རྒྱལ་ཁབ་ཀྱི་ཁེ་ལས་ལ་བསྒྱུར་ནས་གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་བྱས་པ་རེད། རྒྱ་ནག་ཧཱོང་ཅིན་རྒྱལ་སྤྱིའི་ཐོན་ཁུངས་བཟོ་གྲྭ་ལ་གཏེར་ཁ་སྔོག་ཆོག་པའི་ཆོག་མཆན་ཐོབ་པ་རེད། ཡན་ལག་བཟོ་གྲྭ་བོད་ཀྱི་ཧཱ་ཐེ་ལཱུང་གཏེར་ཁ་སྔོགས་འདོན་བཟོ་གྲྭ་༢༠༠༨་ལོར་འཛུགས་བསྐྲུན་འགོ་བཙུགས་པ་རེད། ༢༠༡༠ལོར་འཚོང་གཉེར་འགོ་བཙུགས་པ་རེད།

ལོ་སྔོན་མའི་ཟླ་༨པར་ཞིན་ཧྭ་གསར་འགྱུར་སྟེང་སྤེལ་པའི་གཏེར་ལས་ཀྱི་ཞབས་རྗེས་ཞེས་པའི་ནང་དུ་ས་དེའི་རྣམ་པ་གསར་རྐྱང་དུ་གྱུར། ལྗོན་པར་ལོ་འདབ་རྒྱས་པ་དང་། རྩྭ་ལྗང་ཚིང་ཚིང་དུ་འཕེལ་བ། གསར་དུ་འཛུགས་བསྐྲུན་བྱས་པའི་རྒྱ་ལམ་གྱི་རྨང་གཞིའི་སྒྲིག་བཀོད། ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་གཏེར་ཁ་སྔོག་འདོན་སྒྲིག་བཀོད། ས་གནས་མི་མང་གི་འཚོ་བ་ཧ་ཅང་བཟང་རབས་བཤད་ཡོད། དྲིལ་བསྒྲགས་བྱེད་འོས་པ་ནི། ལོ་གསུམ་གྱི་ནང་དུ། ཧྭ་ཐེ་ལཱུང་ལག་ཡོང་ཐཱུང་(铜)ཏཱུན་ཁྲི་༥༠༠དང་། མཱུའུ(钼)ཏཱུན་ཁྲི་༥༣། གསེར་ཏཱུན་༡༣༥། ད་དུང་ལྕགས་རིགས་གཞན་པ་ཡོད། སྔོན་མའི་གཟའ་སྤེན་པའི་ཉིན་ཞིན་ཧྭ་གསར་ཁང་གིས་བསྒྲགས་དོན། གཏེར་ཁའི་ཐོག་མའི་མ་དངུལ་ཨ་སྒོར་དུང་ཕྱུར་༥.༦རེད།

ས་གནས་དེ་གའི་མིས་ཉུང་མཐའ་ཡང་ལོ་བཞིའི་རིང་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱས་ཡོད། འགྲོ་བ་མིའི་ལྟ་ཞིབ་ཁང་གི་ཞིབ་འཇུག་པ་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཚོགས་མི་ཞིག་གིས་བཤད་རྒྱུར། ལོ་སྔོན་མའི་ཟླ་༨པའི་ནང་། བོད་མི་༡༠༠༠ལྷག་ཅིག་གིས་ངོ་རྒོལ་བྱས་པ་རེད། འབྱུང་རྐྱེན་ནི་བོད་པའི་ཕོ་གསར་ཞིག་གཞུང་ཕྱོགས་ཀྱི་བདེ་དོན་མི་སྣ་ཞིག་གིས་བསད་པ་ལ་བརྟེན་ནས་བྱུང་བ་རེད། ལཱིན་བཱི་ཡིས་བཤད་རྒྱུར། གནད་དོན་མང་པོ་ཞིག་གི་ཁྲོད་དུ། མི་མང་གིས་ཛ་དྲག་རང་བཞིན་གྱི་ལངས་ཕྱོགས་བཟུང་ཡོད།

