མཱ་ཡོན་གྱི་བོད་ཀྱི་གཏམ་རྒྱུད་ཁག འཆར་སྣང་ཁྲོད་ཀྱི་ཆག་སྒོའི་མཇུག་འབྲས་བརྗོད་པ།(སྔ་མ)

(མ་གཞི་རྩོམ་ཡིག་འདི་ཨ་རིའི་ཧ་བེ་ནུབ་མིའི་གཙུག་ལག་སློབ་གྲྭ་ཆེན་མོར་བསྡུས་པའི “འབྲེལ་འདྲིས་ཁྲོད་ཀྱི་ཉམས་ཉེས་དང་ཆག་སྒོ། མི་སེར་སྤེལ་བའི་རྗེས་ཀྱི་འཛམ་གླིང་ཡུལ་གྲུ་ཁག་གི་གདོད་མིའི་མི་རིགས་རྣམས་ཀྱི་གསོན་གནས།” ཞེས་པའི་བགྲོ་གླེང་སྐབས་སུ་གཏམ་གཤད་དུ་བྲིས་ཡིན།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སུ་ཀྲིས་བན་ཇེ་བན་ཆོས་རེས་ནོ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

“མཱ་ཡོན་གྱི་བོད་ཀྱི་གཏམ་རྒྱུད་ཁག འཆར་སྣང་ཁྲོད་ཀྱི་ཆག་སྒོའི་མཇུག་འབྲས་བརྗོད་པ།”ཞེས་པའི་རྩོམ་ཡིག་འདིའི་ཁ་བྱང་གིས་ཕྱོགས་ངེས་ཅན་ཞིག་ནས་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་ཆག་སྒོའི་མཇུག་འབྲས་ལ་བརྡ་ལན་དང་འགྲེལ་བཤད་བྱེད་བཞིན་ཡོད། གལ་སྲིད་ཁྱེད་ཀྱིས་ཨིན་ཇིའི་མིང་ཚིག་(catastrophe)ཞེས་པའི་བརྡ་ཆད་ནང་དོན་ཐད་ཀར་གྷི་རིག་གི་མ་ཚིག་ཇི་བཞིན་བརྗེ་བོ་རྒྱག་བཞིན་པ་ཟེར་བ་དེའི་ནང་དོན་ཡིན་པར་བསམ་བཞིན་ཡོད་ཚེ། ངས་བརྡ་ཆད་དེའི་ནང་དོན་བརྗེ་བོ་བརྒྱབས་ནས་གཞན་ཞིག་ཏུ་བཟོ་བཞིན་པ་ཞེས་པའི་གོ་དོན་ལྟར་འགྲེལ་བཤད་བྱེད་འདོད་བྱུང་། ཨིན་ཇིའི་ཚིག་མཛོད་ཁག་དུ་བརྡ་ཆད་དེའི་ནང་དོན་ཐད་ཀར་ “མི་ཞིག་གིས་གཏམ་བཤད་བྱེད་བཞིན་པའི་སྐབས་སུ་གློ་བུར་དུ་ཁོས་རང་ཉིད་ཀྱི་བརྗོད་བྱའི་བགྲོ་གླེང་གཙོ་བོ་བསྐྱུར་ནས། མངོན་སུམ་དང་ལྐོག་གྱུར་གང་རུང་གི་གནད་དོན་ཞིག་གི་སྐོར་གླེང་བསླངས་པ།”ཞེས་འགྲེལ་བཤད་བརྒྱབས་འདུག

ངས་བསམ་ཚུལ་ལྟར་ན། མཱ་ཡོན་གྱི་སྒྲུང་གཏམ་ཁག་ནམ་རྒྱུན་ཐད་ཀར་བོད་དང་རྒྱ་ནག་ཅེས་པའི་གཏམ་རྒྱུད་ཀྱི་བྱུང་སྣེ་གཉིས་དང་འབྲེལ་ནས་གླེང་བཞིན་ཡོད་ཅིང་། དེ་དང་བསྟུན་ནས་ཁོས་ཕྱོགས་གཉིས་བར་གྱི་འཕྲོས་བཤད་དང་རྙོག་འཛིངས་རང་བཞིན། ད་དུང་སྐབས་མང་བོར་བྱུང་རིམ་གཉིས་ཀྱི་གནད་དོན་ཁག་ཕན་ཚུན་བསྣོལ་ནས་གཏམ་རྒྱུད་ཧྲིལ་བོའི་སྤྱི་ཁོག་སློང་བཞིན་ཡོད།

