ཕོ་མོ་འདྲ་མཉམ་མེད་པའི་སྲིད་ཇུས་ཀྱི་དཀའ་ངལ་སེལ་ཐབས་ཤིག(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་དཔལ་སྐྱིད་དང་བསྟན་འཛིན་བདེ་སྐྱིད།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ངོ་ཁ་ཤས་ཀྱི་སྔོན་ལ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཅན་ནེ་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་གཞོན་སྐྱེས་ཚོར་ཕོ་མོ་འདྲ་མཉམ་གྱི་ཚོར་ཤུགས་རྣོ་རུ་གཏོང་བའི་ཟབ་སྦྱོང་ཞིག་བཀོད་སྒྲིག་བྱས་པ་རེད། བུད་མེད་ལྷན་ཚོགས་དང་མཉམ་ལས་བྱེད་མཁན་གྱི་མ་རྡི་ར་སི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཕོ་གསར་ཉམས་དོད་པོ་དེས་ཟབ་སྦྱོང་གི་སྔོན་དུ་དྲི་བ་འདི་འདྲ་ཞིག་བཏང་བ་རེད། “སློབ་ཕྲུག་བུ་མོ་ཚོས་ཟབ་སྦྱོང་ལ་ཕྱུ་བ་གྱོན་དགོས་ཀྱི་རེད་དམ།”ཞེས་དྲི་བ་བཏང་། བུད་མེད་ལྷན་ཚོགས་ཀྱི་ལས་བྱེད་དེས་ཁོ་ལ་དྲི་བ་དེ་ག་རང་ཕྱིར་བཏང་། “སློབ་ཕྲུག་བུ་ཚོས་ཟབ་སྦྱོང་ལ་ཕྱུ་བ་གྱོན་དགོས་ཀྱི་རེད་དམ།” ཞེས་དྲིས་པར། སློབ་ཕྲུག་མགོ་ཁྲིད་དེས། བུ་ཚོས་ཕྱུ་བ་གྱོན་དགོས་ཀྱི་མ་རེད་ཅེས་ལན་བཏབ་ཚེ། ལས་བྱེད་དེས། འོ་ན། སློབ་ཕྲུག་བུ་མོ་ཚོས་ཀྱང་ཕྱུ་བ་གྱོན་དགོས་ཀྱི་མ་རེད་ཅེས་ལན་བཏབ།

ཅན་ནེ་ལ་བཀོད་སྒྲིབ་བྱས་པའི་ཟབ་སྦྱོང་འདི་ནི་རྒྱ་གར་གྱི་བོད་པའི་སྤྱི་ཚོགས་གང་སར་བཀོད་སྒྲིག་བྱས་པའི་ཟབ་སྦྱོང་ཁག་མང་པོའི་ནང་གི་གཅིག་རེད། ཟབ་སྦྱོང་འདིའི་རིགས་བཀོད་སྒྲིག་ཞུ་མཁན་གྱི་ལས་བྱེད་དང་འཛུལ་ཞུགས་བྱེད་མཁན་གྱི་སློབ་ཕྲུག་ཚང་མར་མིག་རྒྱ་བསྐྱེད་པའི་ཉམས་མྱོང་ཞིག་ཆགས་ཡོད། ཟབ་སྦྱོང་མགོ་བཙུགས་མཚམས་སུ་འཛུལ་ཞུགས་པ་མང་ཆེ་བས་གདེང་ཚོད་ལྡན་པའི་སྒོ་ནས་བོད་པའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་ཡིན་པའི་ལྟ་ཚུལ་བཏོན། དེ་ནས་འཛུལ་ཞུགས་པ་ཚོར་གྲངས་ཀའི་མཚུངས་བསྡུར་གྱི་ཐོག་ནས་ཕོ་མོ་འདྲ་མཉམ་ཡིན་མིན་གྱི་སྐད་ཆ་འདི་ལྟར་དྲིས། བཙན་བྱོལ་བོད་ཀྱི་གྲོས་ཚོགས་འཐུས་མི་ཚོའི་ནང་དུ་ཕོ་མོའི་གྲངས་ཚད་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་བཀའ་བློན་ནང་དུ་ཕོ་མོའི་གྲངས་ཚད་མཚུངས་བསྡུར། ད་དུང་ཁོང་ཚོའི་རང་ཁྱིམ་གྱི་འཚོ་བ་འི་ནང་ཕ་མ་གཉིས་དང་། ཇོ་ཇོ་དང་ཨ་ཅག་གཉིས་ཀྱི་དབར་གཤིབ་བསྡུར་བྱས་ཚེ་གནས་བབ་གང་འདྲ་ཡིན་མིན་མཚུངས་བསྡུར་བྱེད་དུ་བཅུག དཔེ་མཚོན་མང་པོ་ཞིག་གི་ནང་དུ་བུད་མེད་ཚོས་བུ་ལས་ལས་ཀ་མང་བ་བྱེད་ཀྱི་ཡོད་པའི་མཇུག་འབྲས་ཐོན་ཀྱང་། ཕོ་གསར་ཁག་ཅིག་གིས་བུད་མེད་ཚོ་བཟའ་བཏུང་གཡོ་སྦྱོར་དང་གཙང་སྦྲ་བྱེད་རྒྱུ་སྤྲོ་སྣང་ཡོད་པ་མ་རེད་དམ་ཞེས་པའི་དྲི་བ་བཏོན་ཚེ། བུད་མེད་རྣམས་ཀྱིས་ཁོང་ཚོ་ལས་རིགས་དེ་དག་སྒྲུབ་རྒྱུར་སྤྲོ་སྣང་མེད་པའི་སྡོམ་ཚིག་བཀོད་པས། དེར་འདུས་ཀྱི་ཕོ་གསར་ཚོས་སེམས་ལ་ཐེ་ཚོམ་བསླངས་བ་འདྲ། གྲངས་ཀྱི་མཚུངས་བསྡུར་དང་བསམ་ཕྱོགས་འདི་དག་གི་སྒང་ལ་བསམ་གཞིགས་ནན་མོ་བྱས་རྗེས་སུ་ཁོང་ཚོའི་བསམ་བློར་སྒུལ་ཤུགས་ཏོག་ཙམ་ཐེབས་ཏེ། རང་གི་མྱོང་གོམས་ཀྱི་དོན་དག་ལ་གཞིགས་ཚེ། ང་ཚོའི་སྤྱི་ཚོགས་ནང་དུ་ཕལ་ཆེར་ཕོ་མོ་འདྲ་མཉམ་མེད་པ་འདྲ་ཞེས་པའི་བསམ་ཚུལ་བཏོན།

