རྒྱ་ནག་གི་འགོ་ཁྲིད་རྗེས་མར་བོད་ལ་ལྟ་སྟངས་ཡག་པོ་ཞིག་ཡོད་དམ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྦན་རྗ་མེན་ཁེང་དང་ཧྤི་རན་ཁུ་ རྗེ་ཁུ་ སྒྲ་ནེལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

(རོ་ཁྲུར) ལོ་བཅུ་ཕྲག་མང་པོའི་རིང་པེ་ཅིན་གྱིས་ཏཱ་ལའི་བླ་མ་ནི་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པར་བསྙད། འོན་ཀྱང་། བཙན་བྱོལ་བོད་མིའི་ཆོས་ཀྱི་དབུ་ཁྲིད་མཆོག་སྐབས་ཤིག་ལ་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་འཛིན་དུ་འཁེལ་ཡོད་པའི་ཞིན་ཅིན་ཕིན་གྱི་ཨ་ཕར་དམིགས་བསལ་འབྲེལ་བ་བྱུང་ཡོད།།
.
མི་མི་ཉུང་བ་ཞིག་གིས་ལོ་འདིའི་ལོ་མཇུག་ཏུ་དམར་ཤོག་ཚོགས་པའི་ཚོགས་འདུའི་སྟེང་སྲིད་འཛིན་གྱི་གོ་གནས་སུ་འཕར་རྒྱུ་ཕལ་ཆེར་ངོས་ལེན་བྱ་སྲིད་པའི་ཤིས་ཀྱིས་བོད་དམ་ཡང་ན་ཏཱ་ལའི་བླ་མར་བསམ་བློ་ག་རེ་འཁོར་གྱིན་པ་རྟོགས་ཡོད། འོན་ཀྱང་། དེ་སྔའི་དཀྱེལ་ཡངས་ཅན་གྱི་སྲིད་བློན་གཞོན་པ་དང་ཁོའི་ཕ་རྒན་འདས་པོ་ཤིས་ ཀྲོན་ཧྲན་བོད་མིའི་དབུ་ཁྲིད་དང་ལྷན་དུ་འབྲེལ་བ་དམ་ཟབ་བྱུང་ཡོད་ལ། ཁོང་གིས་དེ་སྔ་སྤྱི་ལོ་༡༩༥༠ནང་རྒད་པོ་ཤིས་ལ་ཆུ་ཚོད་རྩ་ཆེན་ཞིག་སྤྲད་ཅིང་། སྐྱེས་རྔན་དེ་དམར་ཤོག་ཚོགས་པའི་འགོ་ཁྲིད་མཐོ་ཤོས་དེས་ལོ་བཅུ་ཕྲག་འགའ་ཤས་ཀྱི་རྗེས་སུའང་གོན་ཡོད། དགུང་ལོ་དོན་བདུན་ལོན་པའི་ཏཱ་ལའི་བླ་མས་གྲོགས་འདང་ཅན། ལྟོས་འཇོག་གིས་གུ་ཡངས་པ། ཧ་ཅང་ཡག་པོ་ཞེས་རྒད་པོ་ཤིས་དྲན་གསོ་གནང་བ་དང་། ཁོང་གིས་ཁོས་དེ་སྔོན་གྱི་རྒྱ་ནག་གི་འགོ་ཁྲིད་སེམས་ཐག་ཉེ་བོ་ཅན་ཁོ་ན་ལ་ཕྱིར་ཆུ་ཚོད་སྤྲད་ཡིན་ཞེས་གསུང་ཡོད།

ཏཱ་ལའི་བླ་མས་བོད་མི་བཙན་བྱོལ་བ་དག་གི་རྒྱལ་ས་ལྟ་བུའི་རྒྱ་གར་གྱི་གྲོང་གསེབ་ཧི་མ་ལ་ཡའི་རི་འདབས་ཀྱི་རྡ་རམ་ས་ལ་རུ་བཅར་འདྲི་ཞིག་ཏུ་ང་ཚོ་བོད་པ་ཚོར་ཆུ་ཚོད་འདྲ་མིན་མོད་པོ་ཞིག་རྒྱ་གར་ནས་ལས་སླ་བོར་རེག་གི་རེད། བྱས་ཙང་ང་ཚོས་གོ་སྐབས་དེ་བརྒྱུད་ནས་བློ་ཐག་ཉེ་བའི་མི་ལ་ལག་སྐྱེས་ཀྱི་ཆེད་དུ་ཆུ་ཚོད་ཁ་ཤས་འཁྱེར་ཡོང་བ་ཡིན་ཞེས་གསུངས་ཡོད་པ་རེད།

