གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

སྙན་ངག་པས་བརྗོད་བྱ་བདམས་པ་གལ་གནད་ཆེ་དོན་ནི་བོད་ཀྱི་རྒྱལ་ཁམས་ཡར་བསླངས་པའི་སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱི་སྣང་བརྙན་སྙིང་བསྡུས་ཀྱིས་བཞེངས་བསྐྲུན་བྱས་པས་རེད། ཐིག་ཕྲེང་དང་པོ་ནས་བཅུ་གཉིས་བར་དུ་ཁོང་གིས་ཁྱིམ་མཚེས་ཡུལ་ལུང་ཁག་ལ་གཡུལ་བཤམས་པ་དང་། ཁོང་གི་མངའ་ཁོངས་རྒྱ་བསྐྱེད་ཀྱི་སྐོམ་པ་དང་སྟོབས་ཤུགས་སྐོར་འགྲེལ་བརྗོད་བྱས་པ་དང་། བཀྲེས་ལྟོགས་ཀྱིས་མནར་བའི་སྲོག་ཆགས་དང་། ས་ཁྲ། གཏིང་ཟབ་པའིོ་དམར་ཚོས། ཁྲག ཉི་མ་ལྟ་བུའི་མིང་ཚིག་དག་གིས་རྒྱལ་པོའི་དབང་བསྒྱུར་གྱི་སྐོར་རྒྱ་ཆེན་པོས་འགྲེལ་བརྗོད་བྱས་ཡོད་ལ། སྙན་ངག་གི་དཀྱིལ་གྱི་དུམ་ཚན་(ཐིག་ཕྲེང་།༡༤-༡༩)གྱིས་རྩོམ་མཁན་མོ་རང་ཉིད་ཀྱི་སེམས་ཀྱི་འཚོལ་སྙེག་གི་འགྲུལ་བཞུད་ཀྱི་ཕྱོགས་ཙམ་བརྗོད་ཡོད། འགྲུལ་བཞུད་འདི་ནི་སུ་ཞིག་གིས་རང་གི་འབྱུང་ཁུངས་འཚོལ་བའི་གནས་དུས་ཁྲོད་བསྐྱོད་དེ་མཐའ་མཇུག་ཁོ་མོས་རང་གི་འདས་སོང་དེ་སྒུལ་སྤྲུགས་བྱེད་མི་བཏུབ་པ་ཤེས་རྟོགས་བྱུང་བ་དེ་རེད།

རིག་གཞུང་གི་ཕ་གཞིས་གསར་བརྙེད་བྱུང་པའི་ཁྲོད་ཁོ་མོས་རང་གི་ཉམས་དམའ་བའི་ཚོར་བ་དག་ཁྱད་འཕགས་སུ་བྱས། དུམ་མཚམས་འདི་ཡིས་རིག་གཞུང་དང་སྤྱི་ཚོགས་ཀྱིས་གཞན་གྱི་བློ་སྣ་བསྒྱུར་བ་དང་སུ་ཞིག་གི་སྤོབས་པ་རིག་གཞུང་ཕྱུག་པོ་ཞིག་གི་ནོར་སྐལ་གསར་བརྙེད་ཀྱིས་བསྐྱར་གསོ་བྱེད་པར་བསྔགས་འོས་ཀྱི་མཐའ་ཟུར་གྱི་ཚོགས་སྡེ་ཞིག་གི་ཁྲོད་དུ་ཁོ་མོའི་ནང་སེམས་ཀྱི་རྒྱུ་མཚན་ལ་བརྟེན་པའི་བཅོས་བསྒྱུར་སྐོར་བཀྲམས་སྟོན་བགྱིས་པ་དང་། མཐའ་མའི་དུམ་མཚམས་འགའ་ཤས་ཀྱིས་(༣༡-༣༩)བོད་ཀྱི་གནས་བབ་ཐད་ཀྱི་རྩོམ་པ་པོའི་འགྱོད་གདུང་རྗེས་ཟློས་བྱས་ལ། མིང་ཚིག་རྙིང་སོང་དང་ཉམ་ཆུང་ལྟ་བུ་དག་བོད་ཚུད་པའི་གནས་བབས་འགྲེལ་བརྗོད་བྱེད་པར་བེད་སྤྱོད་བྱས་ཡོད། སྙན་ངག་འདི་རྒྱལ་པོ་ལྟར་འཇོན་ནུས་ཡོད་མཁན་དག་ཀྱང་མཐའ་མཇུག་ཕན་ཉེས་སོང་བའི་ཡི་མུག་པའི་རྟོགས་ཞིབ་ཅིག་དང་ལྷན་དུ་མཇུག་བསྡུས་ཡོད།