བརྒྱུད་རིམ་འདིའི་སྟེང་ནས། ངས་མཱ་ཡོན་གྱི་རྟོག་སྒྲུང་ཁག་གི་ཁྱད་ཆོས་གཙོ་བོ་ཁག་སྟེ་མུ་འབྲེལ་གཏམ་རྒྱུད་མ་ཡིན་པ་དང་སྔ་ཕྱི་བསྣོལ་བའི་སྒྲུང་གི་བྱུང་རིམ། རྩེ་དགོད་རང་བཞིན་ཅན་གྱི་འགྲེལ་བརྗོད། གློ་བུར་མངོན་ཞིང་གློ་བུར་ཡལ་འགྲོ་བའི་བྱུང་རིམ་ཁྲོད་ཀྱི་མི་སྣ། ད་དུང་ལས་སླ་བོའི་སྒོ་ནས་འུད་བརྗོད་བྱས་པའི་མི་སྣའི་སྐད་ཆ་བཅས་ཀྱིས་ཅིའི་ཕྱིར་ལོ་རབས་བརྒྱད་ཅུའི་སྐབས་ཀྱི་བོད་ཀྱི་རིག་གཞུང་གི་རང་བཞིན་དངོས་དེ་མཚོན་མི་ཐུབ་པ་མ་ཟད། ཐ་ན་ཅིའི་ཕྱིར་གཏམ་རྒྱུད་དེ་དག་གིས་རྩོམ་པ་བོ་ཁོང་རང་ཉིད་ཀྱིས་དངོས་སུ་མྱངས་པའི་ཚོར་སྣང་ངོ་མ་དེ་ཡང་གཏན་ནས་མཚོན་ཐུབ་ཀྱིན་མེད་པ་ཤེས་རྟོགས་བྱུང་། མཱ་ཡོན་གྱི་འགྲེལ་བརྗོད་བྱས་པའི་བོད་དང་རྒྱུ་ནག་གཉིས་ཀྱི་འབྲེལ་བ་ནི་གྲོགས་པོའི་གནད་དོན་དང་། ཕན་ཚུན་ཡིད་ཆེས་མེད་པའི་གནད་དོན། ཕན་ཚུན་གོ་ནོར་ཐེབས་པའི་གནད་དོན། ད་དུང་འཇིགས་སྐྲག་དང་བརྕེ་དུངས། ཕན་ཚུན་གྱི་མཚར་སྣང་སོགས་དང་སྦྲེལ་ནས་ཡོད་པ་མ་ཟད། ད་དུང་གཏམ་རྒྱུད་བཤད་སྟངས་དང་། སྐད་ཡིག ཕྱིར་དྲན། འདྲ་པར། གསལ་ཁ་མི་མངོན་པའི་སྒྲུང་གཏམ་གྱི་ཚིག་གི་སྡེབ་སྦྱོར་སོགས་ཕྱོགས་མང་བོ་ནས་བལྟས་རྗེས། མི་མངོན་པའི་གནད་དོན་དེ་དག་གིས་མཱ་ཡོན་རང་ཉིད་འཚོ་སྡོད་བྱས་པའི་སྤྱི་ཚོགས་སམ་ཁོར་ཡུག་དེའི་སྒྱུ་རྩལ་གྱི་གནད་དོན་དང་ཁྱད་ཆོས་དེ་ཇི་འདྲ་ཞིག་ཡིན་པ་དངོས་སུ་འགྲེལ་བཤད་བྱས་ཡོད།

མཱ་ཡོན་ནི་རྒྱ་ནག་གི་རྩོམ་པ་བོ་ཞིག་ཡིན་པ་མ་ཟད་གཅིག་བྱས་ན་ཁོས་རྟོག་སྒྲུང་གི་བྱུང་རིམ་མང་བོ་ཞིག་བོད་རང་གི་སྤྱི་ཚོགས་སུ་འཛུགས་ཐུབ་མེད་ནའང་ཁོ་ནི་བོད་ཀྱི་གནད་དོན་དང་འབྲེལ་བའི་སྒྲུང་གཏམ་རྩོམ་པ་བོ་སྐད་གྲགས་ཆེ་ཤོས་དེའང་ཡིན་སྲིད། མཱ་ཡོན་ཕྱི་ལོ་ ༡༩༥༣ ལོར་རྒྱ་ནག་གི་བྱང་ཤར་ས་ཁུལ་དུ་སྐྱེས་ཤིང་རྒྱ་ནག་གི་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བཟོ་གྲྭར་ལས་ཀ་བྱས་ཤིང་དེའི་རྗེས་སུ་ཡང་བསྐྱར་གྲོང་གསེབ་དུ་བཏང་། ཐ་མར་ཕྱི་ལོ་ ༡༩༨༣ ལོར་མཱ་ཡན་དངོས་སུ་ལཱ་ནེན་གཙུག་ལག་སློབ་ཆེན་ནས་བསླབ་བ་མཐར་ཕྱིན། དེའི་རྗེས་སུ་ཁོང་ལྷ་སར་གནས་སྤོས་ཤིང་དེ་རུ་ཁོང་གིས་ལོ་ངོ་བརྒྱད་ཀྱི་རིང་དུ་བོད་ཀྱི་རླུང་འཕྲིན་དང་དེ་བཞིན་བོད་དང་འབྲེལ་བས་གཏམ་རྒྱུད་བྲིས་ནས་འཚོ་བ་བསྐྱལ། ཁོང་གིས་ལོ་རབས་བརྒྱད་ཅུ་བའི་དཀྱིལ་སྨད་ཙམ་ནས་བཟུང་སྒྲུང་གཏམ་འབྲི་བའི་ལམ་དུ་ཞུགས་ཤིང་རྗེས་སུ་ཁོང་གིས་ཁ་ཕྱོགས་བསྒྱུར་ནས་གློག་བརྙན་འཁྲབ་གཞུང་རྩོམ་པ་བོ་དང་དཔྱད་རྗོད་པ། ད་དུང་དགེ་རྒན་བཅས་བྱས་མྱོང་ཡོད།