བོད་ཀྱི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་མེད་པའི་གནས་ཚུལ་དེ་རྩོམ་ཡིག་གི་བརྗོད་དོན་གཙོ་བོ་མིན། ང་ཚོས་ཕོ་མོ་འདྲ་མཉམ་མེད་པ་དངོས་ཡོད་གནས་ཚུལ་ཞིག་ལ་ངོས་འཛིན་གྱི་ཡོད། དངོས་འབྲེལ་ཐོག་དེང་གི་དུས་སུ་མིའི་རིགས་ཀྱི་སྤྱི་ཚོགས་ནང་དུ་ཕོ་མོ་དབྱེ་འབྱེད་ཀྱི་ཚད་གཞི་ངེས་ཅན་ཞིག་ཡོད་པ་དེས་སྤྱི་ཚོགས་ཀྱི་ནུས་པ་དངོས་མ་དེར་ཚད་བཀག་བྱེད་ཀྱི་ཡོད། འོན་ཀྱང་། ད་ལྟའི་དུས་སུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་བའི་སྲིད་ཇུས་གཉོམ་པོ་ཞིག་གིས་བཀག་ཏེ། ཐ་ན་ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་མེད། ད་ལྟའི་བོད་པའི་སྤྱི་ཚོགས་ཀྱི་ཕོ་མོ་འདྲ་མཉམ་མིན་པའི་གནས་བབ་ནི་ཉེན་ཚབས་ཅན་གྱི་གནད་དོན་ཞིག་ཡིན་པས། བུད་མེད་ཀྱི་ནུས་པ་གོང་འཕེལ་གཏོང་བར་འབྲས་བུ་ངེས་ཅན་ཞིག་ཐོན་ཐུབ་ཆེད། ཆ་འཇོག་བྱེད་འོས་བའི་སྲིད་ཇུས་ཤིག་ལག་བསྟར་བྱེད་པའི་གོ་སྐབས་སྲིད་སྐྱོང་བློ་བཟང་སེང་གེར་ཡོད། དོན་དག་འདི་ནི་ང་ཚོའི་རྩོམ་ཡིག་གི་བརྗོད་དོན་ཡང་ཡིན།

ངེད་གཉིས་ཀྱིས་བུད་མེད་ཀྱི་ནུས་ཤུགས་གོང་འཕེལ་ལ་ཕན་པའི་སྲིད་ཇུས་བསྐྱར་ཞིབ་དགོས་པའི་གྲོས་འགོ་འདི་ལྟར་འདོན་གྱི་ཡོད། སྲིད་ཇུས་འདིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་དུ་བུད་མེད་ཀྱི་སྐུ་ཚབ་མང་དུ་གཏོང་བ། སློབ་གྲྭ་ཁག་ཏུ་ཕོ་མོ་འདྲ་མཉམ་གྱི་ཚོར་ཤུགས་རྣོ་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ། ཚན་རིག་ལག་རྩལ་སློབ་སྦྱོང་སྡེ་ཁག་ཏུ་བུད་མེད་ཀྱི་ཁ་གྲངས་སྤར་བ། བུད་མེད་ཚོར་དམིགས་བསལ་སློབ་ཡོན་སྤྲོད་རྒྱུ། ཕོ་མོ་འདྲ་མཉམ་གྱི་ཚོར་ཤུགས་རྣོ་རུ་གཏོང་བའི་ཟབ་སྦྱོང་སྤྲོད་རྒྱུ། བུད་མེད་ཚོས་མྱོང་བཞིན་པའི་རྩུབ་སྤྱོད་ཁག་རྩ་མེད་བཟོ་ཐབས་ལ་མཐུན་རྐྱེན་སྦྱོར་དགོས།

