རྒྱ་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་དེ་ཕམ་སྲིད་དམ།


རྩོམ་པ་པོ་བི་ར་མན།
ཁང་གསར་ཀརྨ་བསྟན་འཛིན་གྱིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་གིས་བོད་པའི་ས་ཁུལ་ཁག་ཏུ་མུ་མཐུད་ནས་ལྡིར་སྒྲ་སྒྲོག་བཞིན་འདུག རྒྱ་གཞུང་ནས་དྲག་གནོན་ཅི་ཙམ་མང་བ་བྱེད་པ་ལ་བོད་པས་ངོ་རྒོལ་མང་དུ་བྱས། རྒྱ་གཞུང་གིས་༸གོང་ས་མཆོག་ལ་མཚན་དམོད་ཇི་ཙམ་མང་བ་བྱེད་པ་ལ་བོད་པས་ཁོང་ལ་གུས་རྩིས་མང་དུ་བྱས། རྒྱ་གཞུང་གིས་དམར་ཤོག་ཚོགས་པའི་དབུ་འཁྲིད་ཀྱི་འོག་ལ་བོད་རིགས་ས་གནས་ཁག་ཏུ་དཔལ་འབྱོར་ཡར་རྒྱས་ཕྱིན་པ་ཇི་ཙམ་གྱིས་ཕྱིར་ངོམ་མང་བ་བྱེད་པ་ལ་བོད་པས་༸གོང་ས་མཆོག་ལ་བརྩེ་ཞེན་ཇེ་ཟབ་ཏུ་སོང།

པེ་ཅིང་དུ་རྒྱུན་དུ་རྒྱ་གཞུང་གིས་དམ་དྲག་ཆེན་པོའི་འོག་ཏུ་གནས་བཞིན་པའི་རྒྱ་ནག་དམར་ཤོག་ཚོགས་པས་བསྐོས་པའི་པཎ་ཆེན་བླ་མ་། ཉེ་ཆར་རྒྱ་གཞུང་གིས་འགྲོ་གྲོན་ཆེན་པོ་བཏང་ནས་བོད་རིགས་མི་མང་དང་འབྲེལ་འདྲིས་ཡོང་བའི་ཆེད་དུ་ཁོང་གི་ལོ་འཁོར་ཟླ་གཅིག་གི་དུས་ཚོད་དེ་བླངས་ཡོད། ཁོང་རང་བཅིང་གྲོལ་དམག་མིའི་སྲུང་སྐྱོབ་དམ་པོའི་འོག་ལྷ་སའི་ནང་དུ་སྡོད་སྒར་བྱས་ཤིང་༸གོང་ས་མཆོག་གི་ཤན་སྟོབས་ད་དུང་ཤུགས་ཆེར་གནས་པའི་ཉེ་འཁོར་དགོན་པ་ཁག་ཏུ་ལྟ་སྐོར་ལ་འཁྲིད།

རྒྱ་གཞུང་གིས་བོད་རིགས་མི་མང་ནས་རྒྱ་ནག་དམར་ཤོག་གིས་བསྐོས་པའི་པཎ་ཆེན་བླ་མ་རྫུན་པ་དེར་གུས་བཀུར་བྱེད་འགོ་འཛུགས་རྒྱུའི་རེ་བ་བྱས། ཁོང་རང་བོད་རང་སྐྱོང་ལྗོངས་སུ་ཡོད་པ་ཙམ་དང་ཉེ་འཁོར་དགོན་པ་ཁག་ཏུ་བསྐྱོད་པ་འདི་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་གཞུང་གི་སྟངས་འཛིན་འོག་གི་གསར་འགྱུར་རྒྱུད་ལམ་གཉིས་ཀྱིས་བཀོད་མངགས་འོག་རེད། བོད་རིགས་ས་ཁུལ་ཁག་གི་བོད་མི་རྣམས་ལ་སྤྲོ་སྣང་སླེབས་རྒྱུར་ཤིན་ཏུ་དཀའ་།

