བླ་བྲང་གི་འབྲོག་ཕྱོགས་སུ་བསྐྱོད་པ།

ཕ་ཏེ། ཨོ་ཏུ་མེ་ལུ་ཡིས་བརྩམས།
བསོད་ནམས་རྒྱལ་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ན་གཞོན་པའི་སྤྱི་བདེ་ཉེན་རྟོག་པ་ཞིག་གིས་འཛེམ་ཟོན་དང་མཚར་སྣང་གི་སྒོ་ནས་ང་ལ་ “ང་རང་དངུལ་ཁང་དུ་འགྲོ་དགོས་ཀྱི་འདུག ཁྱོད་ཀྱིས་ང་ལ་འདི་ནས་ཅུང་ཙམ་སྒུག་ཐུབ་བམ།”་ཞེས་ཟེར། མིག་སྔར་ང་རང་རྒྱ་ནག་གི་ནུབ་ཕྱོགས་སུ་འགྲུལ་བསྐྱོད་བྱེད་པའི་སྐབས་སུ་ཁོ་ང་རང་གི་མཉམ་དུ་སླེབས་ཏེ་ང་ལ་རོགས་རམ་བྱས། དེ་དེ་འདྲའི་འདྲ་མཉམ་མ་ཡིན་པ་ཞིག་ཀྱང་མིན་ཏེ། སྔོན་མ་ང་རང་དངུལ་ཁང་དུ་འགྲོ་དུས། ཁོས་ང་རང་ལ་སྒུག་ནས་བསྡད་པ་རེད། ང་རང་ཁོའི་ཕ་ཡུལ་ཀན་སུའུ་བླ་བྲང་ལ་འབྱོར་ན་ཡང་། ཁོས་ད་དུང་ང་ལ་རྫ་དུག་མི་ཕོག་པའི་སྨན་སྟེར་ཡོང་། བསང་ཆུ་རྫོང་ནི་རི་གྲོང་ཞིག་སྟེ། ལྷ་ས་ཕུད་པའི་བོད་རྒྱུད་ནང་བསྟན་གྱི་ལྟེ་གནས་གཙོ་བོ་བླ་བྲང་བཀྲ་ཤིས་འཁྱིལ་ཞེས་པའི་དགོན་པ་དེ་ཡང་དེ་ན་གཞི་ཆགས་འདུག ཁོ་ནི་ལྟོས་ཚོད་ཀྱི་མི་ཡ་རབས་ཚུལ་ལྡན་ཞིག་ཡིན་པ་མ་ཟད། རང་ཉིད་ཀྱི་ལས་དོན་ཐད་ལ་ཡང་འགན་ཏག་ཏག་ཁུར་བཞིན་འདུག། ད་དུང་ཁོས་ང་རང་གི་གུང་གསེང་བར་ནས་ངས་བོད་མི་སུ་ཞིག་ལ་བཅར་འདྲི་དང་གནས་ཚུལ་རྒྱུས་ལོན་བྱེད་པར་རོགས་རམ་བྱེད་པའི་ཁག་ཐེག་ཀྱང་བྱས་སོང་།