༢༠༠༩་ལོའི་གནས་བབས་གཞིར་བཞག་ན། བུད་མེད་ཚོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐག་གཅོད་དབང་ཆ་ཅན་གྱི་ལྷན་ཁང་ཁག་གི་བརྒྱ་ཆ་༣་མ་གཏོགས་ཟིན་གྱི་མེད། རོབ་རྩིས་ལྟར་ན། སློབ་མཐར་སོན་པ་དང་དབུས་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ཞབས་ལ་འཛུལ་བའི་ཕོ་མོའི་གྲངས་ཀ་འདྲ་མཉམ་ཡིན་ཡང་། གཞིས་མགོ་ནས་ལྷན་ཁང་གི་དྲུང་ཆེའི་དབར་གྱི་གོ་ས་དག་ཅིའི་ཕྱིར་སྐྱེས་བ་ཚོས་འཇུས་བསྡད་ཡོད་པ་རེད།

བོད་ཀྱི་མཛངས་མ་རྣམས།

ད་ལྟའི་དུས་སུ་འཚར་ལོངས་འབྱུང་བཞིན་པའི་བོད་པའི་བུད་མེད་ཚོས་མིག་དཔེར་ལྟ་འོས་པའི་བུད་མེད་འཇོན་ནུས་ལྡན་པ་ཁྱུ་གཅིག་ཡོད་པ་དངོས་ཡོད་རེད། སྒྱུ་རྩལ་དང་གསར་འགོད་ལས་རིགས་ཀྱི་ཁྱབ་ཁོངས་སུ་འཇམ་དབྱངས་སྐྱིད་དང་སྡོམ་པ་ཚེ་རིང་དབང་མོ། ཚེ་རིང་འོད་ཟེར་ཡོད་ལ། ཁོང་ཚོ་ནི་མི་རབས་ཤིག་གི་འབོད་སྒྲ་ཡིན། ཤེས་ཡོན་གྱི་ཁྱབ་ཁོངས་སུ་ཨ་མ་རྗེ་བཙུན་པདྨ་དང་བུ་མོ་ཚེ རིེང་ཡོད། ལས་འགུལ་དང་སྤྱི་ཚོགས་ཀྱི་དྲང་བདེན་ཐད་ནས་བཀྲས་མཐོང་ལྷ་སྒྲོན་དང་བློ་བཟང་རབ་རྒྱས་ཡོད། ཆབ་སྲིད་ར་བའི་ནང་དུ་བདེ་སྐྱིད་ཆོས་དབྱིངས་དང་དབུ་དཀར་ཚང་གཡུ་སྒྲོན། ཤར་གླིང་ཟླ་སྒྲོན་ཡོད། ཤེས་རིག་སྡེ་ཁག་ཏུ་བཀྲ་ཤིས་རབ་རྒྱལ་དང་གཡུ་དྲུག་མཚོ་མོ་བཅས་ཡོད་ཀྱང་། གྲངས་ཀ་ཉུང་ཉུང་རེད།སློབ་གྲྭ་ཁག་ཏུ། བུ་མོ་ཚོ་ནི་བུ་ལས་གུས་བརྩི་དང་ལེན་དང་། ཁ་ཁུ་སིམ་པོ། ཡ་ལན་མི་སློག་པ། ལས་ལ་ལྡེམ་མྱུར་ཆེ་བའི་རེ་བ་བྱེད་ཀྱི་ཡོད། དར་མའི་དུས་སུ་ང་ཚོར་སྤྱོད་ལམ་གྱི་ཚད་གཞི་མི་འདྲ་བ་ཞིག་ཚང་དགོས་པ་མ་ཟད། སྤྱི་ཚོགས་དང་རིག་གཞུང་། ནང་མིའི་འགན་འཁྲི་བཅས་ཀྱང་ཚད་ལྡན་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཚད་གཞི་ཉིས་བརྩེགས་དེར་ང་ཚོས་ངོས་ནས་དོགས་སློང་མེད་པར་མགོ་བོ་སྒུར་ནས་བསྡད་ཡོད། བུད་མེད་ཅིག་གིས་དུ་ཆང་ལོངས་སྤྱོད་བྱེད་པ་དེ། ཅིའི་ཕྱིར་ཧ་ལས་ཧོན་འཐོར་དགོས་བའི་གནད་དོན་ཞིག་རེད། གངས་ཅན་སྐྱིད་གཤོང་གི་ལས་ཁུངས་ཁག་གི་ནང་དུ་བུད་མེད་གཅིག་པུས་བོད་ཆས་གྱོན་པ་ཏེ་རྒྱུན་ལྡན་དང་རིག་གཞུང་གི་ངོ་བོ་མཚོན་བྱེད་ཅིག་ཏུ་བརྩི་བཞིན་ཡོད། ཅིའི་ཕྱིར་སྐྱེས་པ་ཚོས་བོད་ཆས་གྱོན་མི་དགོས་པ་རེད། ད་ལྟའི་དུས་དང་ལོ་ཟླ་འདི་འདྲ་ཞིག་ལ་བསྟན་འཛིན་སྒང་གི་དོན་རྐྱེན་དེ་བྱུང་བ་རེད།

