གནའ་སྔ་མོར་རྩོམ་རིག་ཟེར་བ་ཞིག་ཡོད། དེང་སྐབས་ཅི་ཞིག་རེད།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗམ་སི་སལ་ཊར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཚོས་སྔོན་ཆད་ནས་དེ་མཐོང་ཡོད་པ་འདྲ། ང་ཚོ་ལྟ་བུའི་ལོ་ན་རྒན་པ་ཚོས་དེ་དྲན་ཐུབ། སྐབས་དེར། དེར་”Flash Gordon,” ཟེར་ཞིང་། དེའི་ནང་དུ་ས་ཆ་དང་འཁྲབ་ཚན། གདུག་རྩུབ་ཆེ་ཞིང་མཐུ་རྩལ་ཀུན་ལྡན་གྱི་མི་ངན་ཞིག དཔའ་བོ་དེའི་སྙིང་རྗེ་མོ་ཅན་གྱི་དགའ་རོགས་ཤིག བློ་གྲོས་ལྡན་པའི་སློབ་སྟོན་པ་རྒན་པ་ཞིག འབྱུང་འགྱུར་གྱི་དྲག་པོའི་མཚོན་ཆ། མཁའ་དམག་གནམ་གྲུ། རྒྱང་རིང་འཁོར་སྐར་དག་མཁའ་དབྱིངས་དམག་གྲུའི་དཔུང་ཚོགས་བཅས་གཅིག་མཚུངས་སུ་ཡོད་པ་རེད། སྐབས་དེར། དེ་ནི་རི་མོའི་སྒྲུང་དེབ་ཅིག་རེད། སློབ་མ་ཚོ་དེའི་རྗེས་སུ་འབྲངས་ཡོད་པ་རེད། དེའི་ངོ་བོ་གསར་པ་ནང་དུ་དེ་ནི་ང་རང་གི་ཆེད་སྦྱོང་སློབ་ཚན་ཞིག་ལ་གྱུར་སོང་། དེ་ནི་མཐོ་སློབ་སློབ་མ་དག་གི་སློབ་ཚན་དུ་གྱུར་བ་ལ་གློག་བརྙན་ཞིབ་འཇུག་ཅེས་མིང་བཏགས་སོང་།

ངས་གློག་བརྙན་དག་ལ་འཁྲབ་གཞུང་འབྲི་སྐབས་གྷུ་རཱ་ཧམ་གྷུ་རེ་ནེ་དང་རྗོན་སུ་ཊེན་བྷེད་ཁུ་སེམས་ལ་བཟུང་ནས་བྲིས་པ་ཡིན། འདི་ལྟར་ལོ་ངོ་བཅོ་ལྔའི་རིང་བྲིས། ཁོང་གཉིས་ཀ་འབྲི་རྩོམ་པ་དང་གློག་བརྙན་འབྲི་རྩོམ་པའང་རེད། ངས་དུས་ཡུན་རིང་བོ་ཞིག་གི་རིང་ལ་གོང་གསལ་འདི་ལས་བལྟས་ན་འབྲི་རྩོམ་པ་ནི་ཅི་འདྲ་ཞིག་ལ་འདྲ་བོ་ཡོད་པ་རྟོགས་མ་སོང་། འབྲི་རྩོམ་པ་ནི་ཐོག་མར་ངེས་པར་དུ་དངོས་ཡོད་ཀྱི་ལས་ཀ་ལས་འཇུག་དགོས་པའི་མི་སྣ་ཞིག་ཡིན་པ་གཞི་ནས་རྟོགས།

ངས་ཅི་ཞིག་བྲིས་པ་དང་ཅི་ཞིག་བཟོས་པ་གཉིས་བསྡུར་སྐབས་ཆ་སྙོམས་དམའ་བོ་རེད། འཁྲབ་ཚན་རེ་རེ་ལ་ཧ་ལམ་འཁྲབ་གཞུང་བཞི་བྲིས་བ་རེད། བརྩམས་ཆེས་ཡག་ཤོས་དག་ཡང་ཡང་གད་སྙིགས་ནང་ནས་མཇུག་བསྒྲིལ་གྱི་ཡོད་པ་རེད། ཆུད་ཟོས་དེ་ནི་དེ་སྔ་སེམས་སྐྱ་མོ་ཐང་ལ་ལྷུང་བ་ཞིག་རེད། དེ་བཞིན་དུ་དངུལ་གྱིས་སླུ་ཐུབ་པའི་དྲི་ངན་དེ་ནི་ཚོང་ལས་ཀྱི་དྲི་ཆབ་ཞིག་ཀྱང་རེད། དེ་ལྟ་ནའང་། གློག་བརྙན་དག་གི་གོང་འཕེལ་ནི་བསྐྱར་ལྡོག་བྱེད་མི་ནུས་པ་ཞིག་རེད།