བཙན་བྱོལ་དུ་༸གོང་ས་མཆོག་གི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་གནས་ཚུལ་། དཔེར་ན་གསུང་ཆོས་དང་ཆིབས་བསྒྱུར་དེ་ཚོས་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན། ཀན་སུ་དང་ཟི་ཁྲོན། ཡུ་ནན་བཅས་ཀྱི་བོད་མི་རྣམས་ཀྱིས་(རྒྱ་གཞུང་) པཎ་ཆེན་བླ་མའི་གསུང་ཆོས་དང་བྱེད་སྒོ་རྣམས་ལས་དོ་སྣང་དང་སྤྲོ་སྣང་ཆེ་བ་སློང་གིན་ཡོད། རྒྱ་གཞུང་ནས་འ་ཆད་འུ་ཐུག་གིས་༸གོང་ས་མཆོག་གི་གསུང་ཆོས་དང་མཛད་འཕྲིན་ཁག་གི་གནས་ཚུལ་རྣམས་རྒྱ་ནག་(བོད་) ནང་གི་བོད་མི་རྣམས་ལ་སྔོན་འགོག་གི་ཆེད་སླེབས་མི་ཐུབ་པའི་ཐབས་ཤེས་ཡོད་རྒུ་བྱེད་བཞིན་ཡོད། ཁོང་ཚོས་བལ་ཡུལ་དང་རྒྱ་གར་དུ་༸གོང་ས་མཆོག་གི་གསུང་ཆོས་སུ་བཅར་མཁན་གྱི་བོད་མི་རྣམས་སླར་ཡང་བོད་ནང་དུ་འཛུལ་བཞུགས་མི་ཆོག་པའི་བཀག་འགོག་བྱས། ཁོང་ཚོས་བོད་རིགས་ས་ཁུལ་ཁག་ཏུ་གང་ཞིག་བྱུང་བའི་གནས་ཚུལ་རྣམས་ཉིན་དེ་རང་དུ་ཕྱི་ལོག་གི་འཛམ་གླིང་ལ་ལམ་སང་སླེབས་ཐུབ་རྒྱུ་དེ་གང་འདྲ་ཡིན་མིན་རྩད་གཅོད་ཐུབ་པར་ཐབས་ཤེས་བྱེད་བཞིན་ཡོད་ནའང་། དེ་ནི་ཨ་རིའི་གཞུང་གིས་འགྲོ་གྲོན་བཏང་བའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་གིས་རྒྱང་སྲིང་བྱེད་ཀྱི་ཡོད་།

དྲ་ལམ་རྣམས་ཞིབ་བཤེར་དང་བཀག་སྡོམ་བྱས་ཤིང་ལག་ཐོགས་ཁ་པར་གྱི་རྒྱུད་ལམ་ཁག་ཀྱང་དོ་དམ་ཤུགས་ཆེན་བྱས། བོད་མི་རྣམས་སྤྱི་ཚོགས་རྒྱུད་ལམ་དྲ་རྒྱ་(ངོ་དེབ་ལ་སོགས་པ། བསྒྱུར་པ་པོས།)བེད་སྤྱོད་གཏོང་ཐུབ་རྒྱུར་ངོས་ལེན་རྩ་བ་ནས་མ་བྱས། དེ་ལྟ་ནའང་གནས་ཚུལ་རྣམས་རྒྱུན་མཐུད་ནས་འབྱུང་བཞིན་ཡོད། དེ་དག་བྱས་ནའང་གསར་འགྱུར་རྣམས་མུ་མཐུད་ནས་ཕྱིར་གྱར་དང་ནང་དུ་སླེབས་བཞིན་ཡོད། ལམ་གཉིས་ཅན་གྱི་གནས་ཚུལ་གྱར་སྟངས་དེ་ནི་རྒྱ་གཞུང་གི་གསང་བའི་ལས་ཁང་ནས་ངོས་འཛིན་དང་བཀག་འགོག་བྱས་མི་ཐུབ་པ་ཞིག་ཏུ་འགྱུར་།