དེང་རབས་ཀྱི་ཤེས་ཡོན་ར་བ་ལས་ཐོན་པའི་བོད་ཀྱི་མཁས་དབང་ཆེས་ཐོག་མའི་གྲས་དང་། བོད་མི་ཀུན་གྱིས་གོང་དུ་བཀུར་བའི་འདས་པོ་མཁས་དབང་ཟླ་བ་ནོར་བུའི་སྐོར་ལ་སྒྲུང་འདི་འདྲ་ཞིག་ཡོད། ཁོང་གིས་དུས་རྟག་ཏུ་དཔེ་ཀློག་བྱས་ཏེ་དུས་ཚོད་བསྐྱལ་བ་ལས། ནང་གི་ལས་ཀ་ཙག་ཙིག་ལ་རོགས་རམ་དེ་ཙམ་བྱས་མེད། ཉིན་ཞིག་ཁོང་གི་བཟའ་ཟླས་ཁ་ཟས་གཡོ་སྐོལ་བྱེད་ཞོར་ཏུ་ངུ་ངག་གི་དབྱངས་རྟ་འཐེན་བཞིན་པའི་གཅེས་ཕྲུག་ཅིག་ལའང་ལྟ་རྟོག་བྱེད་སྐབས། ཁོང་གི་དཔེ་ཆ་ཕྲོགས་ཏེ། “ཁྱེད་ཀྱིས་མ་མཐའ་ཡང་ངས་ཁ་ཟས་སྐོལ་སྐབས་གཅེས་ཕྲུག་ལ་ལྟ་རྟོག་བྱེད་ཐུབ་ཀྱི་མི་འདུག་གམ།”ཅེས་དྲིས་ཚེ། “འོ་ན། དཔེ་ཆ་སུས་ཀློག་གི་རེད། ཁྱེད་ཀྱིས་ཀློག་གི་ཡིན་ནམ།” ཞེས་ལྡོག་འདྲི་བྱས། གཅིག་བྱས་ན་སྒྲུང་འདི་བཅོས་མ་ཞིག་ཡིན་སྲིད། ངེད་གཉིས་ཀྱིས་སྒྲུང་འདི་བརྒྱུད་ནས་མཁས་དབང་ཁོང་བྱབ་ཆུང་ཞིག་བཟོ་འདོད་པ་མིན་ཡང་། བུད་མེད་ཅིག་གིས་དཔེ་ཀློག་བྱེད་པའི་ལྟ་སྟངས་དེས་སྒྲུང་འདི་ཡ་མཚན་པོ་ཞིག་བཟོས་བ་རེད། གལ་ཏེ། ཁྱེད་ཀྱིས་ཅིའི་ཕྱིར་བུད་མེད་ཞིག་གིས་དཔེ་ཀློག་བྱེད་པ་དེ་ཡ་མཚན་པོ་ཞིག་ཡིན་པའི་སྐོར་ལ་བསམ་གཞིགས་ནན་མོ་དང་། ད་ལྟའི་དུས་ཀྱི་ལག་ལེན་དག་ལ་ང་ཚོའི་སྤོ་བོ་རྨོ་མོ་ཚོའི་དུས་ཀྱི་ལྟ་ཚུལ་མ་བཟུང་ན། མཚར་གཏམ་འདིའི་དོན་དག་ཅུང་ཆོ་མེད་ཅིག་ཏུ་མཐོང་གི་རེད།
བུད་མེད་གཅར་རྡུང་།

གཅིག་བྱས་ན། བུད་མེད་གཅར་རྡུང་བྱེད་པ་དེ་ང་ཚོའི་སྤྱི་ཚོགས་ནང་དུ་ཡང་ཡང་འབྱུང་བ་ཞིག་མིན་ཡང་། བསྟན་འཛིན་སྒང་གི་དོན་རྐྱེན་དེ་ནི་བུད་ཀྱི་ཁེ་དབང་རྡོག་རོལ་བཏང་བའི་མཚོན་རྟགས་ཆེན་པོ་ཞིག་ལ་ངོས་འཛིན་གྱི་ཡོད། བུད་མེད་གཅར་རྡུང་བྱེད་པ་མངོན་གསལ་དོད་པོ་ཞིག་མིན་ཡང་། ག་ལེ་ག་ལེར། བུད་མེད་གཅར་རྡུང་གི་དོན་རྐྱེན་རེ་རེ་ནི་བུད་མེད་ཀྱི་ཁེ་དབང་རྡོག་རོལ་གཏོང་སྟངས་གོ་རིམ་ལྡན་པ་ཞིག་རེད།