ལོ་རྒྱུས་ཀྱི་གོ་བརྡ་ནི་མེ་སྒྲོན་གྱིས་བརྩམས་པའི་སྙན་ངག་གཞན་གྱི་ནང་དུའང་མངོན་གསལ་དུ་ཐོབ་ཡོད། ཚངས་དབྱངས་རྒྱ་མཚོ། ངའི་རྒྱལ་པོ། ཞེས་པའི་ནང་དུ་ཁོ་མོས་རྒྱལ་དབང་ལྔ་པའི་འདས་རྐྱེན་རྒྱ་ཁྱབ་ཏུ་འགྲོ་བ་བཀག་འགོག་སླད་རྟ་དབང་ལ་ལོ་ངོ་མང་པོར་སྦས་པའི་མོའི་རྒྱལ་པོ་རྒྱལ་བ་དྲུག་པ་ཚངས་དབྱངས་རྒྱ་མཚོའི་(༡༦༨༣-༡༧༠༦)སྐོར་བརྗོད་ཡོད། བསྟན་པའི་བདག་པོ་ཡི་འཁྱམ་ཉུལ་འདི་ནི་ལྷ་བཟང་ཁཱང་གིས་གཏོར་མི་ཐུབ་པའི་འདུ་ཤེས་ཀྱི་ང་རོ་ཞིག་ཡིན་པར་ད་དུང་ཡང་བོད་པ་མང་པོ་ཞིག་གིས་གུས་བཀུར་ཞུ་བཞིན་ཡོད་ལ། སྙན་ངག་པས་ཁོང་གི་དགུང་ལོ་ཉེར་བཞིའི་སྟེང་གི་དུས་མ་ཡིན་པའི་འཆི་བར་འགྱོད་གདུང་བསྟན་པ་དང་། སྙན་ངག་གཞན་ཞིག་གི་ནང་དུ་མོས་དུས་རབས་བཅུ་གཅིག་པའི་སྙན་ངག་པ་མི་ལ་རས་པ་ལ་ཡི་རངས་བྱས་ཡོད།

གསར་རྙེད་ཀྱི་འགྲུལ་བཞུད་དེ་ཡིས་འཆར་སྣང་ཁོ་ནའི་ཁྲོད་ཀྱི་རི་མོ་ཞིག་གི་གོ་དོན་མཚོན་པར་བྱས་ལ། འཆར་སྣང་འདི་བརྒྱུད་ནས་བྷེ་ནེ་སྒྲིག་ཁྲི་ ཨན་ཌིར་སོན་(Benedict Anderson)གྱིས་ཅི་ཞིག་ལ་འཆར་སྣང་ཁྲོད་ཀྱི་སྤྱི་ཚོགས་ཟེར་བས་ཁོངས་གཏོགས་ཀྱི་འདུ་ཤེས་ཕྱིར་ལོག་པར་དབྱིབས་གཟུགས་བཏོད། ད་ལྟའི་བོད་དུ་རྒྱ་ཡིག་ནང་འབྲི་བའི་བོད་པ་སྙན་ངག་པ་ཚོས་ཁོངས་གཏོགས་ཀྱི་འདུ་ཤེས་ཤིག་ཚོར་གྱིན་ཡོད། ཁོང་ཚོའི་མི་གཤིས་དང་རིག་གཞུང་གི་མྱོང་བས་ཀྱང་ཁོང་ཚོ་རང་གི་འདས་སོང་ལ་སྦྲེལ་ཡོད་ལ། འདས་སོང་དེའང་དུང་ཞེན་གྱི་འཆར་སྣང་ཞིག་གིས་བསླངས་པའི་དབྱིབས་གཟུགས་སུ་རུང་བ་ཞིག་གོ། ལྷ་མོ་དོན་གྲུབ་ཀྱིས་བརྩམས་པའི་སྙན་ངག་ཅིག་དཔའ་རྒོད་དག་གིས་གངས་རི་ཇི་ལྟར་མཇལ་བའི་སྐོར་ནས་འགོ་བཙུགས་ཡོད། སྙན་ངག་པ་ཁོ་རང་ཉིད་ཀྱིས་དཔའ་རྒོད་ཚོས་ཁོ་ལ་ཅི་ཞིག་བརྗོད་པར་དགག་བཞག་བྱེད་པར་མི་སྣང་མོད། ཁོས་དེ་ལྟར་ཅུང་ཙམ་ཕྱི་རོལ་ནས་གངས་རི་ལ་བསྙེགས་ཡོད། ཁོས་འགྲུལ་བཞུད་བྱེད་པའི་སྐབས་སུ་ཡིད་མ་གཟབ་པའི་འདུ་ཤེས་ཤིག་བྱུང་ཡོད། འོན་ཀྱང་། ཁོས་ཐག་གཅོད་བཏུབ་པ་ཞིག་ཤེས་པ་ནི་ཉིན་ཞིག་ཁོ་རང་ཉིད་གངས་རི་དང་མཇལ་ཏེ་ལོ་རྒྱུས་ཀྱི་ཆ་ཤས་སུ་འགྱུར་བ་དེ་རེད། འདི་ལྟར་མི་ཞིག་གིས་ད་ལྟ་བསྒྱུར་འདོད་ཀྱི་སྣང་བ་དང་དུས་མཉམ་དུ་འདས་སོང་གི་ཐོབ་པ་ཞིག་ཀྱང་བརྙེད་པ་རེད།