མུ་སྦྲེལ་གྱི་རང་ལུས་མེར་བསྲེགས་དེ་མང་ཆེ་ཤོས་ཟི་ཁྲོན་བོད་རིགས་ས་ཁུལ་ཡིན་ཡང་མཚོ་སྔོན་དང་ཀན་སུ་གཉིས་ཀྱི་ནང་དུ་ཇེ་མང་དུ་འགྲོ་བཞིན་འདུག འཆི་ངེས་ཀྱི་རང་ལུས་མེར་བསྲེགས་དེ་ན་ནིང་ཟླ་བ་གསུམ་པ་ནས་གཟའ་འཁོར་སྔོན་མའི་བར་དུ་ཁྱོན་སྡོམས་མི་གྲངས་ ༥༠ བརྒལ་ཡོད་ལ་། དེ་རྒྱ་གཞུང་གིས་ག་འདྲ་བྱས་ནས་བཀག་འགོག་བྱེད་དགོས་པ་ཤེས་ཀྱི་མེད་ལ་རྒྱ་གཞུང་གི་གསང་བའི་ལས་ཁུངས་ནས་ཀྱང་བོད་རིགས་སུ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རང་སྲོག་གཅོད་རྒྱུ་ཡིན་མིན་ཤེས་ཐུབ་ཀྱི་མེད། བོད་རིགས་སྤྱི་ཚོགས་ཀྱི་ནང་དུ་རང་ལུས་མེར་བསྲེགས་ཀྱི་འཆར་གཞིའི་སྐོར་ལ་གསང་བའི་ལས་དོན་གྱི་གནས་ཚུལ་ཐོན་མེད། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མི་ཡོང་ཕྱིར་བོད་མི་ཟུར་གནས་པ་དག་གིས་མི་འགོག་པ་རྣམས་འཛིན་བཟུང་དང་ཁྲིམས་ཆད་དྲག་པོ་གཅོད། རྒོལ་རྡུང་དང་འཛིན་བཟུང་ཇེ་མང་དུ་བྱུང་བཞིན་ཡོད། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འགོ་འཛུགས་བྱེད་སའི་སི་ཁྲོན་ནང་གི་ཀིརྟི་དགོན་པ་གཟའ་འཁོར་སྔོན་མ་སླར་ཡང་དཔུང་རྒོལ་བྱས་པ་དང་དེར་ཡོད་གྲྭ་པ་རོགས་པ་རྣམས་ལ་འཛིགས་སྐུལ་ངང་དྲི་བརྩད་བྱས། མཚོ་སྔོན་ཞིང་ཆེན་ནང་གི་ཟིང་དཀར་དགོན་པ་ཟླ་བ་ ༩ ཚེས་ ༡ ཉིན་དཔུང་རྒོལ་བྱས་ནས་གྲྭ་པ་བཞིན་དོ་དོམ་དྲི་རྩད་ཆེད་འཁྲིད་ནས་ཕྱིན་ཡོད་།

ཁུངས་ལྡན་གྱི་གནས་ཚུལ་ལ་གཞིགས་ན་རྒྱ་གཞུང་སྤྱི་བདེ་ལས་བྱེད་པས་བོད་མི་རྣམས་ལ་དྲི་བ་ཞིག་དྲིས་པ་ནི་། ༸གོང་ས་མཆོག་(བཙན་བྱོལ་)ལ་གནས་ཚུལ་ག་འདྲ་བྱས་ནས་འབྱོར་གྱི་ཡོད་དམ། ༸གོང་ས་མཆོག་(བཙན་བྱོལ་)ནས་གནས་ཚུལ་རྣམས་ག་འདྲ་བྱས་ནས་འབྱོར་གྱི་ཡོད་དམ།