ང་ཚོ་ནི་རྒྱ་གར་བྱང་ཕྱོགས་ཀྱི་གཙང་པོ་བྷེས་(Beas)ཀྱི་འགྲམ་དུ་ཆགས་པའི་པ་ཏེ་ཀོལ་(Patlikhul)སློབ་གྲྭ་ནས་འཚར་ལོངས་བྱུང་། ཆར་དུས་རེ་རེར་བྷེས་གཙང་པོ་དགུང་ལ་འཕྱུར་ཏེ། མཐའ་མར་སློབ་གྲྭར་ཆུ་ལོག་གནོད་འཚེ་མ་ཐེབས་བར་དུ་སློབ་གྲྭ་ཆུས་འཁུར་བའི་ཞེད་སྣང་བསླངས། མ་ཟད། ང་ཚོས་རྡ་ཤོད་བོད་ཁྱིམ་ཡང་འགྲིམས་མྱོང་། ༡༩༩༥་ལོར་སློབ་གྲྭ་དེ་ཁོང་ཁྲོ་མེ་ལྟར་འབར་བའི་རྒྱ་གར་ཡུལ་མི་ཁྱུ་གཅིག་གིས་ཧྲུག་ཆག་ཏུ་གཏོང་གྲབས་བྱས། འོན་ཀྱང་། ད་ལྟ་ཕྱིར་འདང་ཞིག་བརྒྱབ་ན། དོན་རྐྱེན་འདི་དག་ནི་ང་ཚོའི་སློབ་གྲྭའི་མགོར་ལྷུང་བའི་ཆག་སྒོ་དག་མ་རེད། པ་ཏེ་ཀོལ་ཏུ་དགེ་རྒན་བུ་ཚོས་སློབ་ཕྲུག་བུ་མོ་དང་མཉམ་དུ་འབྲེལ་བ་བྱུང་བའི་དོན་རྐྱེན་ཁ་ཤས་ཤིག་ཡོད། དེའི་ནང་ནས་ཀྱང་པ་ཏེ་ཀོལ་སློབ་གྲྭའི་ལོ་རྒྱུས་ནང་དུ་བྱུང་མ་མྱོང་བའི་སྒྲིག་འཛུགས་དགེ་རྒན་དམ་པོ་ཞིག་སྟེ། ཁོང་ནི་གྲྭ་བ་ཞིག་ཡིན། ཁོང་གིས་སློབ་ཕྲུག་བུ་མོ་ཅིག་ལ་མངལ་ཆགས་བཅུག་ནས་མཉམ་དུ་བྲོས་ཕྱིན་པ་རེད། རྡ་ཤོད་བོད་ཁྱིམ་དུ། ལོ་ཆུང་བུ་མོ་སློབ་ཕྲུག་གཉིས་ལ་རྒྱབ་རྩ་ཅན་གྱི་སྡེ་ཁག་གི་ཁོངས་མི་གཉིས་ཀྱིས་ལོག་གཡེམ་བྱས་པ་རེད། བུ་མོ་གཉིས་ལོ་བཅུ་ཡས་མས་ཡིན་པའི་ལོ་ཆུང་ཤ་སྟག་རེད། དོན་རྐྱེན་འདི་དག་ཐག་གཅོད་བྱེད་སྐབས་རྒྱ་གར་ས་གནས་ཉེན་རྟོག་པར་ལག་པ་སྲིང་བཅུག་མེད་པས། མི་འདི་ཚོར་ཁྲིམས་ཀྱི་ཉེས་པ་བཅད་མེད། ཁོང་ཚོས་སློབ་གྲྭར་ཡོང་མི་ཆོག་པ་ལས། ཁོང་ཚོས་བསགས་པའི་ནག་ཉེས་སེལ་ཆེད་བཙོན་ཁང་དུ་དུས་ཚོད་བསྐྱལ་དགོས་བྱུང་མེད།
མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 13 བཀོད་འདུག

13 Responses to ཕོ་མོ་འདྲ་མཉམ་མེད་པའི་སྲིད་ཇུས་ཀྱི་དཀའ་ངལ་སེལ་ཐབས་ཤིག(སྔ་མ)

  1. བསྟན་འཛིན་ ནས།

    ཕོ་མོ་འདྲ་མཉམ་ཀྱི་བསམ་ཚུལ་གཙོ་བོ་བོད་པའི་བུ་ནང་ལ་ཟབ་སྦྱོང་སྤྲོད་དགོས་པ་ཞིག་ཡོད་རེད།