རྒྱུ་མཚན་ནི་ང་རང་གིས་བོད་སྐད་བཤད་ཤེས་ཀྱི་མེད། དེ་བཞིན་ང་རང་ཐུག་སའི་བོད་མི་ཕལ་མོ་ཆེ་ཡིས་རྒྱ་སྐད་དང་དབྱིན་སྐད་ཀྱང་ཤེས་ཀྱི་མེད། དེ་བས། ང་ཚོས་བདེ་བླགས་ངང་ཕན་ཚུན་ལ་རྒྱུས་ལོན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་དེ་ཧ་ཅང་ཉག་ཕྲ་བ་ཞིག་ཏུ་གྱུར་ཡོད། ཐ་ན་མགྲོན་ཁང་དུ་ཆུ་ཚ་བོ་ཡང་མི་འདུག་ཅིང་། རླངས་འཁོར་དེ་ད་དུང་ནམ་ཞིག་ལ་འགྲོ་མིན་ཡང་མི་ཤེས་པས། གང་ལྟར། ང་ཚོ་བདེ་བླགས་ངང་འབྲེལ་འདྲིས་བྱ་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད། ཡིན་ན་ཡང་། སྟབས་ལེགས་པ་ཞིག་ལ། ང་རང་གི་གྲོགས་པོ་ཉེན་རྟོག་པ་དེ་ཡིས་ང་ལ་རོགས་རམ་བྱས་ཏེ་རླངས་འཁོར་གྱི་པ་སེ་ཉོས་ནས་བསླབས་བྱུང་། ཁོའི་གོང་རིམ་གྱི་མགོ་ཁྲིད་ཚོས་འདི་ཡི་རྗེས་ནས་ང་རང་གང་དུ་འགྲོ་མིན་དེ་ཤེས་ན་འདོད་ཀྱི་ཡོད་པ་ངས་ཤེས་ཡོད། ངས་བསམ་པར་ཁོས་ང་རང་གི་རླངས་འཁོར་གྱི་པ་སེ་དེ་དངོས་ནས་མཐོང་བ་ཡིན་ན། ངེད་གཉིས་ཆ་ཅུང་སྟབས་བདེ་རེད་བསམ་བྱུང་། དེ་ལྟར་ན། རླངས་འཁོར་འབབ་ཚུགས་རྗེས་མ་དེར་བསླེབས་དུས། ཉེན་རྟོག་པ་གཞན་པ་ཞིག་གིས་ང་ལ་སྒུག་ནས་བསྡད་ཡོད་པ་དེ་ཡང་ཁོས་ཁག་ཐེག་བྱས་སོང་ལ། ང་རང་གིས་ཀྱང་རང་ཉིད་ཀྱི་ “རྔ་མ་ཆུང་ཆུང”་དེ་ལྷང་ལ་འབུད་པར་རེ་སྒུག་གི་དུས་ཚོད་མང་པོ་ཞིག་འཕྲོ་བརླག་ཏུ་ཡང་གཏོང་མི་དགོས།

དྲང་མོར་བཤད་ན། ང་ཡི་གུང་གསེང་རིང་འདི་ལ་བོད་མི་ཡི་གནད་དོན་དེ་སེལ་མི་ཐུབ་པས། ང་ལ་ས་གཞན་ན་རོགས་པ་སྐོར་ཅིག་ཡོད་པ་ཡང་རྒྱུ་མཚན་དེ་ཡིས་ཡིན། ང་རང་འགྲོ་དགོས་ས་དེ་ནི་ལྷ་ས་མ་ཡིན་པར་བླ་བྲང་ཡིན། ང་ས་དེར་སོང་ནས་ནོར་ལུག་འཚོ་སྐྱོང་བྱེད་པའི་འབྲོག་མི་ཚོ་དང་མཉམ་དུ་ཉིན་མ་ཁ་ཤས་ལ་འཚོ་བ་རོལ་དགོས། ང་རང་ལ་ཁོ་ཚོའི་མི་རིགས་ཀྱི་བྱུང་ཁུངས་ལ་ཉམས་ཞིབ་བྱེད་པའི་བསམ་བློ་ཞིག་སྔོན་ལ་སྐྱེས་མྱོང་མེད།