ཏཱ་ལའི་བླ་མས་ཆུ་ཚོད་དེ་རྒན་པོ་ཤིས་ལ་སྤྱི་ལོ་༡༩༥༤ལོར་པེ་ཅིན་དུ་དུས་ཡུན་རིང་པོའི་ལྟ་སྐོར་ཞིག་གི་སྐབས་སུ་སྤྲད་ཅིང་། ཤིས་ནི་སྐབས་དེར་ཁོས་ཟླ་ལྔ་ནས་དྲུག་བར་རྒྱ་སྐད་དང་མར་ཁི་སི་རིང་ལུགས་ལ་སློབ་སྦྱོང་བྱས་པའི་རིང་རྒྱལ་སའི་ནང་ཕོ་གཞོན་ཏཱ་ལའི་བླ་མ་དང་ལྷན་དུ་སྡོད་མཁན་གྱི་ལས་བྱེད་ཁྲོད་ཀྱི་གཅིག་ཡིན། ཏཱ་ལའི་བླ་མ་ལོ་ལྔ་ཡི་རྗེས་ཏེ་དམར་པོའི་སྲིད་ཇུས་ལ་ངོ་རྒོལ་གྱེན་ལངས་ཕམ་ཉེས་བྱུང་རྗེས་རྒྱ་གར་དུ་བྲོས་ཡོང་བ་རེད་མོད། དེའི་རྗེས་སྤྱི་ལོ་༡༩༧༩ལོར་རྒན་རབས་པ་ཤིས་ཀྱིས་ཏཱ་ལའི་བླ་མས་ཚུགས་ཀ་དང་བཟོ་བསྐྲུན་སྐོར་དྲན་དཀའ་བའི་ཆུ་ཚོད་དེ་ད་དུང་གྱོན་ཡོད། རྒན་རབས་པ་ཤིས་ནི་བོད་དང་ཡུ་གུར། གྲངས་ཉུང་མི་རིགས་གཞན་དག་གི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དམར་ཤོག་ཚོགས་པའི་ནང་གི་ཕུག་རོན་དེ་ཡིན་ལ། ཁོས་ད་དུང་གནམ་བདེ་སྒོ་མོ་ཆེའི་སློབ་མའི་གྱེན་ལངས་ལ་དམག་གིས་དྲག་གནོན་བྱས་པར་ངོ་རྒོལ་བྱས་པ་དང་། གུ་ཡངས་ཕྱོགས་གཏོགས་ཀྱི་དཔོན་པོ་ཧོའུ་ཡོ་པང་གནས་དབྱུངས་གཏོང་སྐབས་སྐྱོན་བརྗོད་བྱེད་མཁན་ཁོ་ན་རུ་གྱུར་ཡོད་ལ། རྒན་རབས་པ་ཤིས་སྤྱི་ལོ་༢༠༠༢ལོར་སྐུ་གྲོངས་སོ།།
ཏཱ་ལའི་བླ་མ་བུ་ཤིས་ལ་གཏན་ནས་མཇལ་མ་མྱོང་། འོན་ཀྱང་ཁོང་གི་ཕ་ལ་བཅིངས་པའི་བརྩེ་སེམས་ནི་རྒྱ་ནག་གི་འགོ་ཁྲིད་རྗེས་མས་ཁོས་རྗེས་མའི་ཟླ་གསུམ་པར་ཧོའུ་ཅིན་ཐོ་ཡི་ཤུལ་བཟུང་བའི་སྐབས་སུ་བོད་ལ་སྔར་ལས་ལྷག་པའི་བཅོས་བསྒྱུར་བྱ་བའི་དན་རྟགས་ཤིག་ཡིན་ལ། ཁོང་གིས་ཞིན་ཅང་ནུབ་ཕྱོགས་ཁུལ་གྱི་ཡུ་གུར་ཁ་ཆེ་བ་དག་ལ་སྔར་ལས་གུ་ཡངས་དང་རྒྱ་ནག་གིས་དགོས་གལ་བྱུང་ན་དྲག་ཤུགས་ཀྱིས་ཕྱིར་ལེན་རྒྱུ་ཐག་བཅད་ཟིན་པའི་ཐེ་ཝན་ལའང་གླིང་ཕྲན་རང་བཙན་གྱིས་ཁྲིམས་ལུང་བསྒྱུར་འཇུག་པ་བཅས་ལའང་རེ་བ་བྱེད་པ་རེད།

ཐེངས་ཤིག་དག་ཐེར་ཤོག་ཁག་གི་འགོ་བ་ཀྲོ་ཙི་ཡང་གི་མཐོ་རིམ་ལས་རོགས་བྱས་མྱོང་བའི་བྷོ་ཀྲོང་གིས་ཤིན་ཅིན་ཕིན་འགོ་ཁྲིད་ཇི་ལྟ་བུ་ཞིག་བྱ་མིན་ཤེས་རྟོགས་བྱེད་འདོད་ན་ཁོང་གི་ཨ་ཕའི་ལངས་ཕྱོགས་ལ་ཞིབ་འཇུག་བྱེད་དགོས་ཞེས་བརྗོད་ཡོད། པོ་ཀྲང་གིས་སྤྱི་ལོ་༡༩༨༩ལོར་པེ་ཅིན་གནམ་བདེའི་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་ཚོས་མང་གཙོའི་གྱེན་ལངས་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་ལ་བརྟེན་ནས་བགྲང་བྱ་བདུན་གྱི་རིང་བཙོན་དུ་བཅུག

ཁོས་དམར་ཤོག་པ་སུས་ཀྱང་ཁོའི་ཨ་ཕ་བསླུ་མི་སྲིད་ཅེས་ཁ་སྣོན་བྱས།
ཕ་འདི་ལྟ་བུ་ཞིག་ལ། བུ་དེ་ལྟ་བུ་ཞིག་འབྱུང་ངམ།
རྒན་རབས་པ་ཤིས་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་ལོ་རྗེས་མའི་ཟླ་བཅུ་བའི་ཟླ་དཀྱིལ་དུ་མི་མང་ཚོགས་ཁང་ཆེན་མོའི་ནང་ཁོང་གི་སྐྱེས་སྐར་དུས་དྲན་ཐེངས་བརྒྱ་པ་བསྡུས་ཏེ་རྗེས་དྲན་བྱ་རྒྱུ་དང་གཞུང་ཕྱོགས་ཀྱི་གསར་ཤོག་གླེང་བརྗོད་དང་གཏམ་བརྗོད་གནང་མཁན་ཚོས་ཁོང་ལ་བསྟོད་བསྔགས་བྱ་རྒྱུ་བཅས་ཀྱི་འཆར་གཞི་བསྒྲིགས་ཡོད་པའི་ངོས་ལེན་རྒྱབ་སྐྱོར་ཡོད་མཁན་ཞིག་ཡིན་ཞེས་འབྲེལ་ཡོད་འགོ་ཁྲིད་ཀྱིས་བརྗོད་ཡོད།
འོན་ཀྱང་། གལ་སྲིད་ན་གཞོན་ཤིས་ལའང་གསར་བརྗེ་ཡི་གྲོས་འཆར་ཞིག་ལག་བསྟར་བྱ་འདོད་ཡོད་རུང་། ཁོས་རང་གི་དུས་སྐབས་ལ་སྒུག་དགོས་སྲིད། དེ་སྔོན་ཐེ་ཝན་གྱི་བདེ་སྲུང་བློན་ཆེན་དང་རྒྱ་ནག་སྲིད་བྱུས་བཟོ་འགོད་པ། ད་ལྟ་ཐེ་པེའི་ཊམ་ཁང་སློབ་ཆེན་དུ་སློབ་ཁྲིད་གནང་བཞིན་པའི་ལིན་ཆིན་ཕོང་གིས་གཙོ་བོ་ཤིན་ཅིན་ཕིན་ལ་རང་ཉིད་ཀྱི་དབང་ཆ་སྲ་བརྟན་ལ་སྤོབས་པ་ཡོད་མེད་ལ་ཐུག་ཡོད་པ་རེད་ཅེས་བརྗོད་ཡོད་ལ།