ངས་ངོ་སྤྲོད་བྱེད་བཞིན་པའི་མཱ་ཡོན་གྱི་སྒྲུང་གཏམ་དག་ལ་རྩོམ་པ་བོ་གཞན་གྱི་་ཁྱད་ཆོས་ཁ་ཤས་ཡང་ཡོད་པ་སྟེ། དཔེར་ན། གོ་བདེ་ལ་ལྟ་ཚུལ་ཞིབ་ཚགས་ཅན་ཡིན་པའི་རྩོམ་པ་བོ་ཧེས་མེན་བེ་ཡི་(Hemingway)ཁྱད་ཆོས་དང་། དགའ་སྐྱོ་ཟུང་འབྲེལ་གྱི་རྩོམ་རྩལ་སཱ་ལེན་སྒུར(Salinger)་ལྟ་བུ། གཏན་ཚིགས་ཕན་ཚུན་འབྲེལ་ཆགས་ཅན་གྱི་རྩོམ་མཁན་མ་བོས་སྤུའི་(Woolf)ཁྱད་ཆོས། ད་དུང་རྩེད་མཚར་དང་ལུགས་སྲོལ་གཉིས་ལྡན་གྱི་རྩོམ་པ་བོ་བྷོར་རྗེས་སམ་ཀོར་ཏ་(Borges or Cortázar)ཟེར་བ་སོགས་ཀྱི་ཁྱད་ཆོས་ཁག་འཛོམས་ཡོད། མདོར་ན་ཁོང་གྱི་རྩོམ་རྩལ་དེ་བྲེལ་ཟིང་ཆེ་བའི་ལོ་རབས་བརྒྱད་ཅུ་བའི་རྒྱ་ནག་གི་རྩོམ་རིག་སྣང་ཚུལ་ལ་མཚོན་ན་ཧ་ཅང་གལ་ཆེན་ཡིན། ལོ་རབས་དེ་ནི་རྒྱ་ནག་ལ་མཚོན་ན་རང་ཉིད་ཀྱི་འབྱུང་ཁུངས་འཚོལ་བཞིན་པའི་ལོ་རབས་གལ་ཆེན་ཞིག་ཆགས་ཡོད། སྐབས་དེར་རྒྱ་ནག་གི་རྩོམ་པ་བོ་དག་གིས་རྩོམ་རིག་སྒྱུ་རྩལ་བརྒྱུད་ནས་ཡིད་ཆེས་ཁུངས་འཕེར་གྱི་རྒྱ་མི་རིགས་ཀྱི་ངོ་བོ་འཚོལ་བཞིན་པའི་སྐབས་དང་ཁེལ་ཡོད། དེ་བཞིན་སྐབས་དེའི་དེང་རབས་རྒྱ་ནག་པ་དག་གིས་རང་ཉིད་ཀྱི་འདས་པའི་ལོ་རྒྱུས་དང་དེས་བསྐྱེད་པའི་ད་ལྟའི་ཤུགས་རྐྱེན་བཅས་ལ་ཞིབ་འཇུག་བྱེད་བཞིན་པའི་སྐབས་དང་ཁེལ་ཡོད།

རང་ཉིད་ཀྱི་འབྱུང་ཁུངས་འཚོལ་པའི་རྩོམ་རིག་སྒྱུ་རྩལ་དེ་ནི་ཆེས་གདོད་མའི་བོད་ཀྱི་རྩོམ་རིག་རིག་པའི་གཞུང་ལུགས་དང་ཁུངས་སྣེ་བྱས་ནས་ཕན་ཚུན་སྦྲེལ་ཡོད་ལ། དེ་དང་བསྟུན་ནས་མི་རྣམས་ཀྱིས་རྒྱ་ནག་གི་གནའ་བོའི་ལོ་རྒྱུས་དང་རིག་གཞུང་གི་འགྲེལ་བཤད་བྱེད་ཕྱོགས་ལ་དོགས་སློང་དང་དགག་སྒྲུབ་བྱེད་འགོ་བརྩམས་ཡོད། མི་རྣམས་ཀྱི་བསམ་བློར་འགྲེལ་བཤད་མཁན་དེ་དག་ནི་དམིགས་ཡུལ་མེད་པའི་གཞུང་གི་མགྲིན་ཚབ་པ་རྐྱང་རེད་ཅེས་ཤོད་བཞིན་ཡོད། རྩོམ་པ་བོ་དེ་རྣམས་ལ་མཚོན་ན། རྒྱ་ནག་མི་རིགས་ཀྱི་ངོ་བོ་གསར་བ་དེ་ནི་ལས་སླ་བོར་བློས་བསླངས་བྱེད་ཐུབ་པ་ཞིག་དང་དེ་དང་འབྲེལ་ནས་འདས་ཟིན་པར་འགྲེལ་བཤད་བྱེད་ཐུབ་པ་ཞིག་གཏན་ནས་མིན་པ་དེ་རེད། རྒྱུ་མཚན་གང་ཡིན་ཟེར་ན། འདས་པའི་རྒྱ་ནག་གི་ལོ་རྒྱུས་དང་ངོ་བོ་ནི་ད་ལྟའི་རྒྱ་ནག་གི་སྣང་ཚུལ་དང་ཕྱོགས་ཡོངས་ནས་འགལ་བ་ཆགས་ཡོད་པ་རེད། གནས་སྟངས་དེ་ལྟ་བུ་ཞིག་གི་འོག་ཏུ་སྒྲུང་གཏམ་ནི་མི་རིགས་གང་ཞིག་གི་ངོ་ཚབ་མཚོན་ཚུལ་གཙོ་བོར་བརྗོད་པའི་གནད་དོན་གྱི་ཐོག་ཏུ་ཡང་སྐོར་བསྐྱར་འཁོར་བྱས་ཡོད། ངེས་པར་དུ་བརྩམས་སྒྲུང་ཁྲོད་ཀྱི་མི་རིགས་གང་ཞིག་གི་ངོ་བོ་གང་ཞིག་དོན་ངོ་མར་ད་སྐབས་གནས་ཡོད་མེད་ལ་མ་ལྟོས་པར་སྒྲུང་གཏམ་ནང་གི་མི་སྣ་དང་སྒྲུང་གཏམ་བཤད་མཁན་ཚང་མ། སྐབས་དེར་སྒྲུང་གཏམ་གྱི་ནང་དོན་གཙོ་བོའི་ཐོག་ཏུ་བསྙེས་མེད་པར་གཙོ་བོ་ཁོ་ཚོས་གཏམ་རྒྱུད་དེས་ངོ་བོ་གང་ཞིག་མཚོན་མིན་གྱི་གནད་དོན་ཐོག་ཏུ་བབ་ཡོད། འོན་ཀྱང་། རྩོམ་པ་བོ་ཚོས་སྐབས་མང་བོར་ཤེས་བཞིན་དུ་རྩོམ་རིག་གཞུང་ལུགས་ཀྱི་སྒྱུ་རྩལ་དང་མཛེས་པ་ལ་སྣང་མེད་བྱས་པར་བརྟེན་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བརྗོད་བཞིན་པའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་སྣང་ཚུལ་དེ་འཕྲོ་བརླག་དང་མག་མོག་ཏུ་བཏང་ཡོད།

