དབུ་མའི་ལམ་གྱི་འབྱུང་ཁུངས།(གཉིས་པ)

རྩོམ་པ་པོ། བ་རན་སི་མེ་ཐི།(Warren W. Smith)
བསྒྱུར་མཁན། ཆོས་རྒྱལ་སྐྱབས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

མཆོད་ཡོན་གྱི་འབྲེལ་བ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་གོབ་ལེ་ཁན་གཉིས་ཀྱི་དུས་ལས་གཞན་གཞུང་ལུགས་ཁོ་ནའི་ངོ་བོར་གནས་ཡོད་ཀྱང་། དེས་བོད་ཀྱི་ཆབ་སྲིད་ཀྱི་ལ་ཐེབས་པའི་ཤུགས་རྐྱེན་ནི་གཏན་འཇགས་རེད། སོག་པོའི་ཡོན་བདག་བྱེད་པ་ནི་ས་སྐྱ་བ་གཅིག་པུ་མིན་པར། བོད་ཀྱི་ཆོས་རྒྱུད་གཞན་ཁག་ཚང་མའི་དབང་ཐང་གི་ཐད་ལ་གལ་ཆེན་ཆགས་ཡོད། གང་ལེགས་ཞེ་ན། ཆོས་ལུགས་ཀྱི་དབང་ཐང་ནི་ཡོངས་ཁྱབ་རང་བཞིན་ཅན་ལས་རྒྱལ་གཅེས་པ་མ་རེད། ཁོང་ཚོ་ནི་བོད་ཀྱི་སྐུ་དྲག་ཚོ་ལས་ཀྱང་ཕྱི་རོལ་གྱི་རོགས་རམ་སློང་རྒྱུར་འཛེམས་དོགས་མེད། ས་སྐྱ་པཎྜི་ཏ་ནི་བོད་ཀྱི་སྐུ་དྲག་ཚོས་སོག་པོར་མགོ་བཏགས་པ་ལས་དངོས་ཐོག་བདེན་འཚོལ་གྱི་རང་བཞིན་ལྡན་ཡོད། ཁོང་ཚོའི་ཐོག་མའི་དམིགས་ཡུལ་ནི་བོད་ཀྱི་ཆབ་སྲིད་མིན་པར་ནང་ཆོས་ཁྱབ་གདལ་ཏུ་གཏོང་རྒྱུ་དེ་རེད། འགྲོ་མགོན་ཆོས་རྒྱལ་འཕགས་པས་གཏན་ལ་ཕབ་པའི་མཆོད་ཡོན་འབྲེལ་ལམ་གྱི་ཕྱོགས་གཉིས་ཀ་འདྲ་མཉམ་ཡིན་པའི་ལྟ་བ་དེས་ས་སྐྱ་བ་ཆབ་སྲིད་ཀྱི་ཐོག་ནས་ཕྱི་རོལ་ལ་བསྙེས་ཡོད་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་ཐད་ནས་རྒྱབ་སྙེ་ས་དེ་མི་གསལ་བ་བཟོས་ཡོད།