ལིན་གྱིས་གང་ལྟར་ཡང་བོད་ཙམ་མ་ཟད་ཤིན་ཅང་ལའང་སྔར་ལས་གུ་ཡངས་བའི་སྲིད་བྱུས་ཤིག་བཟོ་ངེས་རེད་ཅེས་ཁ་སྣོན་བྱས། པེ་ཅིན་ལ་རང་བཙན་རྩོད་ཀྱིན་པའི་མང་གཙོའི་གླིང་ཕྲན་ཐེ་ཝན་ནི་བོད་དང་ལྷན་དུ་འདུམ་འགྲིག་བྱེད་པའི་མིག་དཔེ་ཡིན་ཡང་སྲིད། རྒྱ་ནག་གི་འགོ་ཁྲིད་མི་རབས་རེ་རེས་མི་རབས་སྔོན་མ་དག་གི་སྐབས་ནས་ལྷག་པའི་དཀའ་ཁག་དག་ངེས་པར་དུ་སེལ་དགོས་འདུག་ཅེས་འགོ་ཁྲིད་དང་འབྲེལ་ཡོད་བརྒྱུད་ལམ་ཞིག་གིས་ལབ་འདུག་ལ། ཧོའུ་ཡི་དེ་ཐེ་ཝན་རེད། འབྲེལ་ཡོད་ཀྱིས་ཁ་སྣོན་བྱས། ཧོའུ་ལ་ཆ་མཚོན་ན་ཁོང་གི་འགོ་ཁྲིད་གོང་མ་ཅང་ཙི་མིན་གྱིས་སྤྱི་ལོ་༡༩༩༦ལོར་ཐད་ཀའི་སྲིད་འཛིན་འོས་འདེམས་ཐོག་མ་འགྲོ་བཞིན་པའི་ཁྲོད་དམག་འཐབ་རྩེད་མོ་དང་ལྷན་དུ་སྡིགས་ར་སྐུལ་བའི་རྗེས་ནས་གླིང་ཕྲན་བཅོས་བསྒྱུར་ནི་བློ་རྩེ་གཉིས་སུ་གྱུར་ཡོད། ཤིས་ལ་མཚོན་ན་ཁོའི་ཕྲག་ཏུ་བབས་པ་བོད་རེད་གནས་ཚུལ་ཐོན་ཁུངས་ཀྱིས་ཁ་སྣོན་བྱས། ཤིས་ཀྱིས་བོད་ལ་སྲིད་ཇུས་མི་འདྲ་བ་ཞིག་འཛིན་སྲིད་ཀྱི་རེད་དམ་ཞེས་དྲིས་པར། བོད་དུ་བྱ་བ་བསྒྲུབས་མྱོང་བའི་གཞུང་ཞབས་རྒན་ཡོལ་ཞིག་གིས་བསམ་བློ་གསར་བ་དགོས་ངེས་རེད་ལ། ཤིས་ཀྱིས་དཀའ་ངལ་ཏན་ཏན་ཤེས་ཀྱི་ཡོད་རེད་ཟེར།