མཱ་ཡོན་ལ་མཚོན་ན། རང་ཉིད་ཀྱི་འབྱུང་ཁུངས་དང་ངོ་བོ་འཚོལ་བའི་རྩོམ་རིག་སྒྱུ་རྩལ་གྱི་བསམ་བློ་དེ་གཙོ་བོ་རྒྱ་ནག་གི་བོད་ལ་དབང་བསྒྱུར་བྱས་པའི་གནས་སྟངས་དེ་དང་འབྲེལ་ནས་འཕེལ་རྒྱས་དང་རྩ་བ་ཚུགས་ཡོད། ངས་སྐབས་འདིར་བཤད་འདོད་པ་ནི་གནས་སྟངས་དེ་ནི་ས་ཁུལ་དང་མི་རིགས་དབང་བསྒྱུར་གྱི་རྩོམ་རིག་གཞན་དུ་ཡང་བྱུང་དང་འབྱུང་བཞིན་ཡོད་ལ། ནམ་རྒྱུན་རྩོམ་རིགས་དེ་དག་གི་ཁྲོད་དུ་སྲོལ་རྒྱུན་རིག་གནས་གང་ཞིག་གི་འཆི་གསོན་འོག་ཏུ་མི་རིགས་བྱེ་བྲག་པ་ཞིག་གི་ངོ་བོ་བརླག་མིན་སྐོར་ལ་སེམས་ཁུར་དང་སྐྱོན་བརྗོད་རང་བཞིན་གྱི་དོགས་སློང་བཅས་བྱེད་བཞིན་ཡོད། དཔེར་ན། ཀོན་ར་སྒྲི་(Conrad)ལགས་ཀྱི་(མུན་ནག་གི་དཀྱིལ།)ཞེས་པའི་བརྩམས་ཆོས་དང་། རེསུ་(Rhys)ལགས་ཀྱི་(སར་རྒ་སོ་རྒྱ་མཚོ།)་ཁག་ལྟ་བུ་དང་། ད་དུང་ཆོས་ཟེས་(Coetzee)ལགས་ཀྱི་(དགྲ་བོ།) སོགས་ནི་གཙོ་བོ་མི་སེར་སྤེལ་བའི་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་སྐོར་གྱི་བརྩམས་ཆོས་རྐྱང་རྐྱང་ཡིན། གྲགས་ཅན་བརྩམས་སྒྲུང་དེ་དག་གི་བྱུང་རིམ་གཙོ་བོ་ཁག་ནི་གནོན་ཤུགས་གང་ཞིག་གི་འོག་ཏུ་རང་ཉིད་སོ་སོའི་ངོ་བོ་འབོར་བཞིན་པ་དང་། ཡང་ན་སྤྱི་ཚོགས་ཀྱི་མཉམ་འདྲེས་ཁྲོད་དུ་ཁོ་ཚོས་རང་ཉིད་སོ་སོ་ག་ལེར་ཡལ་བཞིན་པའི་སྐོར་གསལ་བོར་བྲིས་ཡོད། མཱ་ཡོན་རང་ཉིད་ལྷ་སར་རྒྱ་ནག་པ་ཞིག་གི་ངོ་བོའི་ཐོག་ནས་བསྡད་པའི་རང་ཉིད་ཀྱི་ཉམས་མྱོང་དང་། རང་ཉིད་རྩོམ་པ་བོ་ཞིག་ཡིན་པའི་་སྒྱུ་རྩལ་གྱི་འཆར་སྣང་གཉིས་བེད་སྤྱད་ནས་མི་སེར་སྤེལ་མཁན་གྱི་སྲིད་ཇུས་དེས་མི་སེར་སྤེལ་ཡུལ་གྱི་མི་སྒེར་རེ་རེའི་འཚོ་བ་དང་བསམ་བློ་ལ་ཤུགས་རྐྱེན་ག་ཚོད་ཅིག་ཐོན་ཡོད་མེད་ཀྱི་སྐོར་ཤེས་རྟོགས་བྱུང་ཡོད། དེར་བརྟེན། མཱ་ཡོན་གྱི་སྒྲུང་གཏམ་དག་གིས་མི་རྣམས་ཀྱི་དྲན་ཤེས་ལ་ཡག་ཕྱོགས་དང་སྡུག་ཕྱོགས་གཉིས་ནས་གསལ་འདེབས་གཏོང་བའི་མི་སེར་སྤེལ་བའི་སྐབས་ཀྱི་རྩོམ་རིག་གཞུང་ལུགས་ཀྱི་ཁྱད་ཆོས་གསར་བ་ད་ལྟ་བུ་ཞིག་བསྐྲུན་ཡོད།