ང་རང་གིས་ཆེ་སེམས་ཁྲལ་ཆེ་ཤོས་དེ་ནི་སྦྲ་ནག་གི་ནང་ནས་ཉལ་ཏེ་ཞོགས་པོ་སྔ་མོ་ཡར་ལ་ལངས་ནས་ལྕི་བ་བཏུས་ཏེ་མེ་འབུད་པའི་འབྲོག་མི་དེ་དག་གི་མཉམ་དུ་འཚོ་བ་སྐྱེལ་དགོས་པ་དེ་ཡིན། ངས་ཡུན་རིང་ཞིག་ལ་དགུན་ལྭ་ག་ཚོད་ཅིག་ཁྱེར་དགོས་མིན་གྱི་ཐད་ལ་འདང་བརྒྱབས་པ་ཡིན། དེ་ཡང་གཙོ་བོ་སྦྲ་ནག་ནི་རང་ཉིད་ཀྱི་འཕྲོད་བསྟན་ལ་འཕྲོད་མིན་གྱི་ཐད་ལ་བསམ་བློ་བཏང་བ་ཡིན། ཡིན་ན་ཡང་། དོན་དག་གསུམ་ང་རང་གིས་སེམས་ཁྲེལ་བྱེད་དགོས་དོན་མེད་ཀྱང་ཡུན་རིང་ཞིག་ལ་སེམས་ཚེགས་བྱས་པ་ཡིན། དང་པོ་ཉིན་མ་གསུམ་ལ་རྟ་ལ་ཞོན་ནས་སོང་ན་གཞི་ནས་གནས་དེར་ཐོན་ཐུབ་པ་དེ་རེད། གཉིས་པ། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨི་༤༠༠༠་ཡོད་པས་རྫ་དུག་གི་ཉེན་ཁ་ཡོད་པ་དེ་ཡིན། གསུམ་པ་ནི་གློག་མེད་པས་ངའི་ཀུ་ཤུ་རྟགས་ཅན་གྱི་ལག་ཁྱེར་ཁ་པར་ལ་གློག་ཇི་ལྟར་གསོག་དགོས་པ་དེ་ཡིན། གང་ལྟར། བཅར་འདྲི་བྱེད་པའི་སྐབས་སུ་བོད་སྐད་ཁོ་ན་བཤད་པའི་བོད་མི་རྣམས་ནི་ངའི་འཆར་གཞི་ལས་བརྒལ་ནས་འགྲོ་བཞིན་འདུག

སེམས་ལྷོད་ལ་བབས་ཏེ་གླེང་ན། ང་རང་གི་ “བདེ་འཇགས་ཚོགས་ཆུང”་གི་ངོས་ནས་བཤད་ན། ང་ཐེངས་འདིར་འགྲུལ་བསྐྱོད་བྱེད་པའི་དུས་སྐབས་ནི་ཏག་ཏག་ཅིག་ཁྱོན་ནས་མ་རེད། དེ་ཡང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་མ་ཚོགས་སྔོན་གྱི་བདུན་ཕྲག་གཉིས་བའི་སྐབས་སུ་ཁེལ་འདུག་པས། རྒྱ་ནག་ཡོངས་ཀྱི་སྤྱི་བདེ་ཉེན་རྟོག་པ་རྣམས་ཀྱིས་གང་ཞིག་ནས་ཟིང་འཁྲུག་ལངས་ཡོང་སྙམ་པའི་སེམས་ཁྲེལ་བྱེད་བཞིན་པའི་སྒང་རེད།