གཞུང་གིས་འགྲོ་གྲོན་མང་པོ་མང་པོ་ཞིག་བཏང་ནས་བདེ་སྲུང་སྔར་ལས་ཀྱང་ལྷག་ཏུ་བཏང་པ་དེས་བོད་ནང་བརྟན་བརླིང་ཡོང་བ་བྱེད་ཐུབ་ཀྱི་མེད་པ་རེད། གཞུང་ཞབས་པས་བཤད་རྒྱུར། རྒྱ་ནག་ལ་མཚོན་ན་སྤྱི་ལོ་༢༠༠༦ལོར་རྒྱ་ནག་གི་ས་ཆ་ལྷག་མ་དག་ལ་སྦྲེལ་བའི་མེ་འཁོར་ལྕགས་ལམ་སྒོ་འབྱེད་དང་ཟིང་འཁྲུག་ལངས་ས་དག་ལ་དྲག་ཆས་འགྲེམ་འཇོག་གིས་མཚོན་པའི་བོད་ཡར་རྒྱས་ཀྱི་ཆེད་དུ་རྒྱ་སྒོར་ཕྱེ་བ་མང་པོ་བཏང་བ་རེད་ཟེར། གཞུང་ཞབས་པས་གནོན་ཤུགས་ཆེ་བའི་སྲིད་ཇུས་ཀྱིས་དུས་གཏན་དུ་རྒྱུན་མཐུད་མི་ཐུབ་ཟེར་བ་དང་དྲི་བ་དང་ཁ་སྣོན་འདི་དག་ཁོ་རང་ཉིད་ཀྱི་བསམ་ཚུལ་ཙམ་ལ་ངོས་བཟུང་ན་ག་ལ་འགྲིག
ཤོག་ཤོ་བྲང་ལ་གཏད་དེ་བཟུང་བ། ཤིས་ཀྱིས་རང་གི་ཤོག་ཤོ་རང་ཉིད་ཀྱི་བྲང་ལ་གཏད་དེ་རྩེས་བ་དང་ཁོང་གི་སྲིད་ཇུས་ཀྱི་སྐོར་ནས་དམངས་ཡོངས་ཀྱིས་ཤེས་པ་ནི་ཉུང་ཙམ་ལ། ཧོའུ་ལྟར་ཁོ་ཡང་ཆབ་སྲིད་མཁྲེགས་འཛིོན་པ་ཞིག་མི་བྱ་ཞིང་ཁོས་ཐོག་མ་ནས་གཅིག་གྱུར་གྱིས་མང་མོས་དབང་བསྒྱུར་བྱ་ངེས་རེད། གལ་སྲིད་ཧོའུ་དམག་གཙོ་ལྟར་བསྡད་ཡོད་ཚེ་ཁོས་སྲིད་ཇུས་མང་ཆེ་བའི་དབང་ཆ་མུ་མཐུད་ནས་བཟུང་ཡོད་སྲིད། འོན་ཀྱང་དེ་ནི་བཀག་སྡོམ་ལ་རྒྱབ་འགལ་བྱེད་པ་དང་མིོ་འདྲ་བ་ཞིག་རེད། འབྲེལ་ཡོད་འགོ་ཁྲིད་ཀྱི་བརྒྱུད་ལམ་གཉིས་པ་ཞིག་གིས་ཧོའུ་ནི་བར་སྡུམ་ཞིག་གི་འགོག་རྐྱེན་བྱ་མི་སྲིད་ཅེས་བརྗོད་འདུག
.

ཐོག་མར་ཧོའུ་ཡིས་བོད་པའི་རིག་གཞུང་སྲུང་སྐྱོབ་ཅེས་པའི་བཀའ་ཁྱབ་བཏང་བ་བརྒྱུད་ནས་ཁོང་གི་སྤྱི་ལོ་༡༩༨༩ལོར་བོད་ནང་གི་དུས་ཟིང་ཞི་འཇགས་གཏན་འབེབས་འཆར་འགོད་འགྲེམ་སྤེལ་གྱི་ཐབས་ལམ་བཙལ། འོན་ཀྱང་སྤྱི་ལོ་༢༠༠༠ལོའི་འགོ་སྟོད་དུ་ཏཱ་ལའི་བླ་མས་རྒྱ་ནག་རིག་གཞུང་རྩ་གཏོར་བྱེད་མཁན་དུ་སྐྱོན་བརྗོད་བྱས་པ་དེ་ལ་ཧ་ལས་སོང་པ་རེད། རྒྱ་ནག་བོད་ནང་ཁོང་ཚོའི་ལྕགས་ཀྱི་ཁུ་ཚུར་ལྟར་དྲིལ་བའི་ཁྲིམས་ལ་རྒྱབ་རྟེན་བྱས་ཡོད་ཅེས་སྤྱི་ལོ་༡༩༥༠བར་དང་སྤྱི་ལོ་༡༩༥༩ལོར་དམར་དམག་གི་ཞི་བའི་བཅིངས་གྲོལ་དང་དམངས་གཙོ་བཅོས་བསྒྱུར་ངོ་སྤྲོད་བཅས་ཀྱི་སྐབས་སུ་ཉམ་ཐག་དབུལ་ཕོང་དང་བྲན་གཡོག་བཀོད་སྤྱོད་ཀྱི་གདུག་རྩུབ། དཔལ་འབྱོར་གྱི་ཡོང་ཁུངས་མེད་པ་བཅས་ཀྱི་སྡུག་བསྔལ་མྱངས་པའི་ས་ཁུལ་ཁག་ཏུ་བརྗོད་ལ། བོད་མི་ཞི་རྒོལ་བ་ཚོས་ཆུ་ལོག་རྒྱུག་པ་ལྟར་རང་ལུས་མེར་སྲེག་དང་ངོ་རྒོལ་བྱས་ཏེ་ཚབས་ཆེའི་དྲག་གནོན་བྱེད་དགོས་པར་གཏུགས་པའི་རྗེས་ཀྱི་ལོ་འདི་དག་གི་རིང་གནད་དོན་ཤིན་ཏུ་ཛ་དྲག་པའི་གནས་སུ་སླེབས་ཡོད་ཅིང་། སྤྱི་ལོ་༢༠༠༩ནས་བོད་མི་ང་གཅིག་གིས་རང་ལུས་མཆོད་མེར་ཕུལ་ཡོད།
ཏཱ་ལའི་བླ་མ་བཙན་བྱོལ་དུ་སྐུ་གཤེགས་པའི་གནས་ཚུལ་ལྷག་ཚེ་བཙན་བྱོལ་ནང་གི་རང་བཙན་སྐད་འབོད་བྱེད་མཁན་གྱི་གཞོན་སྐྱེས་རྣམས་ཡར་ལངས་ཡོང་བ་དང་རྒྱ་ནག་མངའ་འོག་ཏུ་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་ཁོང་གི་ལམ་དབུ་མར་རྒྱབ་སྐྱོར་ཞུ་མཁན་རྣམས་ཞུམ་ངེས།