འཇིག་རྟེན་འདིར་
གངས་རི་ནི་མཛེས་བའི་ས་ཆ་ཞིག་རེད་
ལོ་ངོ་སྟོང་ཕྲག་རིང་མ་བསྒྱུར་བའི་གཏམ་རྒྱུད་ཅིག་
སྲ་མཁྲེགས་སུ་གྱུར་བའི་གངས་རི་ལ་གདོད་མའི་དབྱིབས་ཤིག་ཡོད་

འདི་ཉིད་སྙེག་གིན་པའི་དཔའ་རྒོད་ཚོས་དུས་རྒྱུུན་ང་ཚོར་འདི་ལྟར་སྨྲ་

འོན་ཀྱང་ ང་ཡིས་གངས་རི་སྙེག་དུས་
ངས་ནམ་ཡང་དེ་ལྟར་མ་བསམ་
དོན་ངོ་མར་ བསམ་བློ་བཏང་རུང་མ་བཏང་རུང་ དེ་ནི་དུས་རྒྱུན་ནས་འདྲ་སྟེ་
རླུང་དང་ཁང་ལ་བར་སྣང་འགེང་དུ་འཇུག་
ངལ་མེད་བགྲོད་སྐབས་ ངའང་ཁེངས་སོང་
ཐག་རིང་གི་གངས་རིའི་རྩེ་མོས་
དངོས་སུ་མ་བརྗོད་པའི་ཤེས་རྟོགས་ཤིག་གིས་ང་ལ་བལྟས་འདུག་

དེ་མ་ཐག་གམ་རྗེས་ཕྱོགས་ ངས་ཀྱང་གངས་རི་བརྒལ་ངེས་
ངའང་དེ་འདྲ་ཞིག་ཏུ་བསྒྱུར་ཏེ་
རྗེས་ཕྱོགས་ངའི་རྗེས་ཀྱི་མི་རྣམས་ང་ཡི་སྟེང་ལ་གོམ་པ་སྤོ་རུ་འཇུག་