འོན་ཀྱང་། ལྟ་ཚུལ་དེ་ནི་མི་སེར་སྤེལ་ཡུལ་གྱི་མི་དངོས་ཀྱི་མྱོང་བ་དང་ཁོའི་རང་ཉིད་ཀྱི་རིག་གཞུང་ཐོག་གི་ཐད་ཀའི་གནས་ཚུལ་མ་ཡིན་པར། མི་སེར་སྤེལ་མཁན་དུ་གཏོགས་པའི་ཕྱི་སྡོད་མི་རིགས་ཤིག་གིས་རང་ཉིད་མི་སེར་སྤེལ་ཡུལ་གྱི་མི་དང་སྤྱི་ཚོགས་རིགས་གཞུང་བཅས་ལ་འབྲེལ་འདྲིས་བྱུང་བའི་གནད་དོན་རྣམས། བསྡུས་བརྗོད་དང་འཕྱ་སྨོད། ད་དུང་དགག་སྒྲུབ་བཅས་ཀྱི་ཐབས་ལམ་ནས་རྩོམ་ཡིག་ཏུ་སྤེལ་བ་ཞིག་རེད། ཨ་རིའི་རྩོམ་པ་བོ་གྲགས་ཅན་གྲོ་ནས་མོ་རེས་སོན་(Toni Morrison)ལགས་ཀྱིས་མི་རིགས་དཀར་བོའི་རྩོམ་པ་བོ་ཞིག་གིས་མི་རིགས་ནག་པོ་ཡིན་པའི་སྒྲུང་གཏམ་ནང་གི་མི་སྣ་ཞིག་གསར་བཞེངས་བྱེད་སྟངས་ཐད་ཀྱི་བསམ་ཚུལ་བཤད་རྒྱུར “རྩོམ་པ་བོ་ཡིན་ལ་ཀློག་མཁན་ཡང་ཡིན་པ་ཞིག་གི་ངོས་ནས་ང་ལ་ངོས་འཛིན་གསལ་བོ་ཐོབ་པ་ཞིག་ནི། རྨི་ལམ་གྱི་མཐར་ཐུག་ནི་རྨི་ལམ་རྨིས་མཁན་དེ་རང་ཡིན་པ་བཞིན་རྟོག་སྒྲུང་ནང་གི་ཨ་ཧྥི་རི་ཀའི་མི་སྣ་དེའི་རང་བཞིན་ངང་གིས་འབྱུང་བའི་ཁྱད་ཆོས་དང་། ཁོའི་ཁྱད་དུ་འཕགས་པའི་སོ་སོ་རང་ཉིད་ལ་ཕྱོགས་པའི་བསམ་གཏན། དེ་ལ་བརྟེན་ནས་རང་ཉིད་སོ་སོའི་རེ་འདོད་དང་འཇིགས་སྣང་བཅས་ཀྱི་རྗེས་སུ་འཚོལ་སྙེགས་བྱེད་པ་བཅས་བརྒྱུད་ནས་རྩོམ་པ་བོ་རང་ཉིད་ཀྱི་འདུ་ཤེས་ཀྱི་ནང་དུ་གནས་པའི་ཕུགས་བསམ་དང་རེ་འདུན་ཁག་རྟོག་སྒྲུང་ནང་གི་མི་སྣ་དག་བརྒྱུད་ནས་ཕྱིར་བསྟན་པ་ཡིན། དེ་ནི་ཆེས་ངོ་མཚར་ཆེ་བའི་སྒྲུང་གཏམ་རྩོམ་པ་བོ་རང་ཉིད་ཀྱི་རེ་སྙེགས་ཁྲོད་ཀྱི་འཇིགས་སྐྲག་དང་རྙོག་གླེང་། ངོ་ཚ། རེ་དོགས་གང་ཡང་མེད་པའི་གུ་ཡངས་དང་རང་དབང་བཅས་ཡོངས་སུ་མཚོན་ཡོད།” ཅེས་འགྲེལ་བཤད་བསྐྱོན་ཡོད།

མཱ་ཡོན་གྱི་སྒྲུང་གཏམ་ཁག་ལས་ཀྱང་གོང་གསལ་རེ་སྙེགས་རྣམས་དང་འདྲ་བར་རྩོམ་པ་བོ་རང་ཉིད་ཀྱི་ཕུགས་བསམ་ཁག་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་བརྒྱུད་ནས་ཕྱིར་མངོན་བྱེད་བཞིན་ཡོད། མཱ་ཡོན་གྱི་སྒྲུང་གཏམ་ཁྲོད་ཀྱི་བོད་ཀྱི་བདེན་པ་ནི་རྩོམ་པ་བོ་མཱ་ཡོན་རང་ཉིད་ཀྱི་ཤེས་ཡོན་དང་མཐོང་རྒྱ་གཞིར་བཞག་ནས་བཤད་ཡོད་པ་སྟེ། དེ་ནི་མཐར་གཏུག་ན་ཁོའི་སྒྲུང་གཏམ་ཁག་གི་རྒྱུ་མཚན་བཅོལ་ས་གཙོ་བོ་དེའང་ཡིན་པ་དེའོ།། འོན་ཀྱང་། གལ་སྲིད་སྒྲུང་གཏམ་གྱི་བདེན་པ་དེ་ཁྱོད་ཀྱི་གང་མཐོང་བ་ཙམ་དང་ཁྱོད་ཀྱི་མཐའ་སྐོར་དུ་ཅི་ཞིག་བྱུང་བ་ཙམ་གཞིར་བཞག་ནས་བཤད་ན་དེ་ནི་རྩ་དོན་དང་ཡོངས་སུ་འགལ་ཡོད་ཅེས་བདག་གིས་བཤད་པར་སྤོབས།