དེ་ཡིས་བོད་མི་རྣམས་རྒྱ་ནག་གི་སྲིད་ཇུས་ལ་བློ་གཏོད་མ་ཐུབ་པར་གཅིག་སྒྲིལ་གྱི་གནས་བབ་ཅིག་བཟོ་ངེས་ལ་འགོ་ཁྲིད་ཀྱི་དམིགས་ཡུལ་ཐད་ནས་སྟོང་ཆ་ཞིག་ཀྱང་ལྷག་ངེས། བོད་དོན་མཁས་པ་དང་རྩོམ་པ་པོ། ཏཱ་ལའི་བླ་མར་ཐེངས་མང་པོར་མཇལ་མྱོང་མཁན་ཝང་ལིའི་ཞུང་གིས་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་ཀྱི་རྩ་དོན་ནི་ཏཱ་ལའི་བླ་མ་སྐུ་གཤེགས་རྗེས་རང་བཞིན་གྱིས་ཐག་ཆོད་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད་རེད་ཟེར་ལ། ཝང་གིས་དེའི་ཚབ་ཏུ་ཏཱ་ལའི་བླ་མ་སྐུ་གཤེགས་པའི་དོན་རྐྱེན་གྱིས་གཞི་རྒྱ་ཆེ་བའི་གྱེན་ལངས་དང་ཟིང་འཁྲུག་བསླང་ངེས་ཞེས་ཀ་སྣོན་བྱས།

སེམས་རྒྱུན་ལྡན་ལྟར་གནས་དགོས།
པེ་ཅིན་རྒྱལ་སྤྱིའི་རྩེད་འགྲན་གྱི་སྔོན་ལ་སྤྱི་ལོ་༢༠༠༨ལོར་བོད་ནང་ལངས་པའི་ཟིང་འཁྲུག་དང་དེའི་རྗེས་ཀྱི་དྲག་གནོན་བཅས་རང་མེར་སྲེག་གི་འབྱུང་རྐྱེན་དུ་གྱུར་དེ་ཡིས་གཅིག་བྱས་ན་ཧོའུ་ཡིས་བོད་ཀྱི་ཐོག་ལ་མགོ་མཇུག་རྟིང་སློག་གི་རྒྱ་ནག་གི་དཀའ་ཁག་ཆེ་བའི་སྲིད་ཇུས་གང་རུང་ཞིག་ལག་བསྟར་བྱ་རྒྱུ་སྔོན་འགོག་བྱས་ཡོད་ཀྱང་སྲིད། ཟིང་འཁྲུག་ལངས་བཞིན་པའི་སྐབས་སུ་ཤིས་ཀྱིས་ང་ཚོས་སེམས་ཁམས་རྒྱུན་ལྡན་ལྟར་གནས་དགོས་ཞེས་བསམ་ཚུལ་བཏོན་ཡོད་ལ། གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུའི་མཛད་པ་གང་དང་ཡང་མི་མཐུན་པའི་སྐྱོན་བརྗོད་ཅིག་བྱུང་བ་ནི་ས་གནས་དམར་ཤོག་ཚོགས་པའི་འགོ་གཙོ་ཀྲང་ཆིན་ལིན་གྱིས་སྤྱི་ལོ་༡༩༨༩ལོའི་ནོ་བྷེལ་ཞི་བདེ་ཐོབ་མཁན་དུ་འབོད་པ། གྲྭ་ཆས་གྱོན་པའི་སྤྱང་ཀི མི་ཡི་གདོང་ལ་འདྲེ་ཡི་སེམས་ཞུགས་མཁན་ཞེས་པ་བརྗོད་པ་དེ་རེད། དེའང་ཀྲང་ཁོ་ན་མིན་པར་རྒྱ་ནག་དམར་ཤོག་ཚོགས་མི་དང་གཞུང་ཞབས་པ། དམག་མི། ལས་བྱེད།་མི་མང་དཀྱུས་མ་མང་པོས་སྤྱི་ལོ་༢༠༠༨ལོའི་ཟིང་འཁྲུག་ནི་རྩེད་འགྲན་གྱི་སྔོན་ལ་བོད་རྒྱ་ནག་དང་ཁ་བྲལ་ཏེ་པེ་ཅིན་གདོན་གཟུགས་ལྟར་བཟོ་རྒྱུའི་ནུབ་ཕྱོགས་པའི་ཇུས་ངན་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད་པ་རེད། འོན་ཀྱང་ཁོང་ཁྲོ་ཆེན་པོ་དེ་ཅུང་ཞི་འཇགས་ཀྱིས་མངོན་དགོས་སོང་བ་རེད།

ཧོའུ་ཡིས་བོད་སྐད་བཤད་ཅིང་རྒྱ་ནག་གི་གཞུང་ཞབས་ཁྲོད་དང་ཏང་གི་ནང་དུ་ཆེས་དཀོན་པའི་མི་ཞིག་སྟེ་ཁོང་གི་ཆེས་བློ་ཐག་ཉེ་བའི་མཐུན་ཕྱོགས་ནང་སོག་འགོ་བ་ཧོའུ་ཆིན་ཧཱ་གོ་གནས་ཇེ་མཐོར་གཏོང་བཞིན་ཡོད་པ་དང་། ལས་ངལ་གསོས་པའི་རྗེས་སུ་ལྷན་པ་དེ་ཚད་དམའ་བོ་ཞིག་ཏུ་རང་སོར་འཇོག་དགོས་ཤིང་། ཧོའུ་གཉིས་ལ་འབྲེལ་བའང་མེད་ཅེས་རང་དབང་གི་བརྒྱུད་ལམ་གཉིས་སུ་བརྗོད་ཡོད་ལ། རྟགས་མཚན་ཞིག་ལ་ཏང་གིས་སྐབས་མང་པོར་སྲིད་ཇུས་དང་ཐག་གཅོད་ངན་པའི་མགོ་མཇུག་སློག་འདོད་སྲིད་ཅིང་། ཉེ་ཆར་བློ་རྒྱ་ཡངས་བའི་ཤེས་ཡོན་ཅན་ཚོར་རྡུང་རྡེག་བཏང་པ་དང་དེའང་བོད་ཀྱི་ནང་པའི་དགོན་སྡེ་ཁག་གི་ནང་མོའོ་དང་གཙོ་འཛིན་གཞན་དག་གི་འདྲ་པར་བཤམས་དགོས་པར་བཙན་བཀའ་གཏོང་བའི་ཆེད་ཕྱི་བསྣུར་བྱས་ཡོད་ཅེས་ས་གནས་ལས་བྱེད་ཚོས་བརྗོད་ཀྱིན་ཡོད། ཤིས་ཀྱིས་ཏཱ་ལའི་བླ་མའི་སྐུ་ཚབ་དག་གི་ལྷན་དུ་འབྲེལ་མོལ་བསྐྱར་གསོ་བྱས་ན་ཤོར་བ་ལས་ཐོབ་པ་མང་སྲིད། འོན་ཀྱང་འདི་ནི་མགྱོགས་པོེར་ཡོང་མི་སྲིད་པ་ཞིག་གོ། གཅིག་བྱས་ན་ཁོང་ཚོས་ཁེ་ཕན་ཧ་ཅང་ཆུང་བའི་གོམ་པ་སྤོ་སྲིད་མོད། ཁོང་ཚོས་གོམ་པ་ཆེན་པོ་སྤོ་མི་བཏུབ་ཅེས་ཐེ་ཝན་གནས་སྡོད་ཤེས་ཡོན་ཅན་ཞིག་གིས་གསུངས་ཡོད།