མཆོད་ཡོན་གྱི་འབྲེལ་ལམ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་གོབ་ལེ་ཁན་གཉིས་ཀྱི་སྐབས་མ་གཏོགས་གཞུང་ལུགས་ཀྱི་ངོ་བོར་གནས་ཀྱང་། དེས་བོད་ཀྱི་ཆབ་སྲིད་ལ་ཐེབས་པའི་ཤུགས་རྐྱེན་ནི་གཏན་འཇགས་རེད། སོག་པོའི་རོགས་རམ་ནི་ས་སྐྱ་བ་ཙམ་མིན་པར། བོད་ཀྱི་ཆོས་རྒྱུད་གཞན་རྣམས་ཀྱང་ཆབ་སྲིད་ཀྱི་ཇུས་གཏོགས་བྱེད་པར་གནད་འགག་ཆགས་ཡོད། ཆོས་ལུགས་ཀྱི་དབང་ཆ་ནི་ཀུན་ཁྱབ་རིང་ལུགས་པ་ལས་མི་རིགས་རིང་ལུགས་པ་ཞིག་མིན་པས། བོད་ཀྱི་ཆོས་རྒྱུད་རྣམས་ནི་སྐུ་དྲག་ཚོ་དང་བསྡུར་ན་ཕྱི་ལོགས་ཀྱི་རོགས་རམ་ཐོབ་པར་དོགས་སྣང་མེད། ས་པཎ་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་བོད་ཀྱི་རྒྱབ་དཔུང་སོག་པོར་བསྙེས་པར་སྐུ་དྲག་ཚོ་ལས་ཀྱང་བྱང་ཆ་ལྡན་པ་འདུག དམིགས་ཡུལ་དང་པོ་ནི་བོད་ཀྱི་ཆབ་སྲིད་གནས་བབ་མིན་པར་ནང་ཆོས་སྤེལ་རྒྱུ་དེ་རེད། མཆོད་ཡོན་འབྲེལ་ལམ་གྱི་ནང་དུ་ཕྱོགས་གཉིས་ཀ་འདྲ་མཉམ་དུ་བལྟ་བའི་འཕགས་པའི་གཞུང་ལུགས་དེས་ས་པཎ་གྱི་ཕྱི་མིར་རྒྱབ་བསྙེས་པའི་བོད་ཀྱི་ཆབ་སྲིད་གནས་བབ་ཀྱི་ཁ་གསལ་བོ་མེད་པ་བཟོས་འདུག

འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་པཎ་གྱིས་མགོ་བཙུགས་པའི་མཆོད་ཡོན་འབྲེལ་ལམ་གྱི་ནུས་སྟོབས་སྐྱེད་སྲིང་བྱས་པ་རེད། སོག་པོ་དང་ནང་འགྲིག་བྱས་པ་དེས་ས་སྐྱའི་འོག་ཏུ་བོད་ལ་ཆབ་སྲིད་ཀྱི་ཆིག་སྒྲིལ་་གང་མཚམས་བཟོས་ཡོད། འོན་ཀྱང་། སོག་པོའི་ཡོན་རྒྱལ་རབས་ཀྱིས་ཁམས་དང་ཨ་མདོ་གཉིས་དབུས་གཙང་དང་ལོགས་སུ་ཆད་པའི་ཆབ་སྲིད་ཀྱི་འཛིན་སྐྱོང་ལམ་ལུགས་ཤིག་བཟོས་པ་དེས་རྗེས་སུ་རྒྱ་ནག་་གིས་ཀྱང་བོད་ས་བགོ་བཤའ་རྒྱག་པའི་ཐིག་ལམ་འཐེན་ཡོད། ༡༦༥༠་ལོར་མན་ཇུའི་ཆིན་རྒྱལ་རབས་ནི་༡༧༢༠་ལོའི་སོག་པོའི་རྫོང་དཀར་བཙན་འཛུལ་དང་༡༧༨༨ནས་༩༡་དབར་གྱི་གོར་ཁའི་བཙན་འཛུལ་མ་བྱུང་བར་དུ་གོང་ས་ལྔ་བ་ཆེན་པོས་མིང་ཙམ་གྱི་དབང་བསྒྱུར་དང་ལེན་ལ་ཡིད་ཚིམས་ནས་ཡོད་ཀྱང་། དོན་རྐྱེན་དེ་གཉིས་ཀྱི་རྗེས་སུ་བོད་ས་ཐད་ཀར་འཛིན་སྐྱོང་བྱེད་པའི་བཙན་ཤེད་བྱས་ཡོད།