དེར་བརྟེན། ངས་དོ་སྣང་ཆེན་པོས་མཱ་ཡོན་གྱི་གནད་དོན་དངོས་ལ་གཡོལ་ཐབས་དང་དེའི་ལྡོག་ཕྱོགས་སྐོར་ལ་ཞིབ་འཇུག་བྱས་པ་ཡིན། མཱ་ཡོན་གྱིས་ཤེས་རྟོགས་བྱུང་བར་མི་སྣ་གཉིས་བར་གྱི་ཁ་བརྡ་ཞིག་ཡིན་ནའང་ཆོག ཡང་ན་གཏམ་རྒྱུད་ཅིག་ཡིན་ནའང་འདྲ། གང་ལྟར་སྤྱི་ཚོགས་དང་ཁོར་ཡུག་གང་ལ་ཡང་མ་ལྟོས་པར་ཡན་ཀར་བ་ཞིག་ཡོངས་ཐབས་གཏན་ནས་མེད། དེར་བརྟེན། གཏམ་རྒྱུད་དག་གིས་མི་སྣ་གཙོ་བོ་གཉིས་ཙམ་མ་ཟད་ཐ་ན་མི་སྣ་གསུམ་པའི་རེ་འདུན་དང་བརྗོད་འདོད་དག་ཀྱང་སྟོན་པར་བྱེད། མི་སྣ་དེ་དག་དངོས་གནས་ཡིན་ན་ཡང་འདྲ་ཡང་ན་གཏམ་རྒྱུད་ཁྲོད་ཀྱི་ངག་རྒྱུན་ཙམ་ཡིན་ན་ཡང་ཆོག ད་དུང་རིག་གཞུང་གང་ཞིག་གམ། ཁྲིམས་ལུགས་ཀྱི་དགོས་མཁོ་གང་ཞིག་གམ། མ་འོངས་པའི་རེ་སྙེགས་ཁྲོད་ཀྱི་རྨི་ལམ་གང་ཞིག་གིས་ཆེད་དུ་ཡིན་ན་ཡང་ཆོག གང་ལྟར་མཱ་ཡོན་གྱིས་གཏམ་གླེང་ཁག་ནས་ནམ་རྒྱུན་སྣང་མེད་དུ་ཤོར་བཞིན་པའི་གཏན་ཚིགས་རང་བཞིན་གྱི་བདེན་པ་བཅས་ཕྱོགས་ཡོངས་ནས་སྒྲུང་གཏམ་གྱི་བྱུང་རིམ་ཧྲིལ་བོ་ཕན་ཚུན་སྦྲེལ་ནས་ཡོད། སྒྱུ་རྩལ་ལམ་ཐབས་ལམ་དེ་དག་ནི་ཧྥ་རན་སིའི་རྩོམ་པ་བོ་མོ་རེས་བྷུ་ལན་ཆོ་གྲི་(Maurice Blanchot)སོགས་དང་འདྲ་མཚུངས་སུ་ཡོད། དཔེར་ན། ཁོ་ཚོས་ཐད་ཀར་བརྗོད་མི་ཐུབ་པའི་གཏམ་རྒྱུད་ཀྱི་བྱུང་རིམ་ཁག་སྒྱུ་རྩལ་དང་ཐབས་ལམ་ལ་བརྟེན་ནས་ཕྱིར་མངོན་བྱེད་བཞིན་ཡོད་མོད། སྐབས་མང་བོར་གནད་དོན་དེ་ལེགས་འགྲུབ་འབྱུང་བཞིན་མེད་པ་རེད།

དེར་བརྟེན་རྩོམ་པ་བོ་འདི་དག་ལ་མཚོན་ན། སྒྲུང་གཏམ་ཁྲོད་དུ་གནད་དོན་གང་ཞིག་ལྷག་ཡོད་མེད་ཙམ་ཐད་ཀར་དཀྱུས་མའི་ངག་གིས་བཤད་རྒྱུའམ་ཡང་ན་གཏམ་གླེང་ཁག་མི་སྣ་གཙོ་བོ་གཉིས་ཁོ་ནའི་བར་དུ་བཀོད་པ་སོགས་ཀྱི་ཐབས་ལམ་ནི་མི་སྲིད་པའམ་མི་ཐུབ་པ་ཞིག་ཡིན། གང་ཡིན་ཟེར་ན་ཀློག་མཁན་གྱི་དྲི་བ་ནི་ཕྱོགས་ཡོངས་ནས་གཅིག་རྗེས་གཉིས་མཐུད་དུ་སླེབས་ངེས་ལ་ཁོ་ཚོས་ནམ་རྒྱུན་དྲི་བ་དེ་དག་ལ་མི་སྣ་གསུམ་པའམ་བཞི་བ་ཞིག་གིས་གཏིང་ཟབ་མོར་འགྲེལ་བཤད་བྱེད་པར་སྔོན་དཔག་བྱེད་བཞིན་ཡོད། རྟོག་སྒྲུང་རྩོམ་རིག་རྐྱང་བའི་ལམ་ནས་ཡིན་ཡང་འདྲ་ཡང་ན་མི་སྣ་དངོས་སུ་བཀོད་ནས་ཡོད་ནའང་ཆོག མཱ་ཡོན་ལ་མཚོན་ནའང་ཁོ་ཚོ་དང་འདྲ་བར་རང་ཉིད་ཀྱི་གསར་བསྐྲུན་བྱས་པའི་འཇིག་རྟེན་དེའི་ནང་གི་སྒྲུང་གཏམ་མི་སྣ་དག་ལ་སྲིད་དོན་གྱི་ནག་ཉེས་མེད་པར་འབད་བརྩོན་བྱེད་བཞིན་ཡོད།