འགའ་ཤས་ཀྱིས་རང་ཉིད་རྒྱ་ཡིག་ནང་མངོན་མཚོན་བྱེད་མཁན་གྱི་རྩོམ་པ་པོ་རྣམས་བོད་པ་ངོ་མ་ཡིན་པ་དང་བོད་ཀྱི་རིག་གནས་ཀྱི་ཕ་གཞིས་ཀྱི་བང་མི་ཡིན་པར་དགག་གཞག་བྱེད་སྲིད་མོད། སྙན་ངག་པ་འདི་དག་གིས་རང་ཉིད་བོད་པ་ཞིག་ཡིན་པའི་གོ་བབ་དེས་སམ། སྐབས་དེར་རྒྱ་ནག་གི་ཚོགས་སྡེ་ཆེན་པོའི་ཁྲོད་ཀྱི་གྲངས་ཉུང་བྱས་ཏེ་བྲང་སྤྲད་པ། གཞན་ཞིག་ཏུ་གྱུར་བའི་མྱོང་བ་བཅས་ར་སྤྲད་པ་རེད། ཁོང་ཚོའི་གཞན་ཉིད་ཀྱི་རང་བཞིན་གྱིས་ཁོང་ཚོར་འདས་སོང་གི་ལོ་རྒྱུས་རྒྱུན་མཐུད་ནས་ཤེས་པར་བྱས། འོན་ཀྱང་། ལོ་རྒྱུས་ཀྱི་རྒྱུན་མཐུད་དེ་ཡང་ཁོང་ཚོའི་མི་སྒེར་གྱི་ངོ་རྟགས་ཆགས་ཚུལ་གྱི་ཐད་ནས་དེ་འདྲའི་ཐད་ཀར་ཞིག་ཏུ་འགོ་མ་བཙུགས་པར་སོང་མཁོ་མེད་ཀྱི་འདུ་ཤེས་ཤིག་གི་སྒྲོམ་དུ་ཚུད་ཡོད། བོད་པ་སྙན་ངག་པ་དག་གིས་རྒྱ་ཡིག་ནང་བྲིས་པའི་སྙན་ངག་དག་འདི་ལྟར་རྒྱུན་མཐུད་ཀྱི་ཚོར་སྣང་ཁ་འཐོར་གྱི་འདུ་ཤེས་དང་འཕྲད་པའི་གཉེན་འཕྲང་གི་གནས་བབ་ཅིག་ཏུ་བྱུང་བ་རེད།

གཞོན་སྐྱེས་མི་རབས་དེ་ཡི་སྙན་ངག་མངོན་མཚོན་གྱི་ཐད་ནས་གལ་ཆེར་གྱུར་བའི་རྣམ་པ་གཞན་ཞིག་མཆིས་པ་ནི་ཁོང་ཚོའི་སྐད་བརྡ་རེད། རྩོམ་པ་པོ་ཡི་སྦྱོང་བརྡར་སྤྲོད་ཐུབ་པ་དང་སློབ་གྲྭ་ཆེན་མོར་འགྲོ་ཐུབ་པའི་བོད་པ་མང་པོ་ཞིག་བྱུང་བ་དང་ལྷན་ཏུ་ཁོང་ཚོའི་རྒྱ་ཡིག་མཐར་སོན་གྱི་གནས་ཚད་རྒྱ་ཆེ་རུ་གྱུར་ལ། ཁོང་ཚོར་རྒྱ་ཡིག་ནང་འབྲི་བར་ཁོང་ཚོའི་མི་རབས་སྔོན་མ་དག་ལས་གདེང་ཚོད་ཆེ་བ་ཐོབ་ཡོད་པར་སྙམ། གང་ལགས་ཤེ་ན། ཐོག་མའི་མི་རབས་དེ་ཕྱོགས་གཅིག་ནས་དམར་ཤོག་གིས་ལྟ་གྲུབ་ཀྱི་མཐོང་ཚོར་ངེས་ཅན་ཞིག་ཁྱབ་སྤེལ་གྱི་ངོ་ཚབ་བཟོས་པ་དང་། ཁོང་ཚོའི་སྙན་ངག་གི་རྣམ་པ་དེའང་བྱེད་སྒོ་ཆུང་ངུ་ཞིག་གི་ཚུལ་དུ་ཡོད། ཡི་དམ་ཚེ་རིང་དང་རྟ་མགྲིན་མགོན་པོ་གཉིས་དམིགས་བསལ་རེད། ཁོང་ཚོའི་བརྩམས་ཆོས་ནང་དམངས་གཞས་དང་གེ་སེར་སྒྲུང་གི་མི་སྣ། སྙན་ངག་མེ་ལོང་གི་དཔེ་འཇོག་དག་དྲངས་ཏེ་རང་གི་རིག་གཞུང་གི་ཐོག་ནས་རྩ་བ་འཛུགས་པར་འབད་བརྩོན་བྱས་པ་མངོན་གསལ་ཡིན། ཁོང་ཚོའི་བརྩམས་ཆོས་ཁྲོད་མངོན་མཚོན་གྱི་དཔེ་དང་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་གི་ཆ་ཤས་དག་བེད་སྤྱོད་བྱས་པ་དེ་ཁོང་ཚོ་བོད་པ་ཀློག་པ་པོ་དག་གི་ཉེ་སར་བཅར་ཐུབ་པ་དང་སྐད་གྲགས་ཅི་ཙམ་ཆེ་བ་བཅས་ཀྱིས་ཚོད་དཔག་བྱེད་ཐུབ་ལ། སྙན་ངག་པ་འདི་གཉིས་མ་ཡིན་པའི་མི་རབས་རྒན་པའི་སྙན་ངག་པ་མང་ཆེ་བ་ལྟ་གྲུབ་ཅིག་གི་ངོ་ཚབ་བྱས་ཏེ་འབྲི་དགོས་པའི་ལམ་ལུགས་དེ་ཡི་རྙི་རུ་ཚུད་ཅིང་། ཁོང་ཚོའི་སྙན་ངག་ལ་ཅབ་སྲིད་ཀྱི་ཤུགས་རྐྱེན་དེ་ཙམ་མེད་པར་གྱུར་དུས་ཁོང་ཚོས་སྐད་བརྡ་གོ་སླ་བ་ཞིག་གིས་རྩྭ་ཐང་གི་སྐོར་དང་། གངས་རི། འབྲོག་པའི་མི་ཚེ། བརྩེ་དུང་བཅས་བྲིས་ཡོད། གོ་སླ་ཞིང་ནན་ཏན་གྱི་སྒོ་ནས་ཁོང་ཚོ་མོའོ་ཡི་སྙན་ངག་གིས་མི་མང་ལ་སྐུལ་སློང་བྱེད་དགོས་ཞེས་པའི་བཀའ་རྒྱ་ཡི་རྗེས་སུ་འབྲངས་ཡོད།