རྒྱ་མི་རྣམས་མགོ་འཐོམ་གྱི་ཡོད། ཁོང་ཚོས་བོད་མི་རྣམས་ལ་དེང་རབས་ཀྱི་གསར་འགྱུར་རྒྱུད་ལམ་གྱི་གོ་སྐབས་ལས་སླ་བོའི་ངང་ནས་བྱུང་བར་མོས་མཐུན་མི་བྱེད་ནའང་གསར་འགྱུར་རྣམས་མུ་མཐུད་ནས་མྱུར་པོར་འབྱོར་ཐུབ་ཀྱི་ཡོད། ལྷ་སའི་ཁུལ་དུ་སྔོན་འགོག་གི་འཛིན་བཟུང་གཞི་རྒྱ་ཆེན་པོ་ཡོང་བཞིན་ཡོད་པའི་གནས་ཚུལ་བྱུང་ཡོད། དཀའ་རྙོག་རྣམས་ད་དུང་ཡང་བོད་རིགས་ས་ཁུལ་སི་ཁྲོན་དང་མཚོ་སྔོན། ཀན་སུ་བཅས་སུ་དོ་དམ་བྱེད་བཞིན་ཡོད། སི་ཁྲོན་གྱི་བོད་རིགས་ས་ཁུལ་ནི་མུ་སྦྲེལ་གྱི་རང་ལུས་མེར་བསྲེགས་ཀྱི་རླབས་དེའི་འགུལ་གནས་ལྟེ་བ་དེ་ཆགས་ཡོད།

བོད་རང་སྐྱོང་ལྗོངས་ས་ཁུལ་དུ་ད་ལྟ་རང་ལུས་མེར་བསྲེགས་ལས་འགུལ་གྱི་ཤུགས་རྐྱེན་ཆེན་པོ་འབྱུང་མེད་ནའང་།ལྷ་ས་འདི་བཞིན་གྷན་དྷིའི་འཚེ་མེད་ཞི་བའི་ངོ་རྒོལ་ལག་ལེན་བྱས་པ་འདྲ་བར་བོད་མིའི་ངོ་བོ་མཚོན་བྱེད་ཀྱི་ལྷག་དཀར་གྱི་ལས་འགུལ་། བོད་པ་བྱས། བོད་ཟས་ཟོས་། བོད་ཆས་གྱོན་། བོད་སྐད་རྒྱོབས་། འཚོ་བ་བོད་པ། ༸གོང་ས་མཆོག་ལ་གུས་བཀུར་བྱས་བཅས་མི་མང་ལ་བརྗོད་ནས་ལས་འགུལ་སྤེལ་སའི་ལྟེ་བར་འགྱུར་བཞིན་ཡོད། ཉེ་ལམ་ལྷ་སའི་ས་ཁུལ་དུ་འཇུ་བཟུང་དེ་ནི་ལྷག་དཀར་གྱི་ལས་འགུལ་འགོག་ཐབས་ཀྱི་ཆེད་དུ་ཡིན། རྒྱ་གཞུང་ནས་དེ་ལ་ལམ་ལྷོང་བྱུང་མེད་།

རྒྱ་ནག་གི་བོད་རིགས་ས་ཁུལ་ནང་དུ་རྒྱུན་ཆད་མེད་པའི་ངོ་རྒོལ་བྱུང་བཞིན་ཡོད། ཇི་ཙམ་གྱི་ངོ་རྒོལ་མང་བ་དེར་དྲག་གནོན་མང་བ་དང་། ཇི་ཙམ་གྱི་དྲག་གནོན་མང་བ་དེར་ངོ་རྒོལ་མང་བ་ཡོད། འདི་ནི་བོད་དུ་དེ་སྔོན་མཐོང་མྱོང་མེད་པའི་ངོ་རྒོལ་ལས་འགུལ་གྱི་རིགས་གསར་པ་ཞིག་རེད། དེ་ནི་སྒྲོམ་གཞི་ཡོད་པའི་སྒྲིག་འཛུགས་དང་ངོས་བཟུང་ཐུབ་པའི་འགོ་འཁྲིད་སུ་ཡང་མེད་པར་རང་གིས་རང་སྐུལ་བྱེད་པ། རང་སྣ་རང་འཁྲིད་། རང་ཉིད་འབུད་པ་ཞིག་ཡིན། དེ་ཚོ་མུ་མཐུད་ནས་ཡོང་བ་འདི་ནི་ཁོང་ཁྲོས་བྱས་པ་ཞིག་མིན་པར་ཁོང་རང་(བོད་མི་)ཚོའི་སེམས་ནང་བོད་མི་ཡིན་པའི་སྤོབས་སེམས་དང་ཁོང་ཚོའི་(བོད་) ལེགས་བྱང་དང་ཆོས་ལུགས། གོམས་གཤིས་དང་གཅེས་ནོར། བླ་མ་བཅས་ལས་བྱུང་བ་ཞིག་ཡིན།