ཚེ་སྲོག་གི་གསོན་ཤུགས་སྩོལ་བའི་བརྩམས་སྒྲུང་ནི་འཁྲབ་སྟོན་ལྟར་མཚམས་མཚམས་སུ་ཉམས་རྒུད་དུ་འགྲོ་གི་ཡོད་པ་ལ་མ་ལྟོས་པར་དེ་ནི་འདས་ཟིན་པ་ལ་དབང་། དེར་ཚད་བཀག་ཅན་གྱི་ལྟད་མོ་བ་ཞིག་ལས་མེད། ཕེ་རི་སི་བསྐྱར་ཞིབ་དུས་དེབ་ཀྱིས་སྐུ་ཞབ་སེ་ལིན་ལ་བཅར་འདྲི་ཞིག་བྱས་པར་ཁོང་གིས་“བརྩམས་སྒྲུང་དག་ནི་ལྷམ་སྒྲོག་ལ་འདྲ་པོ་ཡོད་པ་རེད།་་་་་་དུས་ཀྱི་འགྱུར་འགྲོས་དང་སྤྱི་སྲོལ་ལྟར་བཞུད་ཚར་པའི་སྒྱུ་རྩལ་ཞིག་རེད།”ཅེས་བརྗོད་འདུག རྩོམ་རིག་ནི་བེད་མེད་དུ་ཆགས་མེད་པ་རེད། ༼སློབ་མ་ཚོས་ད་དུང་ཡང་ཌོབ་སི་ཊོབ་བུ་སི་ཁ་ཡེ་དང་ཝེ་ཊི་མན་གྱི་བརྩམས་ཆོས་དག་ཀློག་གིན་ཡོད་པ་རེད།༽ ཡིན་ན་ཡང་། དེའི་ཆེ་མཐོང་བརླགས་ཚར་ཡོད་པ་རེད། དུས་རླབས་ཀྱིས་དེར་གདོང་ལེན་བྱེད་ཀྱིན་ཡོད།

ངའི་གོ་ཐོས་ལྟར་ན་དབང་འཛིན་མི་སྣ་དག་གིས་བྷེ་ཊི་ལེས་ཡི་གླུ་གཞས་དག་ད་ལྟ་ནས་བརྩིས་པའི་ལོ་ངོ་༣༠༠རིང་ལ་གཏོང་གི་རེད་ཅེས་དང་དེང་སྐབས་གསོན་པོར་བཞུགས་ཡོད་པའི་རེ་ཆར་ཌི་ཝེ་གྷུ་ནིར་ཁོང་གློག་བརྙན་འཁྲབ་ཁྲིད་པ་ཞིག་ལ་ཆགས་ངེས་ཞེས་བརྗོད་ཡོད་པ་རེད་ཟེར། འདི་ཚོ་བདེན་པ་ཆགས་ཐུབ་ཀྱི་རེད་དམ། ང་ཚོ་དེའི་རྟོགས་པའི་གནས་བབས་ཀྱི་སྒང་ལ་ཡོད་པ་མ་རེད། དེ་བཞིན་དུ་ཐ་ན་ང་ཚོས་གྲུ་གཟིངས་ཆེན་པོ་འདི་གང་གི་ཕྱོགས་སུ་འཁོར་གྱི་ཡིན་པའང་ཐག་གཅོད་བྱེད་ཐུབ་ཀྱི་མེད་པ་རེད།