འོད་ཟེར་གྱིས་བཤད་རྒྱུར། ༢༠༠༩ལོར། ཐན་སྐྱོན་བྱུང་བ་ལ་བརྟེན་ནས་གཏེར་ལས་བཟོ་གྲྭས་སྡེ་མིའི་ཆུ་བེད་སྤྱོད་བཏང་བ་དང་། དེ་ནས་འགོ་བཙུགས་ཏེ་ས་གནས་མི་མང་གི་ངོ་རྒོལ་རིམ་པར་བྱུང་ཡོད། ཉེན་རྟོག་པས་ཀྱང་སྡེ་མི་མང་པོ་འཛིན་བཟུང་བྱས་ཡོད། ལོ་གཉིས་པར་བོད་མི་དང་བོད་མི་རྒྱབ་སྐྱོར་བ་དག་གིས་བཟོ་གྲྭ་དེའི་བཱིན་ཀཱི་ཧྭ་སྡེ་ཁག་གི་སྒོའི་ཕྱི་ལོགས་སུ་མཉམ་འཛོམས་མང་པོ་བྱས་ཡོད། ཁཱན་ནཱ་ཊའི་བོད་མི་ཁོར་ཡུག་རིག་པ་བ་བཀྲ་ཤིས་ཚེ་རིང་ལགས་ཀྱི་ཀཱོ་གཱིལ་སའི་གོ་ལ་བརྒྱུད་ནས་རྒྱ་མ་ས་ཁུལ་གྱི་རྣམ་པའི་འགྱུར་བ་ལ་དོ་སྣང་བྱས་པ་རེད། ཁོང་གིས་རང་ཉིད་ཀྱི་པོད་ཁུག་སྟེང་མཚོ་བོད་མཐོ་སྒང་སྟེང་གི་པར་རིས་ཧ་ཅང་གསལ་པོ་བཟོས་པ་རེད། གཙང་པོ་གཙོ་བོ་གཉིས་འདྲེས་མཚམས་ཀྱི་བཟོ་གྲྭ་དེ་དང་། ད་དུང་ས་ལམ་བསྣོལ་མཚམས་ཀྱི་རི་ཁུག ཁོང་གིས་འབྲི་རྒྱུར། རྒྱ་ནག་གིས་དེང་སྐབས་ཧམ་པ་ཆེན་པའི་སྒོ་ནས་བོད་དང་ཤཱིན་ཅང་གི་ཐོན་ཁུངས་ཧམ་འཛིན་བྱེད་ཀྱི་ཡོད། མ་ཟད་གདུག་རྩུབ་དྲག་པོས་སྒོ་ནས་རྒྱལ་ནང་གི་དགོས་མཁོ་སྒྲུབ་ཀྱི་ཡོད། རྒྱ་ནག་ནི་རང་ཉིད་ཀྱིས་སྤྲད་པར་རང་ཉིད་འདོད་བློ་ཚིམ་ཐུབ་པའི་ཐོན་ཁུངས་ཀྱི་རྨང་གཞི་ལྡན་པའི་ས་ཁུལ་ཞིག་ཏུ་བཟོ་འདོད་པ་རེད། དེས་ན་བོད་ནི་དམིགས་འབེན་དེ་མངོན་གྱུར་ཡོང་བའི་ལྡེ་མིག་རེད།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གཏེར་ཁ་སྔོག་འདོན་གྱིས་བོད་ལ་ཅི་ཞིག་བསྐྲུན་ཡོད་དམ།

  1. བརྩོན་རྒྱམ་ ནས།

    སྤྱིར་དམར་ཕྱོགས་གིས་བོད་མིའི་རང་ས་ནས་གསེར་དངུལ་ལྕགས་རིགས་སོགས་ཀྱི་གཏེར་རིགས་འདྲ་མིན་ཞིག་ལེན་བཞིན་ཡོད་པ་གོང་ཞུས་ལྟར་རེད་མ་ཟད་བོད་ཀྱི་ཐུན་མོང་མ་ཡིན་པའི་རིགས་གཞུང་ཞིག་ཡོད་པ་འདི་ཡང་རྩེས་མེད་བཟོ་བཞིན་ཡོད་པ་རེད།  བོད་མི་ཚོས་རང་ས་ནས་ཡུལ་ལྷ་གནས་སའི་གནས་རི་རྩ་ཆེན་དེ་ཚོ་དམར་གཞུང་གིས་སྔོན་འདོན་བྱས་ནས་བོད་མིའི་རིགས་གཞུང་ལ་བརྩི་སྲུང་བྱེད་ཀྱི་མེད་པ་དངོས་ཡོད་རེད་འདི་ལྟར་བོད་ཀྱི་ས་ཁུར་འགའ་ཤས་སུ་བྱེད་བཞིན་པས་བྱ་སྤྱོད་ཞིག་ཡིན་དུས་དྲང་བདེན་ལ་དགའ་བའི་སྐྱེ་བོ་སུ་ཞིག་ཡིན་ན་རྒྱབ་སྐྱོར་མི་བྱེད་རང་བྱེད་ལྟར་བུ་ཞིག་རེད།

Write a Reply or Comment

Your email address will not be published. Required fields are marked *

*