དཀའ་སྡུག་མང་པོ་མདུན་དུ་ལྷག་ཡོད།

ཀོ་ལིམ་བྷི་ཡ་སློབ་ཆེན་གྱི་བོད་རིག་པ་བ་རོ་བྷེ བར་ནེ་ཁྲི་ཡིས་འབྲེལ་མོལ་གྱི་བྱ་བ་དུས་ནམ་ཞིག་ཡིན་རུང་བསྐྱར་གསོ་བྱས་ཆོག་ཆོག་རེད་མོད་ང་ཚོས་མི་ཤེས། ང་ཚོས་ད་ལྟའི་དུས་འདིར་དེ་ནི་ཧ་ཅང་དགག་ཕྱོགས་ཤིག་ཏུ་མཐོང་གི་ཡོད་བཞིན་དུ་ཕྱིར་བསྒྲགས་བྱ་མི་ཉན་ཞེས་ཁ་པར་བརྒྱུད་ནས་བཅར་འདྲི་བྱེད་སྐབས་བརྗོད་ཡོད་ལ། ཁོས་རང་ཉིད་མཁྲེགས་མདོག་སྟོན་སྲིད་མོད། ཤིས་ལ་མཚོན་ན་དེ་ལྟར་བྱ་རྒྱུ་ཅུང་ཁག་པོ་རེད། ཁོ་ལ་མཁྲེགས་འཛིན་བྱེད་མཁན་དག་གིས་སྐྱོན་བརྗོད་བྱེད་པའི་ཉེན་ཁ་ཆེ་བས། ཁོ་ལ་དེ་ཅུང་རྙོག་དྲ་ཆགས་ཡོད། འོན་ཀྱང་། རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བློ་ཅི་ལྟར་གཏོང་གིན་ཡོད་དམ་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་རོ་བྷིར་ཁྲི ལོ་རན་སི་ཡིས་དེ་ལས་ཀྱང་རེ་བ་ཕུག་ལ་བཅོལ་ཡོད།

ཁོ་ནི་ལག་ལེན་དང་ཉམས་མྱོང་། གནས་ཚུལ་བཅས་ལ་བསྟུན་མཁན་གྱི་མི་ཞིག་ཡིན་ཞེས་ཤིས་དང་ཐེངས་དྲུག་ལ་མཇལ་འཕྲད་བྱས་པའི་ཀོའི་ཧན་གྱིས་བརྗོད་རྒྱུར། ངས་ཁོ་ལ་འདི་ང་རང་ཉིད་ལ་གལ་ཆེན་པོ་རེད་སྙམ་པའི་རང་ཉིད་ཀྱི་ཆེད་དུ་རང་འདོད་ཤུགས་དྲག་ཅིག་ཡོད་རེད་མི་བསམ། མི་མང་པོ་ཁོའི་མཐའ་ལ་རུབ་ཆོག་ངེས་རེད་ཟེར།

ཏཱ་ལའི་བླ་མ་མཆོག་གིས་ཤིས་ཀྱིས་རྒྱ་ནག་སྐྱིལ་ཆུ་ཞིག་ལས་དཔལ་འབྱོར་གྱི་གློག་འདོན་ས་ཚིགས་ཤིག་ཏུ་བསྒྱུར་བའི་སྤྱི་ལོ་༡༩༧༠རྗེས་ཀྱི་ཏིན་ཞོ་ཕིན་གྱི་ཁྲོམ་རའི་བཅོས་བསྒྱུར་དྲིལ་བསྒྲགས་དང་འདྲ་བར་བོད་ཐོག་སྔར་ལས་གུ་ཡངས་པ་དང་དངོས་ཡོད་གནས་ཚུལ་གཞི་ལ་འཛིན་པའི་རེ་བ་ཡོད་ཅེས་གསུངས་ཡོད། ལོ་ལྔ་བཅུ་ལྷག་གི་རིང་ལ་པེ་ཅིན་དང་མཉམ་དུ་འཐབ་རྩོད་བྱས་པའི་རྗེས་ལ་ཏཱ་ལའི་བླ་མར་དོགས་པ་ཆེ་ཡང་རེ་བས་ཁེངས་འདུག ཁོང་གིས་སྟོན་པའི་ཐང་ཀ་དང་གན་དྷི་ཡི་སྐུ་སྟོད་སྐུ་བརྙན་བཅས་ཀྱིས་བཀོད་བཤམས་བྱས་པའི་ཁོང་གི་མཇལ་འཕྲད་ཁང་དུ་ངས་ཏག་ཏག་ཅིག་ལབ་མི་ཐུབ། འོན་ཀྱང་། རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་བཤད་པར་གཞི་བཞག་ན། ཁོང་ཚོས་ཡོང་འགྱུར་གྱི་འགོ་ཁྲིད་གསར་བ་སྔར་ལས་གུ་ཡངས་པོ་ཟེར་ཞེས་གསུངས་པ་རེད།