  2. རྡོ་སྦིས་ཟླ་བ་ཚེ་རིང་ ནས།

    རྒྱལ་ཁབ་ཅིག་ལ་ཐོབ་ཐང་མེད་ས་ན།་་དེའི་འབངས་མི་བྱེ་བྲག་ཅིག་ལ་ཐོབ་ཐང་རྩོད་ས་གང་ན་ཡོད་་་་་་་་ཧ་ཧ་་་ད་དགོད་རྒྱུ་ལངས་ཀི་ཡ

  3. སྦྲ་རིགས་ཐོགས་མེད་ ནས།

    ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དེ་ཕྱུ་བ་གྱོན་ཡོད་མེད་ཙམ་དང་ཁ་ལག་བཟོ་ཚུལ་ཙམ་གྱི་སྒོ་ནས་དབྱེ་བ་འབྱེད་པ་ནི་ཁྱབ་ཆུང་དྲག་པ་ཡིན།

    ད་དུང་མང་ན་ཡང་རྗེས་མ་རིམ་བཞིན་བཤད་ཆོག

  4. ནག་ཆུ་ཀུན་དགའ་ ནས།

    ཐོག་མར་ངའི་གྲོགས་མོི་བསྟན་འཛིན་དཔལ་སྐྱིད་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག་
    བརྗོད་འདོད་པ་ཞིག་ལ་་ཁྱེད་ཚོས་ཕོ་མོ་གཉིས་ཀྱི་ཐོབ་ཐང་འདྲ་མཉམ་མེད་པའི་རྒྱུ
    རྐྱེན་འཚོལ་སྐབས་གནའ་རབས་བྲམ་ཟེའི་གཞུང་ལུགས་དང་འབྲེལ་བའི་གསོལ་རྒྱུན་གཞུང་ལུགས་ཁག་གཅིག་ལ་ཅིའི་ཕྱིར་བརྟག་དཔྱད་མ་བྱས་པ་ཡིན་ནམ། འདི་ནས་བྲམ་ཟེའི་གཡོ་འཕྲུལ་གྱིས་བརྩམས་པའི་རིག་བྱེད་ཀྱི་གཞུང་ལུགས་དང་དེས་བསྐྲུན་པའི་ལྟ་གྲུབ་དང་བག་ཆགས་ཀྱི་ཤུག་རྐྱེན་རེད ། ཡང་གཅིག་བཤད་ན་རྨོངས་དད་དང་འབྲེལ་བ་གཏིང་ཟབ་ཡོད་པ་རེད ། ཕྱུ་པ་གྱོན་པ་ནི་རིག་གཞུང་མིན། ཕྱུ་པ་བཟོ་སྟངས་དེ་ཆེ་ཆུང་ལ་མ་ལྟོས་པར་རིག་གཞུང་གི་ཁྱབ་ཁོངས་སུ་གཏོགས། ་གང་ལྟར་ཡང་ལུགས་སྲོལ་དང་རིག་གཞུང་གཉིས་དབྱེ་བ་འབྱེད་ཐུབ་པ་དགོས།

  5. སྦྲ་རིགས་ཐོགས་མེད་ ནས།

    དོན་ངོ་མར་ཕོ་མོ་འདྲ་མཉམ་གྱི་གནད་དོན་ཅིག་གླེང་དགོས་ཚེ་གཙོ་བོ་སྤྱི་ཚོགས་སྤྱིའི་སེམས་ནང་གི་འདུ་ཤེས་བཅོས་བསྒྱུར་ཐོག་ནས་གླེང་དགོས་པར་འདོད། དེ་མིན་དམིགས་བསལ་དང་སྐབས་ཐོག་དབང་ཡོད་མེད་ཙམ་དེ་འཕྲལ་སེལ་ཙམ་ལས་དེས་ལོ་ངོ་སྟོང་ཕྲག་རིང་གི་འདུ་ཤེས་རྙིང་བ་དེ་བསྒྱུར་མི་ཐུབ།

  6. རྩོམ་འདི་འབྲི་མཁན་གཉིས་ཀྱིས་ཐོབ་ཐང་དང་འདྲ་མཉམ་ཟེར་དོན་གོ་བ་རྣལ་མ་ཞིག་ལོན་མི་འདུག་སྙམ། དེ་མེད་དུས་རྩོམ་གྱི་བརྗོད་སྙིང་དང་བརྗོད་གཞི་ཡོངས་ཏག་ཏག་བསྡད་ཡོད་པ་མ་རེད།