ཡིན་ན་ཡང་། སྟབས་ལེགས་པ་ཞིག་ལ། ང་རང་ལ་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་མི་སྣ་དེ་ཚོ་རྟ་ལ་ཞོན་ཏེ་ང་རང་གི་རྗེས་སུ་དེད་མ་སོང་། ཁོ་ཚོས་ང་རང་ལ་ཚུལ་དང་ལྡན་པའི་ངང་ནས་རོགས་རམ་བྱས་སོང་། དེ་ནས། ཁོ་ཚོ་ངའི་མཐའ་འཁོབ་ལ་རུབ་ཏེ། ང་ལ་མནན་མནན་བཅགས་བཅགས་ཀྱིས་སྦྲ་ནག་ནང་ནས་ཉལ་དུས་གོན་པོ་མཐུག་པོ་གྱོན་དགོས་ཞེས་བཤད་། ད་དུང་ཁོ་ཚོས་གུས་ཞབས་དང་ལྡན་པའི་སྒོ་ནས་ང་ལ་འདི་ལྟ་བུའི་བསམ་བློ་ཞིག་ཡང་སྙིང་ཁྱོད་ཀྱི་སེམས་ལ་ཇི་ལྟར་དྲན་པ་ཡིན་ཞེས་བའི་དྲི་བ་ཡང་དྲིས་བྱུང་། ཡིན་ན་ཡང་ང་རང་རྟ་ལ་ཞོན་པ་ན་ཁོ་ཚོས་ང་རང་གཅིག་པུར་ལྟོས་ནས་བསྡད་སོང་། དེ་བས། གཡག་དང་མཉམ་དུ་ཉལ་མཁན་ཞིག་ལ “ཕྱི་རྒྱལ་གྱི་གསར་འགོད་པ་བཀག་སྡོམ་བྱེད་པའི་ཐོ་གཞུང”་དུ་ང་རང་མེད་པ་གསལ་བོ་ཡིན་རྒྱུ་རེད། དེ་ནས། ང་རང་རྨིག་པ་ལ་ལྕགས་རྒྱབ་མེད་པའི་རྟ་རྒོད་ཅིག་ལ་ཞོན་ཏེ་གྲང་ངར་ཆེ་བའི་ནམ་ཟླ་གདོང་གིས་བསུས་ནས་ལམ་ཆས་པ་ཡིན། དེ་ནས་དུས་ཚོས་ཡུན་རིང་ཞིག་གི་རྗེས་ནས། ང་རང་གཞི་ནས་སྦྲ་འདབས་ཤིག་ཏུ་འབྱོར་སོང་། དེ་ན་ཨོང་བ་འབུད་བཞིན་པའི་ཐབ་ཀ་ཞིག་དང་། ཐབ་ཀ་དེ་ཡི་སྟེང་ན་ཇ་དམ་ཞིག་མེ་འགོར་བཙུགས་ནས་བཞག་འདུག ད་དུང་དྲི་ངད་ལྡན་པའི་འབྲུ་མོའི་ཞོ་ཡིས་ང་ལ་བསུས་མ་བྱས་སོང་། དེ་ནི་བོད་མའི་མིག་ནང་གི་རྒྱས་སྤྲོས་ཅན་གྱི་འཚོ་བའི་རྣམ་པ་ཞིག་རེད།