ཉེ་ཆར་ཨིན་བསྒྱུར་བྱས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་སོགས་མཱ་ཡོན་གྱི་སྒྲུང་གཏམ་ཁ་ཤས་ལ་མཚོན་ན། ང་ཚོས་མཐོང་ཐུབ་པ་ནི་ཁོས་བྲིས་པའི་སྒྲུང་གཏམ་གྱི་བྱུང་རིམ་དང་བརྗོད་དོན་གང་ལ་བལྟས་ན་ཡང་ཁོས་ནམ་རྒྱུན་མི་སེར་སྤེལ་བའི་གནད་དོན་དང་འབྲེལ་ནས་སྒྲུང་གཏམ་འབྲི་སྐབས་གནད་དོན་ཆེན་པོ་གཉིས་ལ་གཡོལ་གང་ཐུབ་བྱེད་བཞིན་ཡོད། དེ་དང་བསྟུན་ནས་ཕྱོགས་ངོས་གཞན་ཞིག་ནས་ཁོས་ཀྱང་སྒྱུ་རྩལ་གྱི་ངོས་གཞན་ཞིག་འཚོལ་བཞིན་ཡོད། དཔེར་ན། (གཞུང་ལམ་ནག་པོ།)་ཞེས་པའི་སྒྲུང་གཏམ་ནང་དུ་རྩོམ་པ་བོས་སྐྱོན་བརྗོད་ཀྱི་སྙུག་ཁ་སྒྲུང་གཏམ་བཤད་མཁན་རང་ཉིད་ལ་བསྐོར་ནས་འགྲེལ་བརྗོད་བྱས་ཡོད། སྒྲུང་གཏམ་བཤད་མཁན་གྱིས་བཤད་རྒྱུར་ “མི་གསོད་བཞིན་པ་དངོས་སུ་མཐོང་མཁན་ཞིག་ལས་ལྷག་པའི་འཆར་ཡན་གྱི་ནུས་པ་ཡོད་མཁན་ཞིག་ཡོད་མི་སྲིད། དེར་བརྟེན། རླུང་རྟ་ཅན་གྱི་མི་ཁ་ཤས་ཀྱིས་ནམ་རྒྱུན་གནད་དོན་དེ་དང་འབྲེལ་བའི་སྐོར་ལ་རང་ཉིད་སོ་སོའི་མཐོང་ཚུལ་ངོ་མཚར་བ་དེ་འདྲ་བཤད་བཞིན་ཡོད། ཐམས་ལམ་དེས་གཞི་ནས་གཏམ་རྒྱུད་ཡོངས་རྫོགས་མཇུག་བསྒྲིལ་ནས་མཐིལ་མཐོང་ངེས་ཡིན།”ཞེས་བཤད་ཡོད།

ཁོས་མི་ཞིག་ལ་མཚོན་ན་གནད་དོན་གང་ཞིག་གསལ་བོར་བཤད་རྒྱུར་དཀའ་ངལ་ཇི་འདྲ་ཁག་པོ་ཞིག་ཡིན་མིན་སྐོར་ལ་བཤད་རྒྱུར་མི་ཞིག་གིས་རང་ཉིད་ཀྱི་བསམ་བློའི་ནང་གི་བཀག་རྒྱ་ཡོངས་སུ་གཏོར་ཐུབ་ན་གཞི་ནས་གནད་དོན་མང་བོ་ཞིག་གསལ་བོར་བཤད་ཐུབ་ཟེར། དེ་བཞིན་གནད་དོན་དེའི་བརྒྱུད་རིམ་ཁྲོད་དུ་སྒྲུང་གཏམ་གང་ཞིག་ཉན་མཁན་གྱི་བྱེད་སྟངས་དེ་ཡང་ཧ་ཅང་གལ་ཆེན་པོ་ཡིན་རྒྱུ་མཚན་གང་ཡིན་ཟེར་ན། ད་ལྟའི་སྒྲུང་གཏམ་ཉན་མཁན་དེ་སྔ་ཕྱི་མ་གཏོགས་མགྱོགས་མྱུར་ངང་སྒྲུང་གཏམ་དེ་ཉིད་བཤད་མཁན་དུ་འགྱུར་འགྲོ་བ་རེད། མཱ་ཡོན་གྱིས་བཤད་རྒྱུར “མཚམས་རེར་བདེན་པ་དེ་ཡང་དངོས་གནས་ཡིན་མི་སྲིད། ཡིད་ཆེས་ནས་རིམ་བཞིན་ཡིད་ཆེས་ལ་མ་ཆེས་ཀྱི་གནས་སྐབས་ཡོངས་ངེས་ལ། དེ་ནས་སླར་ཡང་འཆར་སྣང་རང་བཞིན་གྱི་གནས་སྐབས། ཐ་མར་གཞི་རྩ་ཅི་ཡང་མེད་པའི་རྟོག་བཏགས་ཙམ་དུ་འགྱུར་འགྲོ། ཐ་ན་སྐབས་ལ་རེར་ཁྱོད་ཀྱིས་རང་ཉིད་ཀྱི་མིག་ལ་ཡིད་ཆེས་མི་ཐུབ་ལ་དེ་ལ་བརྟེན་ཁྱོད་ཀྱིས་རང་ཉིད་ལའང་རིམ་བཞིན་་ཡིད་ཆེས་བརླག་འགྲོ་” ཟེར། མཱ་ཡོན་གྱི་གསང་མྱུལ་བརྩམས་སྒྲུང་འདི་བཤད་མཁན་དེའི་ལས་སླ་བོར་བརྩམས་སྒྲུང་ནང་གི་མི་དང་མིའི་བར་གྱི་འབྲེལ་བ་དང་དེ་བཞིན་མི་སྣ་འདྲ་མིན་བར་གྱི་ཁ་བརྡ་བཅས་རང་ཉིད་ཀྱི་ཉམས་མྱོང་དང་སྦྱར་ནས་རྟོག་བཟོ་བྱས་པ་དེས། ཕྱིར་དྲན་གཏམ་རྒྱུད་བཤད་མཁན་དེས་དོན་ངོ་མར་མི་སྣ་གཞན་ཞིག་གི་མྱོང་ཚོར་གྱི་ཚབ་བྱས་ནས་རྟོག་འཆར་ཁ་ཤས་བཤད་པ་ཙམ་མོ།།