  7. ཀླུ་སྨྱོན་ ནས།

    ཕྱུ་བ་གྱོན་སྟངས་དང་ཟ་མ་བཟོ་སྟངས་ནས་ཐོབ་ཐང་འདྲ་མཉམ་མགོ་བཙུགས་ན་མཐོ་དྲགས་སོང་། ཆུང་ས་ནས་མགོ་འཛུག་དགོས། ཕོ་མོ་གཉིས་ཀྱིས་འོ་སྐྱེལ་དུས་རྒྱ་གར་དང་བོད་པའི་རིག་གཞུང་ནས་བུ་ཡིས་བུ་མོའི་མ་མཆུ་འཇིབ་དགོས་ཀྱི་ཡོད་པ་དེ་ཡང་ཞིབ་ཏུ་བསམས་ན་བུ་ཡིས་བུ་མོར་གུས་ཞབས་བྱས་པ་ཞིག་རེད། ལག་པས་འཁྱུད་དུས་ཀྱང་བུ་ཡི་ལག་པ་བུ་མོའི་ལག་པའི་འོག་ནས་ཕར་བརྐྱངས་ཏེ་འཁྱུད་དགོས་ཀྱི་འདུག་པ་འདི་ཡང་བུ་ཡིས་བུ་མོར་གུས་ཞབས་བྱས་པ་ཞིག་རེད་ལ། ད་དུང་འཁྲིག་པ་སྤྱོད་དུས་ཀྱང་བུ་མོ་དེ་རྒྱལ་པོ་ནང་བཞིན་ཀན་རྐྱལ་དུ་ལྷོད་ལྷོད་བྱས་ཏེ་ཉལ་ནས་བསྡད་ཆོག་པ་དང་། བུ་ཡིས་གཡོག་པོ་བཞིན་རྔུལ་ནག་ཁྲུམ་ཁྲུམ་དུ་བུ་མོའི་འདོད་པ་མ་ཁེངས་བར་དུ་རྒྱོ་དགོས་ཀྱི་འདུག་པ་འདི་དག་གིས་ཆགས་པ་སྤྱོད་དུས་བུ་ལས་བུ་མོར་ཐོབ་ཐང་ཆེན་པོ་ཡོད་པ་སྟོན་བཞིན་ཡོད། ནུབ་ཕྱོགས་སུ་དེ་ལས་ལྡོག་སྟེ་བུ་ཡི་ཐོབ་ཐང་ཆེ་དྲགས་པས་འཁྲིག་པ་སྤྱོད་དུས་འོག་ནས་རྒྱལ་པོ་བཞིན་ཉལ་བ་དང་བུ་མོ་ཚོས་སྟེང་ནས་གཡོག་པོ་བཞིན་ཡར་མཆོང་མར་རྡེབ་ཀྱི་དཀའ་བ་སྤྱོད་དགོས་ཀྱི་འདུག ད་དུང་མང་ཡང་དེ་རིང་འདི་ཙམ་བྱེད།

  8. བསྟན་པ་ ནས།

    ཕོ་མོ་འདྲ་མཉམ་ཡོང་གི་མ་རེད། ཕོ་མོ་འདྲ་མཉམ་ཟེར་མཁན་ཨ་རིའི་ལུང་པ་ལ་ཡང་ད་བར་དུ་སྲིད་འཛིན་ལ་བུད་མེད་གཅིག་ཀྱང་བསྡད་མྱོང་མེད་པ་འདིས་ག་རེ་བསྟན་གི་ཡོད་དམ།

  9. དགོན་པ་སྐྱབས་ ནས།

    ཕོ་མོ་འདྲ་མཉམ་ཡོང་མིན་། བུད་མེད་ཚོའི་ལག་པར་ཡོད་པ་རེད་། ཨ་མ་དག་གི་རང་གི་བུ་ཕྲུག་ཆུང་དུས་ནས། སླབ་བྱ་འདི་ལྟར་རྒྱོབ། བུ། ཨ་མའི་ལོ་ལོ། རྗེས་སུ་ཁྱེད་རང་གཉེན་སྒྲིག་བྱས་རྗས། རང་གི་བཟའ་ཟླར་མཐུན་ལམ་ཡག་པོ་བྱས། རང་གི་མི་ཚེ་ནང་གི་ལམ་གྲོགས་ཡག་ཤས་དེ་ཡིན་། རང་བུ་ཞིག་ཡིན་པའི་ཆ་ནས། ནང་གི་ལས་ཀ་གཙོ་བོ་ཁྱོད་ཀྱིས་བྱེད་དགོས། སྐྱེས་མེད་དག། བུ་ཕྲུག་གསོ་སྐྱོངས་སྐབས་སུ། ལུས་སེམས་བདེ་སྐྱིད་ངང་དུ་འཇོགས་ཐུབ་པ་བྱེད་རྒྱུ་ནི་། ཁྱོད་མི་བུ་མཆོག་ཏུ་གྱུར་བ་ཞིག་གི་ལས་འགན་ཡིན་ཞེས་སླབ་བྱ་ཡག་གོ་བརྒྱབ་ན་། བདེ་སྐྱིད་ལྡན་པའི་ཕོ་མོ་འདྲ་མཉམ་ཞིག་ཡོང་སྲིད་། རྒྱ་ཁབ་ཀྱི་སྲིད་འཛིན་ཡོང་མིན་དག། སོ་སོའི་འཇོན་ཐང་ལ་ལྟ་ཡ་རེད་།