གནད་དོན་ཉུང་ཤས་ཤིག་ངེས་ཅན་དུ་ཆགས་སྲིད་པ་འདྲ། ཌེ་ལི་ལོ་ཡིས་བརྗོད་པ་ལྟར་མ་འོངས་བ་མི་ཚོགས་ལ་དབང་གི་རེད། གྲོང་ཁྱེར་ཆེན་པོ་དག་འབྲས་སྐྲན་ན་ཚ་བཞིན་ཚད་ལས་བརྒལ་བའི་དེ་ཚོའི་དབུལ་འཕོང་དང་རྒྱུ་ནོར་ལྷན་དུ་མངོན་ཡོད་ཅིང་། གྲོང་ཁྱེར་དེ་དག་གཙང་བོ་དང་ནགས་ཚལ། ཁུ་སིམ་སིམ་གྱི་སྐྱ་རེངས་དང་མཚན་མོ་དག་གི་རང་བྱུང་ཁོར་ཡུག་ལས་ཁེར་རྐྱང་དུ་ལྷག་འགོ་ཚུགས་པ་ཤར་ཡོད། མི་སྡེ་གསར་པ་དག་གློག་བརྙན་དང་བརྙན་འཕྲིན། དྲ་རྒྱ་དག་ལ་བརྟེན་ནས་འཚོ་བ་བསྐྱལ་གྱི་རེད། ང་ཚོ་ནི་རང་གི་མཐོང་ཐོས་ཟོས་གསུམ་གྱི་ཐོན་སྐྱེད་རེད་ལ། ང་ཚོ་ནི་ང་ཚོའི་འཚོ་བ་གཅིག་པུ་དང་ཁོ་ནའི་ཁྲོད་དུ་མགོ་བོ་འཁོར་ནས་བསྡད་ཡོད་པ་རེད།

མཐོང་ཆོས་སུ་གྱུར་བའི་ལམ་ཁ་རེ་རེའི་སྟེང་གི་གྲུབ་འབྲས་ལྡན་པའི་མི་རྣམས་ངས་མཐོང་གི་ཡོད་ཅིང་། སྒྱུ་རྩལ་ལ་ཚོར་བ་སྐྱེན་པོ་མེད་མཁན་དང་ལོ་རྒྱུས་ལ་དགའ་སྣང་མེད་མཁན་དག་ནི་སྐད་ཡིག་གལ་གནད་དུ་མི་བརྩི་མཁན་གཙོ་ཆེ་ཤོས་ཡིན་པ་ངས་ཇེ་མང་ནས་ཇེ་མང་དུ་མཐོང་གི་འདུག ཁོང་ཚོའི་ཉམས་མྱོང་གང་རུང་གིས་བྱིས་པའི་འཚར་ལོངས་ལ་ཤུགས་རྐྱེན་བསམ་བརྗོད་ལས་འདས་པ་འཇོག་ངེས་པ་ཡིད་ལ་འཁོར་དཀའ་བ་ཞིག་རེད། ཡིན་ཡང་། ཁོང་ཚོ་དེར་དགའ་ནས་འདུག ཁོང་ཚོར་མཚོན་ན་ཚད་མེད་པའི་དགའ་བ་ལ་ཕྱི་ཚུལ་གྱི་གོ་དོན་གཙང་མ་ཞིག་ཡོད་པ་རེད། ཁོང་ཚོ་གློག་བརྙན་དང་རོལ་དབྱངས། གཅིག་བྱས་ན་དཔེ་དེབ་བྲིན་ཆེན་པོ་བཅས་ལ་དཔུང་པ་མཉམ་གཤིབ་བྱེད་པར་དགའ་བོ་ཡོད་ནའང་ཁོང་ཚོར་མཚོན་ན་རིག་གཞུང་མཁོ་གལ་མི་འདུག དེས་ན། རིག་གཞུང་ནི་དགོས་གལ་ཆེན་པོ་རེད་དམ། ཕོབ Pop རིག་གཞུང་ངམ་དེ་ལས་ཚད་མཐོ་བའི་རིག་གཞུང་ཞིག་མ་རྫོགས་པར་གནས་སྲིད་ཀྱི་རེད་དམ།