རྒྱ་གཞུང་གིས་ཆེས་སྡུག་རྩུབ་ཅན་གྱི་དྲག་གནོན་བྱས་ནའང་བོད་མི་རྣམས་མུ་མཐུད་ནས་ལས་འགུལ་སྤེལ་བའི་སྤོབས་སེམས་དང་རེ་བ་མེད་པར་བཟོ་མི་ཐུབ་ཀྱི་མ་རེད། དེང་སྐབས་བོད་མི་རྣམས་ཀྱི་ཐོག་ལ་ཆེས་ཉེན་ཁ་ཡོད་པ་ཞིག་ཏུ་སྣང། དེ་ལྟར་ཁོང་ཚོས་ཕྱི་ལོ་ ༡༩༢༠ ནང་མཧདྷ་མ་གྷན་དྷི་(Mahatma Gandhi)སྟེང་ལ་ཁ་གཏད་བྱས་པ་དང་ཕྱི་ལོ་ ༡༩༧༠ ནང་དང་ཕྱི་ལོ་ ༡༩༨༠ འགོ་སྟོད་དུ་ནེལ་སོན་མེན་ཌ་ལ་(Nelson Mandela)སྟེང་ལ་ཡང་བྱས་ཡོད། དེ་ནས་སྟེས་དབང་རྣམས་ཁོང་ཚོའི་ཕན་གྲོགས་སུ་འགྱུར་ཡོད། གདུག་རྩུབ་ཀྱིས་དྲག་གནོན་ནམ་ཡང་རྒྱལ་མི་ཐུབ།

རྒྱའི་མངའ་ཁོངས་ཀྱི་བོད་རིགས་ས་ཁུལ་ནང་དུ་ལོ་རྒྱུས་བསྐྱར་ཟློས་ཡོང་ཐུབ་བམ།

( ཁང་གསར་ཀརྨ་བསྟན་འཛིན་ལགས་ནི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གྲྭ་ནས་སློབ་ཐོན་གནང་ཞིང་དེ་རུ་ཡིག་ཚང་གི་ཕྱག་ལས་ལོ་ངོ་བཞི་ཙམ་གནང་མྱོང་། ད་ལྟ་ཤེས་རབ་དགའ་ཚལ་སློབ་གླིང་དུ་འབྲེལ་མཐུད་པའི་ལས་ཀ་གཉེར་བཞིན་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to རྒྱ་གཞུང་གིས་བོད་ནང་དྲག་གནོན་ཤུགས་ཆེར་བྱེད་བཞིན་པ་དེ་ཕམ་སྲིད་དམ།

  1. ངག་དབང་རྡོ་རྗེ། (བསེ་རུ) ནས།

    ལོ་ཙཱ་བའི་གོམ་སྟབས་འདི་ནམ་ཡང་མཚམས་འཇོག་མི་རིགས།
    ཤུགས་རྒྱོབས།
    དགོས་མཁོ་ཅན་གྱི་རྩོམ་ཐུང་ནས་རིམ་པར་དཔེ་དེབ་གལ་ཆེ་ཁག་བསྒྱུར་ཐུབ་རྒྱུར་འབད་བརྩོན་གནང་རོགས།

Write a Reply or Comment

Your email address will not be published. Required fields are marked *

*