བོད་དང་རྒྱ་ནག་གི་འབྲེལ་ལམ་ནི་དམིགས་བསལ་གྱིས་སོག་པོ་དང་མན་ཇུ་རྒྱལ་རབས་གཉིས་ཀྱི་སྐབས་སུ་བྱུང་བ་ཞིག་རེད། ཕྱི་རོལ་གྱི་དབང་བསྒྱུར་རྒྱལ་རབས་འདི་གཉིས་ཀྱིས་མངའ་འོག་གི་ས་ཁུལ་ལ་ལྟ་སྟངས་ནི་ཧན་རྒྱལ་རབས་ཀྱི་ལྟ་སྟངས་དང་ཁྱད་པར་ཡོད་ལ། འདྲ་བའི་ཆའང་ཡོད། རྒྱལ་རབས་འདི་གཉིས་ཀས་ས་མཚམས་སུ་མངའ་འོག་ཏུ་བསྡུ་རྒྱུའི་ས་ཁུལ་གསར་བཟོ་བྱེད་པ་ནི་མཐར་ཐུག་འཛིན་སྐྱོང་དངོས་སུ་བྱེད་པའི་གོམ་སྟབས་དང་པོར་བལྟ་གི་ཡོད། རྒྱ་ནག་གི་ཧན་རྒྱལ་རབས་ཚོས་ས་མཚམས་ཀྱི་ས་ཁུལ་རྣམས་དབང་བསྒྱུར་དང་རིག་གཞུང་མཉམ་བསྲེ་བྱས་ཏེ་མཐར་ཐུག་བཙན་བཟུང་བྱེད་པར་དམིགས་ཡོད། ཧན་རྒྱལ་རབས་རྣམས་ཀྱིས་གནས་སྐབས་རིང་ས་མཚམས་ཁུལ་དུ་ཆབ་སྲིད་ཀྱི་རང་སྐྱོང་ས་ཁུལ་ངོ་བོ་གནས་བར་བྱེད་ཀྱང་། རང་སྐྱོང་ནི་ནམ་ཡང་གཏན་འཇགས་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། ཆབ་སྲིད་ཕྱོགས་སྒྲིལ་དང་རིག་གཞུང་མཉམ་བསྲེ་ནི་ཆེས་མཐར་ཐུག་གི་དམིགས་ཡུལ་རེད། གང་ལེགས་ཞེ་ན། ལམ་ཁ་དེ་བརྒྱུད་ནས་ས་མཚམས་བདེ་འཇགས་བཟོ་ཐུབ་ཀྱི་ཡོད། བརྒྱུད་རིམ་འདིར་མཐར་ལུག་གི་ཚད་གཞི་ཞིག་མེད་པ་ནི་རྒྱ་ནག་གིས་སྤྱི་ཡོངས་དབང་བསྒྱུར་བྱེད་པའི་ལྟ་བ་དང་མཐུན་པ་ཞིག་རེད།

དེང་དུས་(༢༥-༢༢༠་སྤྱི་ལོའི་རྗེས)་ཀྱི་དུས་རབས་ཐོག་མ་གཉིས་སྐབས་ཀྱི་ཧན་རྒྱལ་རབས་མཐའ་མ་དག་གིས་སྔར་གྱི་མངའ་ཁུལ་དུ་ཧན་རིགས་རྒྱ་བསྐྱེད་བྱས་པ་དེ་དབང་བསྒྱུར་བྱེད་ཆེད་ས་གནས་ཀྱི་དམག་དཔོན་གྱིས་དབང་བསྒྱུར་བྱས་པའི་ཧྲོས་ཁོ་(shu kuo)་ཞེས་པའི་མངའ་འོག་ཞིང་ཆེན་གྱི་ལམ་ལུགས་ཤིག་བཟོས་ཡོད། ཁོང་ཚོའི་གྲས་ཀྱི་ཁག་གཅིག་ནི་ཆང་རིགས་རེད། ཁོང་ཚོ་བོད་མཐོ་སྒང་དུ་བྲོས་ནས་རྗེས་སུ་བོད་ཀྱི་མེས་པོའི་གྲས་ཀྱི་གཅིག་ཆགས་ཡོད། ཐོས་ཧྲི་(Tu Shi)་ལམ་ལུགས་ནི་མཐར་ཐུག་རྒྱ་ནག་གི་ཆབ་སྲིད་དབང་ཆ་གསར་འཛུགས་དང་རིག་གཞུང་མཉམ་བསྲེ་བྱེད་པའི་གོམ་པ་དང་པོ་རེད། རྒྱ་ནག་གི་ས་མཚམས་ཀྱི་ཞིང་བྲན་ལམ་ལུགས་ནི་ས་གནས་ས་ཐོག་གི་དབང་བསྒྱུར་བ་ཚོར་སྤྲད་པའི་གཞུང་འབྲེལ་གྱི་གོ་ས་དང་ཐམ་ག་རེད།