ཕལ་ཆེར་ཐུབ་ཀྱི་མ་རེད། འགྲོ་བ་མི་སྡེའམ་རྒྱལ་ཁབ་དག་ཡར་རྒྱས་ལ་འགྲོ་བའམ་ཉམས་རྒུད་ལ་སོང་རུང་རྒྱུ་སྐར་དག་དང་དེ་དག་ལས་བརྒལ་བ་དག་ལ་མཚོན་ན་གལ་གནད་ཅིག་ཆགས་ཀྱི་མེད། གལ་ཏེ་འགྲོ་བ་མིའི་དཔལ་ཡོན་དག་ཆེས་མཐོ་ཤོས་ཀྱི་རྩེ་མོ་ལ་སླེབས་པའམ་ཁོང་ཚོ་འགོ་འཛུགས་མཁན་ཚོ་ནི་ང་ཚོ་ཁོ་ན་ལ་སེམས་ཁྲལ་ཞིག་ཆགས་པ་ཡིན་ན། དེ་ནི་དངོས་གནས་སེམས་ཁྲལ་ཆེན་པོ་ཞིག་བྱེད་དགོས་ས་ཞིག་མ་རེད། གང་ཡིན་ཞེ་ན། ང་ཚོ་སྒེར་སོ་སོ་ནས་དེའི་སྐོར་ལ་ཧ་ཅང་ཉུང་ཉུང་ཞིག་ལས་སྒྲུབ་ཐུབ་ཀྱི་མེད།

དེའི་མཚུངས་སུ་ཚིག་སྙན་ཞིང་སྲོག་མེད་པའི་ཕོབ་རིག་གཞུང་ཞིག་ལ་བསམ་གཞིགས་བྱེད་པ་ནི་སྐྱི་གཡའ་བ་ཞིག་རེད། དེ་རུ་དོན་སྙིང་ལྡན་པའི་བྱ་དངོས་དག་གི་ཕྱོགས་སུ་བསྐྱོད་པའི་ནན་སྐུལ་བྱེད་ཀྱི་ཡོད་ཅིང་། དེ་དག་གིས་རླབས་ཕྲེང་ཕྲ་མོ་ཞིག་ཀྱང་མ་བསྐྱུར་བར་ཡོངས་སུ་མི་སྣང་བར་འགྱུར་གྱི་མ་རེད། འདིའི་མཇུག་གི་འབྲས་བུ་ནི་འདས་ཟིན་པའི་འཚོ་བ་དེར་སྦྲེལ་མཐུད་བྱེད་པའི་འདོད་མོས་དེ་རེད། གནའ་སྔ་མོའི་ས་ཆ་དག་གི་ནང་དུ་ཡར་འགྲེང་རྒྱུ་དེ་རེད། འཇིག་རྒྱུ་མེད་པའི་གཏམ་རྒྱུད་དག་ལ་ཉན་རྒྱུ་དེ་རེད། སྒྱུ་རྩལ་ནི་རྒྱལ་ཁབ་དག་གི་ལོ་རྒྱུས་དངོས་རེད། དེ་གོང་དུ་བརྗོད་ཚར་བ་རེད། ང་ཚོས་རྩོམ་རིག་༼གཏན་ནས་ཀློག་མཚམས་མི་འཇོག་པའི་བྲིས་རྩོམ་ཁོ་ན་ལ་གོ༽ཅེས་མིང་འདོགས་ཀྱིན་པ་ནི་འདིའི་ཆ་ཤས་རེད། དེས་རང་གི་གོ་གནས་དེ་བསྐྱུར་སྐབས། དེའི་ཚབ་ལ་འཇོག་དགོས་པ་ཅི་ཞིག་ཡོད་པ་རེད།

ངས་བསམ་ན་ཨེད་ཌི་ཝིན ཨར་ལིང་ཊོན རོ་བྷིན་སན་ཉལ་ས་ནང་ནས་འཆི་ལ་ཡོད་སྐབས་ཁོང་གིས་རང་ཉིད་ཀྱི་ཉལ་ཁྲི་རྒྱུ་སྐར་དག་གི་འོག་ལ་འཁྱེར་དགོས་པར་བརྗོད་པ་རེད། གང་ལྟར་ཡང་། འདིའི་རྒྱབ་ཀྱི་རིག་པའི་དོན་ནི་ཁྱོད་ཀྱི་མཐའ་མཇུག་གི་སྲོག་དབུགས་དེ་བརྙན་འཕྲིན་ལ་བལྟས་ནས་འབྱིན་རྔུབ་མི་བྱེད་པར་རླབས་ཆེན་གྱིི་ཁྱད་ནོར་དག་གི་མདུན་དུ་འཆི་རོགས་གནང་ཟེར་བའི་དོན་རེད། དོན་དངོས་སུ་ཁྱད་ནོར་གྱི་ནང་ནས་ཆེས་རྩ་ཆེ་བའི་ཁྱད་ནོར་ནི་མི་ཚང་མ་སྙོབ་ཐུབ་པའི་ཁྱད་ནོར་དེ་དག་གོ

མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*