  10. ང་ཚོ་ལ་དབང་ཆའི་ཐོག་ལ་བུད་མེད་ཡོང་མི་ཆོག་པའི་ཁྲིམས་མེད་བསམ་སོང་། དེ་ལས་ལྡོག་སྟེ་ད་དུང་དབང་ཆའི་ཐོག་ལ་ངེས་བར་དུ་བུད་མེད་ཡིན་དགོས་པའི་ཐོབ་ཐང་ཁ་ཤས་ཕུལ་ཡོད་སྙམ། མ་མི་མིན་མེད་ཀྱི་ཁྲིམས་མེད་ན་ད་ཕལ་ཆེར་བཀག་དང་མནན། མནར་དང་སྡོམ་སོགས་ཀྱི་ཐ་སྙད་མི་འཇུག་གི་འདོད
    དེ་ནས་གོང་དུ་དྲ་གྲོགས་རྟ་མགྲིན་རྡོ་རྗེ་ལགས་ཀྱིས་རྩོམ་ཡིག་འདིའི་བརྗོད་སྙིང་དང་བརྗོད་གཞི་ཏག་ཏག་བསྡད་མེད་སྐོར་གསུངས་འདུག དཔྱད་རྩོམ་ཞིག་ལ་བརྗོད་སྙིང་གི་སྐད་ཆ་བཤད་རྒྱུ་ཡོད་རེད་དམ། དེ་དངོས་གནས་ཧ་གོ་མ་སོང་།

  11. གཅན་འོད་འབར་ ནས།

    སྤྱིའི་ཆ་ནས་རྩོམ་ཡིག་འདི་ཡག་པོ་ཞིག་འཁྱོངས་ཡོད་པའི་སྣང་བ་བྱིན་ཐལ། འོན་ཀྱང་ང་ཚོའི་ཕོ་མོ་འདྲ་མཉམ་མིན་པའི་བཀག་རྒྱ་འདི་གཏོར་དགོས་ན་ཕྱིའི་རྣམ་པ་ཁོ་ནའི་སྟེང་ནས་བཤད་ན་དེ་རྒྱ་ཆུང་དྲགས་པ་རེད་འདོད། ཕོ་མོ་འདྲ་མཉམ་མིན་པའི་གནད་དོན་འདི་ལོ་རྒྱུས་དང་རིག་གཞུང། ཆོས་ལུགས། ཡུལ་སྲོལ་གོམས་གཤིས། མིའི་འདུ་ཤེས་འཛིན་སྟངས་དང་བསམ་བློའི་འཁྱེར་སོ་སོགས་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ལ་རེག་ལས་ཡོད་དུས། དང་པོ་འདི་དག་ལ་དཔྱད་ནས་རྩ་མེད་ལ་གཏོང་དགོས་པ་རེད་མ་གཏོགས། ཕྱིའི་རྣམ་པ་ཁོ་ན་ཞིག་བཤད་ནས་བསྡད་དེ་ཏག་ཏག་ཅིག་བསྡད་ཨེ་ཡོད་འདོད།

  12. གངས་རིའི་སྲས་ཆུང་ ནས།

    དེ་སྔོན་ཕ་ཡུལ་དྲ་རྒྱ་བརྒྱུད་ནས་བསྟན་འཛིན་བདེ་སྐྱིད་དང་བསྟན་འཛིན་དཔལ་སྒྲོན་ལགས་གཉིས་ཀྱིས་བྲིས་པའི་བོད་པའི་སྤྱི་ཚོགས་ནང་ལ་ཕོ་མོ་འདྲ་མཉམ་མེད་པའི་སྐོར་གྱི་རྩོམ་ཡིག་བཀླག་རྒྱུ་གོ་སྐབས་བྱུང་། དེ་ནས་ཉིན་ཤས་རྗེས་སླར་ཡང་ཀུན་བཟང་སྒྲོལ་མས་བོད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་བདུན་ཅན་གྱི་རྩོམ་རིག་ཞིག་བཀླགས་པ་ཡིན། དེ་གཉིས་ཀར་བལྟས་ན་བུད་མེད་ཚོར་ཕོ་མོ་འདྲ་མཉམ་དགོས་པའི་འབོད་སྐུལ་བྱེད་པ་ཐུགས་ཁག་མི་འདུག་སྙམ།

  13. རྩོམ་འདི་འབྲི་བ་བོ་དངོས་ནས་སྙིང་རྗེ། ཕོ་མོ་འདྲ་མཉམ་ཟེར་བ་དོན་དངོས་ཐོག་ཁྱེད་ཚོས་མགོ་མ་གཡུག་པར་ལྷ་འབབ་བསམ་པ་མ་གཏོགས་མི་འདུག དེ་བས་དངོས་ནས་དགོད་བྲོ་བ་རང་རེད། http://www.khabdha.org/?p=51807འདིར་གཟིགས་དང་བདག་གིས་དེའི་སྐོར་ལ་བསམ་ཚུལ་ཐུང་ཙམ་བྲིས་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*