གོ་ས་དང་ཐམ་ག་འདི་ཚོ་ས་གནས་ཀྱི་དཔོན་རིགས་ཚོས་རང་གི་མི་ཪིགས་ཀྱི་ཐོག་ཏུ་རང་ཉིད་ཀྱི་དབང་ཆ་ནི་ཁྲིམས་མཐུན་པའི་ཁུངས་སྐྱེལ་བྱེད་པར་བཀོལ་གྱི་ཡོད། དེར་བརྟེན། ས་གནས་ཀྱི་དབང་བསྒྱུར་བ་ཚོ་ནི་རྒྱ་ནག་གི་རོགས་རམ་ལ་རྒྱབ་བསྙེས་ཡོད། དང་ཐོག་རང་སྐྱོང་གི་ཚད་མཐོན་པོ་སྤྲོད་ཀྱང་། ཐོས་ཧྲི་ལམ་ལུགས་ཀྱིས་དང་ཐོག་ཆབ་སྲིད་དང་། མཐའ་མཇུག་ཁོང་ཚོའི་མཐོ་རིམ་སྤྱི་ཚོགས་བརྒྱུད་ནས་ཀླ་ཀློ་རྣམས་རིག་གཞུང་མཉམ་བསྲེའི་ནང་དུ་བསྟིམས་འཇུག་གི་ཡོད། ཧན་གྱི་དབང་བསྒྱུར་ཤུགས་ཇེ་ཆེར་བཏང་བ་དང་མཉམ་དུ། ས་གནས་ཀྱི་དཔོན་རིགས་རྣམས་བསྐོ་གཞག་བྱས་པའི་ཧན་དཔོན་རིགས་བརྗེས་ཏེ། མཐའ་མར་ཧྲོས་ཁོ་མངའ་ཁུལ་རྣམས་རྒྱ་ནག་གི་ཞིང་ཆེན་ལམ་ལུགས་སུ་ཟླ་སྒྲིལ་བཏང་། རྒྱ་ནག་གི་རྒྱ་བསྐྱེད་དང་མཉམ་བསྲེ་ཡི་སྔ་མོའི་ཐབས་ཇུས་འདི་མཐའ་མར་བོད་ཀྱི་ཐོག་ཏུ་བཀོལ་བ་རེད། དུས་རབས་ཉེར་གཅིག་པའི་དུས་མགོར་ཀྲོ་ཨིར་ཧྥང་(Chao Er-feng)་གི་སྐབས་སུ་དམིགས་བསལ་ཁམས་ཀྱི་ས་ཁུལ་དུ་ལམ་ལུགས་འདི་ལག་བསྟར་བྱས་ཡོད། ཐ་ན། རྒྱ་ནག་དམར་ཤོག་གི་ཀྱང་༡༩༥༠་ང་གྲངས་ནང་གྲལ་རིམ་མཐོ་གྲས་ཀྱི་སྐྱ་སེར་གཉིས་ཀར་ཆེ་མཐོང་གི་གོ་ས་སྤྲད་ཡོད། འོན་ཀྱང་། རྒྱ་ནག་གི་སྟངས་འཛིན་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ། ཁོང་ཚོའི་གོ་ས་ནི་མཚོན་དོན་ཙམ་རེད།