དཔེ་མཚོན་རང་བཞིན་ལྡན་པའི་རྒྱ་བོད་ཆབ་སྲིད་ཀྱི་གནས་བབ་སྐབས་སུ། མཱ་ཡོན་གྱི་གསང་མྱུལ་བརྩམས་སྒྲུང་ནང་དུ་དམར་གསོད་དངོས་སུ་མཐོང་མཁན་གྱི་སྙིང་རྗེ་འོས་པའི་མི་སེར་སྤེལ་མཁན་གྱི་མི་སྣ་ཞིག་ལ་མཚོན་ནས་ཆབ་སྲིད་ཀྱི་རྙོག་འཛིངས་ལ་འགྲེལ་བཤད་བརྒྱབས་ཡོད། སྒྲུང་གཏམ་བཤད་མཁན་དེའི་བཤད་རྒྱུར “ཉེན་རྟོག་པ་ཚོར་མཚོན་ན་འདི་འདྲའི་དམར་གསོད་ཀྱི་དོན་རྐྱེན་ཞིག་ནམ་ཡང་བྱུང་མྱོང་མེད་པར་རྩི་བཞིན་ཡོད།” འོན་ཀྱང་། སྒྲུང་གཏམ་བཤད་མཁན་གྱི་མི་སྣ་གཞན་ཞིག་གི་ཉམས་མྱོང་བརྒྱུད་ནས་མཐོང་བའི་དམར་གསོད་ཀྱི་དོན་རྐྱེན་དེ་དངོས་སུ་ཆབ་སྲིད་ཀྱི་གནས་བབ་དེ་ལྟ་བུ་ཞིག་གི་འོག་ཏུ་འགྲེལ་བཤད་རྒྱག་སྐབས་ཧ་ཅང་གིས་མགོ་རྙོག་པོ་ཆགས་ཡོད་པ་རེད། དེར་བརྟེན། དུས་ཚོད་རིང་པོའི་རྗེས་སུ་བསྐྱར་དུ་མི་རྣམས་ཀྱི་བརྩམས་སྒྲུང་དེའི་བརྗོད་དོན་གྱི་མགོ་རྙོག་རང་བཞིན་ལ་ཞིབ་འཇུག་བྱེད་སྐབས། གལ་སྲིད་ཀློག་མཁན་དེར་སྐབས་དེའི་ཆབ་སྲིད་གནས་བབ་སྐོར་ལ་མཁྱེན་རྒྱ་ཅུང་ཟད་ཀྱང་མེད་ཚེ་གནས་བབ་དེ་ནམ་ཡང་་རྟོགས་མི་སྲིད། གནད་དོན་དེའི་སྔ་ཕྱིའི་གནས་བབ་ལ་རྒྱུས་ལོན་ཡོད་མཁན་ཞིག་ཡིན་ན་མ་མཐའ་ཡང་གནད་དོན་གྱི་འབྱུང་རྐྱེན་གཉིས་རྟོགས་ཐུབ།

གནད་དོན་དང་བོ། ངག་རྒྱུན་སྒྲུང་གཏམ་ནི་མི་སྣ་གང་ཞིག་གི་ལོ་རྒྱུས་སྒྲུང་གཏམ་དུ་བཀོལ་བ་ཡིན་ལ་དེའི་ཐོག་ཏུ་དགོས་མཁོ་བཞིན་འགྲེལ་བཤད་མཁན་དེའི་གནས་ཚུལ་ཁ་ཤས་ཀྱི་ཐོག་ཏུ་རང་ཉིད་ཀྱི་འགྲེལ་ཚུལ་བསྣན་ཡོད། དཔེར་ན། རྩོམ་པ་བོ་བྷུ་ལན་ཆོ་ལགས་ཀྱི་ “ཉིན་གཅིག་གི་སྨྱོ་རྟགས།”ཞེས་པ་དང་ལ་ཧྥོར་རྡོ་ཇོས་གཉིས་ནི་དེའི་དཔེར་མཚོན་ལེགས་ཤོག་ཁག་རེད། གནད་དོན་གཉིས་པ། ངག་རྒྱུན་སྒྲུང་གཏམ་ཞིག་གི་བྱུང་རྐྱེན་ནི་ལས་སླ་བོར་ངོས་འཛིན་བྱེད་སྟངས་གཞན་ཞིག་ནི་མི་སྣ་གང་ཞིག་གི་ཉམས་མྱོང་དང་བྱུང་བ་ཁག་མི་གཞན་ཞིག་གི་ཕྱིར་དྲན་དང་དེ་ལ་འགྲེལ་བརྗོད་བྱས་པ་དེའོ།། དཔེར་ན། རྩོམ་པ་བོ་གྲགས་ཆེན་ཇོ་ལོ་ཀོར་ཏ་ཛར་གྱི“ཆེ་རུ་ཕྱིན་པ།” ཟེར་བ་དེ་ནི་དཔེར་མཚོན་ལེགས་ཤོས་ཤིག་ཡིན། དེའི་ནང་དུ་པར་རྒྱག་མཁན་ཞིག་གིས་བསྐྱར་དུ་འདྲ་པར་ཞིག་ལ་ཞིབ་ཚགས་པོར་སྒོ་ནས་ཞིབ་འཇུག་བྱས་དུས་སྣང་ཚུལ་གསར་བ་ཞིག་གིས་ཡོངས་སུ་ཁེངས་པའི་ཚོར་སྣང་ཞིབ་འབྲི་བྱས་ཡོད།

མུ་འགོད།


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*