འདི་འདྲ་མི་གྲངས་དུང་ཕྱུར་༡༤་ཡོད་པའི་རྒྱལ་ཁབ་ཅིག་གི་ནང་ནས་ང་རང་ཏག་ཏག་ཉིན་མ་གཅིག་ལ་རྟ་ལ་ཞོན་ནས་སོང་རྗེས་གཞི་ནས་མི་རིགས་གཞན་པ་མཐོང་བྱུང་། རྨི་ཚད་གཅིག་གི་ས་ཐག་ནས་ཕྱོགས་བཞི་ལ་བལྟོས་པ་ན། མཐོ་ལ་ཆགས་པའི་ཕྱུགས་ར་དང་རབ་ཏུ་དཀར་བའི་གངས་རིའི་རྩེ་མོ་མིག་གིས་མཐོང་ཡོང་། དེ་ནི་གཡག་ཁ་ཤ་ཡོད་པ་ཙམ་མ་གཏོགས་<<རོལ་མོའི་སྒྲ་དབྱངས།>>་༼གློག་བརྙན་ཞིག་རེད༽ནང་གི་ཡུལ་གྱི་བཀོད་པ་དེ་དང་ཨ་ན་མ་ན་རེད།

ང་ལ་སྣེ་ལེན་བྱེད་མཁན་གྱི་བོད་མི་ཚོ་དང་ང་ཡི་བར་གོ་བརྡ་མི་འཕྲོད་ཀྱི་མི་འདུག་ཅིང་། ངས་ཁོ་ཚོར་བཅར་འདྲི་བྱེད་པའི་ཐད་ལ་ཉེན་ཁ་ཡང་ཅི་ཡང་མི་འདུག དེ་བཞིན་ང་ལ་བཅར་འདྲི་བྱེད་པའི་དུས་ཚོད་ཀྱང་མི་འདུག ཁྱིམ་བདག་མ་དེ་ཞོགས་པ་སྔ་མོ་ནས་ལངས་ཏེ། མདང་དགོང་བཏུས་ནས་ཡོང་བའི་ཨོང་བ་དེ་ཚོ་ཐང་ལ་བརྡལ་ནས་ཉི་མར་སྐམ་རྗེས་མེ་ལ་སྒོམ། ང་རང་ཁྱིམ་བདག་མ་དེ་ཡི་རྗེས་ལ་དེད་ནས་ཅི་དགར་འཁོར་ནས་སོང་བ་ཡིན། ཨོང་རྡོག་ཁ་ཤས་ཤིག་ཁྱེར་ན་ཡང་ཤུགས་རྒྱག་དགོས་ཀྱ་འདུག། ཡིན་ན་ཡང་། ཁྱིམ་བདག་མས་ཨོང་བ་སླེ་བོ་གང་ཁུར་ནས་འདུག དེ་ནས། ང་རང་གིས་འབྲི་མོ་ཡི་འོ་མ་བཞོ་བར་ཚོད་ལྟ་བྱས་པ་ཡིན་མོད། མཐའ་མ་འབྲི་མོ་གཅིག་གི་འོ་མ་ཡང་བཞོ་ཐུབ་མ་སོང་། ཡིན་ན་ཡང་། ཁྱིམ་བདག་མས་འོ་ཟོ་གང་བཞས་སོང་།

དེ་ནས། ང་རང་ཁྱིམ་བདག་མས་རྗེས་དེད་ནས་འགྲོ་བཞིན་མེད་དུས། གཡག་གཅིག་གམ་ཡང་ན་བྱིས་པ་གཅིག་ང་རང་གི་མཉམ་དུ་འགྲོ་བཞིན་ཡོད། ཁྱད་པར་དུ་ང་རང་སྦྲ་ཡི་ཕྱི་རོལ་དང་ཅུང་ཐག་རིང་ལ་ཆབ་གསང་དུ་འགྲོ་དུས་ཀྱང་རྟག་པར་བྱིས་པ་གཅིག་གམ་ཡང་ན་གཡག་གཅིག་ང་རང་གི་རྗེས་དེད་ནས་བསླེབས་ཡོང་གི་ཡོད། ང་རང་གིས་དབྱིན་སྐད་དང་རྒྱ་སྐད་ཀྱི་སྒོ་ནས་ཁོ་ཚོ་ལ་གཤེ་གཤེ་དང་ལག་པས་གཞུ་རྩིས་བྱས་ཏེ་རྫིག་རྫིག་རྔམ་རྔམ་ཇི་ལྟར་བྱས་ན་ཡང་། ཁོ་ཚོ་ངའི་རྗེས་དེད་ནས་བསླེབས་ཡོང་། གང་ལྟར། གཡག་དང་བྱིས་པ། ཡང་ན་ཉེན་རྟོག་པས་ང་རང་གིས་རྗེས་དེད་པའི་འཚོ་བ་དེ་ནི་ཇི་འདྲའི་བརྗེད་དཀའ་བ་ཞིག་རེད་ཨང་། ཧྲང་ཧེ་ལ་ཐོན་རྗེས། ང་རང་གཞི་ནས་ལྷོད་ཡངས་སེ་ཆགས་སོང་། འདི་ན་གྲོགས་པོ་རྒན་པ་དེ་ཡིས་ང་ལ་ལྐོག་ལྟ་བྱས་ནས་ཀྱང་ཡོད་སྲིད། ཡིན་ན་ཡང་། ཁོས་ང་རང་གཅིག་པུར་དངུལ་ཁང་དང་རླངས་འཁོར་འབབ་ཚུགས། གསང་སྤྱོད་ལ་སོགས་སུ་འགྲོ་བར་རྗེས་འདེད་སོགས་ཅི་ཡང་བྱས་མ་སོང་།


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བླ་བྲང་གི་འབྲོག་ཕྱོགས་སུ་བསྐྱོད་པ།

  1. ད་ཐེངས་ཀྱི་རྩོམ་ཡིག་འདི་ལ་ཆད་ནོར་མང་པོ་འདུག

Write a Reply or Comment

Your email address will not be published. Required fields are marked *

*