གཞོན་སྐྱེས་དག་གི་གཟབ་ནན་གྱི་རང་བཞིན་ནི་སྐད་ཡིག་གི་ལྡོག་འཕྲོའི་རྩལ་གྱི་སྟེང་ནས་དེང་རབས་སྙན་ངག་གིས་གལ་ཆེའི་རྣམ་པར་འཕེལ་རྒྱས་སུ་སོང་བ་དེ་ཡིན། འོན་ཀྱང་། སྐད་བརྡ་ཡི་མཁས་རྟགས་ཀྱིས་བོད་པ་ཀློག་པ་པོ་ཚོའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐོན་པ་རེད། གཞོན་སྐྱེས་མི་རབས་ཀྱི་བརྩམས་ཆོས་དག་མཐའ་ཤོག་སྟེང་གི་སྡེ་བ་དེ་ཡི་སྐད་སྒྲ་ལྟར་དགའ་བོ་མ་བྱས་པར་བོད་མཛེས་དཔྱོད་ཀྱི་མངོན་མཚོན་རྐྱང་བ་ཞིག་ཏུ་མཐོང་སོང་ཞིང་། བོད་པ་ཀློག་པ་པོ་དག་གིས་སྙན་ངག་གིས་ངའི་བོད་པའི་རང་བཞིན་ཉིད་གསལ་སྟོན་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱས་པ་ཡང་དང་འོར་གྱིས་གོ་རྒྱུ་བྱུང་བ་རེད། གཞོན་སྐྱེས་མི་རབས་ཀྱིས་བྲིས་པའི་སྙན་ངག་དག་ལ་ཡང་ལན་གྱི་སྙན་ངག་པོ་ཏ་ལའམ་ཚེ་ཀྲོན་ཧྥང་གི་སྐད་ཅིག་གི་འདུ་འཛོམས་གཉིས་ཀས་བོད་བརྗོད་བྱ་བྱས་ལྟ་བུས་མཚོན་ཧན་རྒྱ་རིགས་སྙན་ངག་པ་གང་རུང་བཞིན་ནོར་འཁྲུལ་ཡོད་ཆོག་པ་ནི་དོན་དངོས་ཀྱི་གནད་དོན་རེད།