ཁོང་གིས་གུང་ཁྲན་ཏང་གི་འགོ་ཁྲིད་མཐོ་བ་རྣམས་དང་འབྲེལ་བ་ཡོད་ཟེར་མཁན་གྱི་མི་ཚུད་པའི་མི་རྒྱ་ནག་ནས་རྡ་རམ་ས་ལར་ཡོང་མཁན་གྱི་ཆུ་རྒྱུན་ཞིག་ཡོད་ལ། འདི་དག་ནི་བློ་སྟོབས་འཕེལ་བའི་རྟགས་མཚན་རེད་ཅེས་བརྗོད་པ་དང་། གཞུང་འབྲེལ་གྱི་སྐད་ཆ་མིན་ཡང་། རྒྱ་ནག་གི་གཞུང་འབྲེལ་གྱི་དཔོན་པོ་མཐོན་པོ་དག་གི་ཁྲོད་ནའང་འདི་འདྲའི་རྟགས་མཚན་ཡོད་ཅེས་ཀྱང་བརྗོད་ཡོད། བོད་མི་སྐྱབས་བཅོལ་བ་ཚོས་དེ་ལས་གཞན་ཤིས་ཀྱི་བཟའ་ཟླ་ནང་པ་ཡིན་པ་དང་ཁོང་ཀྲེ་ཅིང་ཞིང་ཆེན་གྱི་དམར་ཤོག་ཚོགས་གཙོ་ཡིན་སྐབས་མངའ་སྡེའི་རྒྱལ་ས་རུ་ཆེས་ཐོག་མའི་འཛམ་གླིང་ནང་པའི་འདུན་སའི་འགོ་འཛིན་མཛད་དེ་སྤྱི་ལོ་༢༠༠༦ལོར་རང་གི་ལམ་ཚད་བརྒལ་ཡོད་པ་བཅས་ཤིས་ཀྱིས་བོད་ཐོག་གུ་ཡངས་བ་བྱེད་པའི་རྟགས་མཚན་ཆུང་ཆུང་མང་པོ་མཐོང་གི་ཡོད། ཨ་རིའི་ཕྱི་འབྲེལ་མི་སྣ་རབས་ཤིག་གིས་ལོ་སྔོན་མར་གསོག་འཇོག་དང་པར་སྐྲུན་བྱས་པའི་བེ་ཀི་ལི་ཀིར་སི་ཞེས་པར་ཏཱ་ལའི་བླ་མ་རྒན་རབས་པ་ཤིས་ལ་བརྩེ་བ་ཆེན་པོ་ཡོད་ལ། དེ་ཡིས་ཤིས་ཆུང་བ་ཡང་ཁོང་གི་མི་ཚེའི་སྟོད་ཀྱི་སྐབས་ཤིག་ལ་ནང་པའི་གསང་བའི་སྒྲུབ་ཆོས་ཉམས་ལེན་ཅུང་ཙམ་བྱེད་དགོས་བྱུང་བ་རེད་ཅེས་བརྗོད་འདུག

ལོ་སྔོན་མའི་ཟླ་བདུན་པའི་ནང་ཤིས་བོད་དུ་ལྟ་སྐོར་ལ་སོང་བ་དང་ཏཱ་ལའི་ཁ་བྲལ་བ་ལ་དྲག་གནོན་དང་། ཕྱོག་ཡོངས་ནས་རྒྱལ་ཁབ་གཅིག་སྒྲིལ་ལ་ཉེན་ཁ་བཟོ་བ་དང་བོད་ཀྱི་བརྟན་བརླིང་ལ་གཏོར་བརླག་ངན་ཇུས་བཤམས་མཁན་ཕམ་པར་བརྒྱག་རྒྱུའི་ཁས་ལེན་བྱས། འོན་ཀྱང་། པེ་ཅིན་གྱི་ནུབ་ཕྱོགས་དོན་གཅོད་ཅིག་གིས་འདི་ནི་སྐད་ཆའི་དར་ཆ་ཞིག་རེད་ལ་མཁྲེགས་འཛིན་གྱི་དོན་དུ་བཀྲལ་མི་རུང་ཞིང་། ཏཱ་ལའི་བླ་མ་འགྲིག་འདུག་ལབ་ན་སུ་ལའང་བྱ་དགའ་རེག་གི་མ་རེད་ཅེས་བརྗོད་དེ་དོགས་སློང་བྱས་འདུག རེད་དེ། བཙན་བྱོལ་བ་མང་པོ་ཞིག་དོགས་པས་ཁེངས་ཡོད།