དབུ་མའི་ལམ་གྱི་གྲོས་འཆར་དེས་དཔེ་མཚོན་པ་ལྟར། སྔ་མོའི་བོད་རྒྱའི་འབྲེལ་ལམ་ཐད་བོད་པའི་ལྟ་ཚུལ་ནི་འབྲེལ་ལམ་དེའི་ལེགས་ཆའི་རང་བཞིན་དེ་རེད། དེ་ནི་རྒྱ་ནག་གི་ལྟ་ཚུལ་དང་ལོགས་ཀ་ཡིན། སོག་པོའི་ཡོན་རྒྱལ་རབས་དང་། མན་ཇུའི་ཆིན་རྒྱལ་རབས་གཉིས་ཀྱིས་ཉུང་མཐར་ཡང་བོད་དམ་དབུས་གཙང་ཁུལ་ནི་སྲུང་སྐྱོབ་མངའ་ཁུལ་ལྟ་བུར་ངོས་འཛིན་བྱས་ཡོད། འོན་ཀྱང་། ཧན་རྒྱལ་རབས་རྣམས་ཀྱིས་བོད་ནི་སྲུང་སྐྱོབ་མངའ་ཁུལ་ལྟ་བུར་ངོས་འཛིན་མེད་པར། ཟླ་སྒྲིལ་དང་མཉམ་བསྲེ་ཡི་སྔ་མོའི་བརྒྱུད་རིམ་བརྒྱུད་པའི་ས་མཚམས་ཀྱི་མངའ་ཁུལ་ཞིག་ཏུ་ངོས་བཟུང་ཡོད། བོད་རྒྱའི་འབྲེལ་ལམ་ལ་གསལ་ཁ་མེད་པ་དེས། དེ་ལ་འགྲེལ་སྟངས་ཀྱང་མ་འདྲ་མང་པོ་ཡོད་པ་ནི། སྐབས་དེའི་རྒྱལ་པོ་ཚོའི་མཐའ་འཁོར་གྱི་མཇའ་ཁུལ་ལ་ཚད་གཞི་ངེས་ཅན་མེད་པའི་ས་མཚམས་དང་ཞིང་བྲན་ལྟ་བུའི་འབྲེལ་ལམ་གྱི་ཁྱད་ཆོས་རྐྱེན་པས་བྱུང་བ་རེད། འོན་ཀྱང་། ཞིང་བྲན་གྱི་འབྲེལ་ལམ་དང་རང་སྐྱོང་སྲུང་སྐྱོབ་མངའ་ཁུལ་ལྟ་བུའི་ལམ་ལུགས་ནི་བཟོ་ལས་གསར་བརྗེ་དང་དེང་དུས་ཆབ་སྲིད་ཀྱི་མི་རིགས་རིང་ལུགས་བྱུང་བ་དང་མཉམ་དུ་མཇུག་རྫོགས་པ་རེད།

བཟོ་ལས་གསར་བརྗེས་འཛུགས་སྐྲུན་དང་། གཞུང་ལམ། ལྕགས་ལམ་བཅས་ལ་མཐུན་རྐྱེན་བསྐྲུན་པ་དེས། དབང་ཚད་ཆ་བགོས་བྱས་པའི་གཞུང་གིས་དེ་སྔའི་ལྷོད་པོའི་སྒོ་ནས་སྟངས་འཛིན་བྱས་པའི་མངའ་ཁུལ་་རྣམས་ཐད་ཀར་སྟངས་འཛིན་བྱེད་ཐུབ་པ་བཟོས་ཡོད། བོད་ཀྱི་མི་རིགས་རིང་ལུགས་ནི་༡༩༠༤་ལོའི་དབྱིན་ཇིའི་བཙན་འཛུལ་དང་། ༡༩༠༥་ནས་༡༩༡༠་དབར་གྱི་རྒྱ་ནག་གི་བཙན་འཛུལ་བ་བསྟེན་ནས་བྱུང་བ་ཞིག་རེད། རྒྱ་ནག་གི་མི་རིགས་རིང་ལུགས་ནི་ཕྱི་མི་མན་ཇུའི་གོང་མ་མགོ་རྟིང་སློག་པ་དང་མཉམ་དུ་དེ་སྔ་མན་ཇུའི་དབང་འོག་ཏུ་ཡོད་པའི་མངའ་ཁུལ་རྣམས་རང་སོར་སྟངས་འཛིན་བྱེད་འདོད་དང་མཉམ་དུ་སྐྱེ་བ་ཞིག་རེད།