བོད་པ་ཀློག་པ་པོ་ཚོས་གཞོན་སྐྱེས་མི་རབས་ཀྱི་སྙན་ངག་དང་རྒྱ་རིགས་སྙན་ངག་པ་དེ་དག་གི་སྙན་ངག་ཕལ་ཆེར་དབྱེར་མེད་རེད་ཅེས་པའི་སྐྱོན་འཛུགས་དེ་གཅིག་བྱས་ན་ཕྱོགས་ཙམ་བདེན་པ་རེད་མོད། ངས་དེ་ནི་བོད་པ་ཀློག་པ་པོ་མང་པོ་ཞིག་གི་ཁྲོད་དུ་རྩོམ་རིག་གིས་རྒྱལ་ཞེན་གྱི་དམིགས་ཡུལ་ལ་ཞབས་འདེགས་ཞུ་དགོས་པའི་རེ་བ་ཞིག་ལྡོག་འཕྲོས་བྱས་པ་དེ་རེད་ཅེས་བརྗོད་སྙིང་འདོད། ཀློག་པ་པོ་དག་གིས་བརྡ་ལན་ཞིག་ལ་རེ་བ་བྱས་ཡོད་ལ། ཁོང་ཚོས་རྩོམ་པ་པོའམ་སྙན་ངག་པ་ཚོས་བོད་པའི་ཚབ་བྱས་ཏེ་རྒྱ་ནག་ལ་ངོ་རྒོལ་བྱས་པ་བྲིས་བ་མཐོང་འདོད་ཡོད། རེད་དེ། ཀློག་པ་པོ་དག་གིས་ག་རེ་བསམ་མིན་ལ་མ་ལྟོས་པར། རྒྱ་ཡིག་ནང་རྩོམ་འབྲི་མཁན་གྱི་བོད་པ་སྙན་ངག་པ་དག་འགྱུར་བ་མེད་པའི་དཀའ་ངལ་ཅན་གྱི་གནས་བབས་ཤིག་ཏུ་ཚུད་ཡོད་ལ། ཁོང་ཚོའི་སྤྱི་ཚོགས་ཀྱིས་དེ་ལྟར་ངོས་ལེན་མི་བྱེད་པའི་དུས་སྐབས་སུའང་ཁོང་ཚོས་རང་ཉིད་བོད་པ་ཡིན་པ་ཉམས་སུ་མྱོང་གིན་ཡོད་དོ།

མཇུག་རྫོགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(མཐའ་མ)

  1. ཀླུ་སྨྱོན་ ནས།

    འགྱུར་སྐྱོན་ཡིན་ནམ་ཚིག་ཕྲེང་མང་པོ་ཞིག་གི་ནང་དོན་རྟོགས་ཐབས་ཡེ་ནས་བྲལ། སྤྱིར་ན་ང་རང་ཡང་རྩོམ་རིག་གི་བཙོ་སྦྱང་གང་འཚམས་བརྒྱུད་མྱོང་མཁན་ཞིག་ཡིན་མོད། བསྒྱུར་རྩོམ་འདིའི་ཡིག་ཕྲེང་མང་པོ་ཞིག་ལ་ཐུག་ནས་ཤེར་ཕྱིན་མདོའི་གཟུགས་སྟོང་པའོ།།སྟོང་པ་ཉིད་གཟུགས་སོ་ཟེར་བ་བཞིན། ཚིག་རང་གི་ངོ་གདོང་ནས་འགྲེལ་བཤད་རྒྱག་ཐབས་བྲལ་བ་གང་འཚམ་འདུག

  2. ཀླུ་སྨྱོན་ ནས།

    ངའི་མཆན་དེ་ལྟོགས་ཤི་ཐེབས་གྲབ་འདུག་ད། ཉི་མ་བཞི་ལ་ཟ་མ་རག་མ་སོང་། བར་འདི་ནས་དེ་ག་ཟིག་ལྷགས་འདུག

  3. སྦྲ་རིགས་ཐོགས་མེད་ ནས།

    ཨོ་ན་བོད་ཀྱི་ཨིན་ཡིག་ཐོག་གི་བོད་པ་སྙན་ངག་པ་ཡིན་ཟེར་མཁན་དེ་ཚོར་ལྟ་ཚུལ་ཅི་ཡོད། ཐ་ན་རྩོམ་ཡིག་འདི་འབྲི་མཁན་ཁོ་རང་ཉིད་ཀྱང་དེའི་གྲས་ཀྱི་ཡིན་པ་མིན་ནམ།

Write a Reply or Comment

Your email address will not be published. Required fields are marked *

*