ཏཱ་ལའི་བླ་མའི་ཚ་བོ་མཁས་གྲུབ་དོན་གྲུབ་ཁོང་གི་ཕ་རྒན་རྒྱལ་ལོ་དོན་གྲུབ་ཏཱ་ལའི་བླ་མའི་གཞུང་འབྲེལ་མ་ཡིན་པའི་སྐུ་ཚབ་ཏུ་རྒྱ་ནག་ལ་འགྲོ་བའི་མཉམ་དུ་རྒྱ་ནག་ལ་ཐེངས་བཅུ་གྲངས་ལས་ལྷག་སོང་མྱོང་བ་ཁོང་གིས་ངས་ཤིས་ཆུང་བས་ཁོའི་ཨ་ཕ་ལྟར་བྱེད་པའི་རེ་བ་བྱེད་ཀྱི་མེད། གང་ཡིན་ཟེར་ན་ཁོས་ཁྱོན་ཡོངས་ནས་མི་འདྲ་བའི་གནས་སྟངས་ཤིག་ལ་གདོང་ལེན་བྱེད་པ་རེད། འོན་ཀྱང་། ཧོའུ་ཅིན་ཐོ་དང་མི་འདྲ་བ་ཞིག་བྱེད་པའི་རེ་བ་ཡོད་ཅེས་བརྗོད་འདུག་ལ། ཡང་ཏཱ་ལའི་བླ་མའི་ཚ་བོ་དང་ཁོང་གི་དྲུང་ཡིག་བསྟན་འཛིན་སྟག་ལྷ་ཡིས་བརྗོད་རྒྱུར་དེ་དོན་སྙིང་ལྡན་པ་ཞིག་མི་འབྱུང་ཡང་འཛམ་གླིང་ལ་སྒོ་བསྐྱར་དུ་ཕྱེ་བ་ཙམ་སྟོན་པ་རེད་ཅེས་བརྗོད་ཡོད། ཏཱ་ལའི་བླ་མས་ཀྱང་གལ་སྲིད་ཤིས་ལ་ཁོང་གི་ཨ་ཕ་ལྟ་བུའི་ཡིད་རྟོན་འདུན་པ་ཞིག་བདོག་ཚེ་པེ་ཅིན་གྱིས་མ་འོངས་པར་བོད་ཐོག་གུ་ཡངས་བྱེད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་བཅོས་སྒྱུར་བྱེད་མཁན་རྣམས་སྐབས་རེར་དམར་ཤོག་ཚོགས་པའི་ནང་ཡུན་རིང་པོར་སྡོད་མི་ཐུབ་ཚུལ་ཡང་གསུངས་ཡོད། དངོས་ཡོད་ལ་གཞི་འཛུགས་མཁན་གྱི་མི་རྣམས་སྐབས་རེར་མི་ཚེ་ཐུང་ཐུང་ཞིག་ལས་ཡོང་གི་མེད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to རྒྱ་ནག་གི་འགོ་ཁྲིད་རྗེས་མར་བོད་ལ་ལྟ་སྟངས་ཡག་པོ་ཞིག་ཡོད་དམ།

  1. བསོད་ནམས་རྒྱལ་ ནས།

    (བཙན་བྱོལ་བོད་མིའི་དབུ་ཁྲིད་མཆོག་)སྐབས་ཤིག་ལ་ཐེངས་རྗེས་མའི་རྒྱ་ནག་གི་སྲིད་འཛིན་དུ་འཁེལ་ཡོད་པའི་ཞིན་ཅིན་ཕིན་གྱི་ཨ་ཕར་དམིགས་བསལ་འབྲེལ་བ་བྱུང་ཡོད།།
    ་་
    སྐབས་འདིའི་་་་བཙན་བྱོལ་བོད་མིའི་དབུ་ཁྲིད་མཆོག་་་་འདི་བཙན་བྱོལ་བོད་མའི་དབུ་ཁྲིད་སུ་ཞིག་ལ་གོ་བཞིན་ཡོད་དམ། གལ་སྲིད་མཁས་དབང་བློ་བཟང་སེང་གེ་ཡིན་ན། ་་བཙན་བྱོལ་བོད་མིའི་སྲིད་སྐྱོང་བ་མཆོག་ཟེར་ན་རེད་སྙམ།

    མིག་སྟོབ་མཁན་ཚོར་ཐུགས་རྗེ་ཆེ།

  2. སྦྱིན་པ(ཇ་མ) ནས།

    ཞི་ཅིན་ཕེན་རྒྱ་ནག་གི་འགོ་ཁྲིད་ལ་བཞག་པ་ཡིན་ནའང་བོད་དོན་ལ་དམིགས་བསལ་གནས་སྟངས་ཡག་པོར་འགྲོ་བའི་རེ་བ་ཆེན་པོ་ཡོད་མི་སྲིད། གང་ཡིན་ཟེར་ན། ཁོ་ལ་ཏིན་ཞོ་ཕེན་ལྟ་བུའི་དབང་ཆ་ཆེན་པོ་ཞིག་རྩ་བ་ནས་མེད་པས་སོ།། །།

    དྲ་བདག་ལགས། ངའི་མཆན་མིང་འདི་མི་བརྗེ་བར་གནང་། གལ་སྲིད་ངའི་མིང་ཇ་མ་འདི་ཁྱེད་ཚོའི་དྲ་ངོར་མི་འཛའ་ན། ངའི་མཆན་མཚམས་འཇོག་ངེས་ཡིན་ལགས།

  3. བསོད་ནམས་རྒྱལ་ལགས།

    བཙན་བྱོལ་བོད་མིའི་ཆོས་ཀྱི་དབུ་འཁྲིད་མཆོག་རེད་འདུག ང་ཚོས་ནོར་འཁྲུལ་ཤོར་འདུག བསམ་ཚུལ་གནང་བར་བཀའ་དྲིན་ཆེ། དེ་ལྟར་བཅོས་ཡོད།

    སྐར་ཁུང་རྩོམ་སྒྲིག་པས།
    http://www.karkhung.com
    karkhungeditor@gmail.com

  4. ཐེ་བོ་ཤེས་རབ་རྒྱ་མཚོ་ ནས།

    བཀླགས་ཟིན། འདིའི་ཐད་ང་ལ་རྒྱུན་དུ་བསམ་ཚུལ་ཞིག་ཡོད་པས་གཞན་ཞིག་ཏུ་སྤེལ་ཆོག

Write a Reply or Comment

Your email address will not be published. Required fields are marked *

*