དབྱིན་ཇིའི་བཙན་འཛུལ་གྱིས་བོད་མི་རྣམས་ལ་རང་གི་ཆབ་སྲིད་ཀྱི་གནས་བབ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་བསྐྱར་ཞིབ་མི་བྱེད་རང་བྱེད་བཟོས་པ་རེད། གོར་ཁ་དམག་འཁྲུག་སྐབས་ལྟ་བུར་བོད་ཀྱི་རྒྱ་ནག་གི་སྲུང་སྐྱོབ་བསླངས་ཡོད། རྒྱ་ནག་གིས་དབྱིན་ཇི་ལ་བོད་དང་མཉམ་དུ་ཚོང་ལས་བྱེད་པའི་ཆོག་མཆན་སྤྲོད་པའི་དབང་ཆ་ལ་ངོས་ལེན་མ་བྱས་པ་ལྟར། སྟབས་ཁ་ལེགས་ཚེ་རྒྱ་ནག་སྟངས་འཛིན་ལ་ངོ་རྒོལ་བྱས་ཡོད། དབྱིན་ཇིའི་གཞུང་གིས་བོད་དང་མཉམ་དུ་ཚོང་ལས་བྱེད་ཐུབ་ཆེད་བཙན་འཛུལ་བྱས་པར་ཆ་བཞག གོང་ས་སྐུ་ཕྲེང་བཅུ་གསུམ་པ་སོག་པོ་དང་དེ་ནས་རྒྱ་ནག་ལ་སྐྱབས་བཅོལ་དུ་ཕྱིན་ཡོད། རྒྱ་ནག་གིས་བོད་དབང་བསྒྱུར་གྱི་མངའ་ཐང་ཆེན་པོར་དམིགས་སྟེ། བོད་ཤར་ཕྱོགས་ལ་བཙན་འཛུལ་གྱིས་ལྷ་ས་དབར་ཏུ་ཡོང་སྐབས། གོང་ས་བཅུ་གསུམ་པ་ཆེན་པོས་རྒྱ་གར་ཏུ་ཡོད་པའི་དབྱིན་ཇིའི་གཞུང་ལ་སྐྱབས་བཅོལ་ཞུས་ཡོད། དབྱིན་ཇིའི་བཙན་འཛུལ་སྐབས་གོང་ས་བཅུ་གསུམ་པ་ཆེན་པོས་རྒྱ་ནག་གི་རོགས་སྐྱོར་ལ་མི་བསྟེན་ཀ་མེད་བྱུང་བ་དང་། རྒྱ་ནག་གིས་བཙན་འཛུལ་བྱེད་སྐབས་དབྱིན་ཇིའི་རོགས་རམ་བསླངས་བ་རེད། དབྱིན་ཇི་དང་རྒྱ་ནག་གི་བཙན་འཛུལ་གྱིས་བོད་མི་རྣམས་ལ་རང་གི་ཆབ་སྲིད་ཀྱི་གནས་བབ་ལ་བསྐྱར་ཞིབ་དང་། བོད་རྒྱལ་ཁབ་ཀྱི་ངོ་བོ་འཚོལ་བར་བསྐུལ་རྐྱེན་ཆགས་ཡོད།

(མུ་འགོད་།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*