བོད་བསྐྱོད་མཐོང་ཐོས། (ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཚུང་ཀྲིག

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཞིབ་བཤེར་ཁང་གི་ཆག་སྒོ།

ཡུལ་བསྐོར་གྱི་ལམ་བར་དུ་དྲག་ཆས་ཉེན་རྟོག་པས་ཐུགས་རྗེ་ཆེ་ཟེར་བ་དེ་ཡང་དང་ཡང་དུ་ཐོས་བྱུང་། ལྷ་སའི་ནུབ་ཕྱོགས་ཀྱི་སྟོད་ལུང་བདེ་ཆེན་རྫོང་གི་ཞིབ་བཤེར་ཁང་ཞིག་ཏུ། དེ་ནི་བྱིས་པའི་གདོང་དབྱིབས་དང་འདྲ་བའི་བོད་མི་དྲག་ཆས་ཉེན་རྟོག་པ་ཞིག་རེད། གུས་ཞབས་ཀྱི་ངང་ནས་ཐོབ་ཐང་ལག་འཁྱེར་ལ་ཞིབ་བཤེར་བྱེད་ཀྱི་ཡོད། མགོ་མཇུག་ཀུན་ཏུ་འཛུམ་མདངས་མི་གློད། འོན་ཀྱང་། ཁོང་གི་ལག་པ་གཞན་པར་གནོན་མཐུད་མེ་མདའ་མདེའུའི་ཤུབས་ནང་དུ་ཡོད་པ་ཞིག་ཉར་འདུག ཁོང་གི་རྒྱབ་ལོགས་ཀྱི་རྒྱ་མི་དྲག་ཆས་ཉེན་རྟོག་པ་དེ་དེ་བས་ཀྱང་ལོ་ན་ཆུང་། མཚོན་ཆ་ཅི་ཡང་ཉར་མེད། ལག་པ་ནས་འཆོར་ཐབས་མེད་པའི་རྣམ་པ་ཞིག་འདུག་པ་སྟེ་བལྟས་ནས་ཞིབ་བཤེར་བྱེད་ཀྱི་འདུག ཁ་ལོ་བ་གཅིག་གིས་སྐད་ཆ་མཚམས་མ་བཞག་གོང་ལ་སྣེ་བཤམས་པས་གླེང་རྒྱུར། ཞིབ་བཤེར་ཁང་དུ་དོན་དག་ཆེན་པོ་ཞིག་བྱུང་འདུག ཟླ་སྔོན་མར་འདམ་གཞུང་༼ལྷ་སའི་བྱང་ཕྱོགས།༽གི་འབྲོག་པ་ཞིག་གིས་རང་གི་ཨ་ཕ་ན་ནས་བྲེལ་འཚུབ་ཀྱིས་རླངས་འཁོར་བཏང་སྟེ་ལྷ་སའི་སྨན་ཁང་དུ་སྟོན་དགོས་བསམས། ཐོབ་ཐང་ལག་འཁྱེར་འཁྱེར་རྒྱུ་བརྗེད་ནས་ཞིབ་བཤེར་ཁང་དུ་དེ་ལ་ངོས་ལེན་མེད་པར་ཨ་ཕ་དབུགས་ཆད་ནས་དུས་ཚོད་གསུམ་ལྷག་འགོར་རྗེས་སྨན་ཁང་དུ་འཁྱེར་ཡང་།སྨན་བཅོས་བྱ་ཐབས་བྲལ། འབྲོག་མི་དེ་ཁོང་ཁྲོའི་དབང་གིས་དྲན་དབང་ཉམས་ནས་དོན་དག་དེའི་རྗེས་སུ་ཞིབ་བཤེར་ཁང་དུ་ལོག་ནས་དྲག་ཆས་ཉེན་རྟོག་པས་ངན་གསོད་བཏང་བ་རེད། འདི་འདྲའི་ཞིབ་བཤེར་ཁང་གིས་མི་ལ་ལམ་སང་ཞིབ་བཤེར་ཁང་ཞེས་པའི་ཨཱི་ཟཱི་རཱལ་གྱི་དངོས་མཚོན་གློག་བརྙན་དེ་ཡིད་ལ་འཁོར་དུ་བཅུག གཡུ་ལྡན་གཙང་བོའི་ནུབ་ངོས་ནས་བོད་བར་དུ། རིགས་འདྲ་བའི་མི་ཡུལ་གྱི་སྐྱོ་གར་ནི་བགྲང་གིས་མི་ལང་བ་ཞིག་རེད།

རྟག་བརྟན་གྱི་ཚངས་དབྱངས་རྒྱ་མཚོ།

དོན་རྐྱེན་གང་འདྲ་ཞིག་བྱུང་ཡང་།བོད་ལྗོངས་ནི་མི་ཡུལ་གྱི་ཆེས་མཛེས་པའི་གནས་མཆོག་ཅིག་ཡིན། ཐ་ན་ཤཱའོ་ཡཱང་གིས་ཀྱང་ངོས་ལེན་བྱེད། ལྷ་ས་གྲོང་ཁྱེར་གྱི་ནུབ་ཕྱོགས་སུ་གནས་སྡོད་བྱེད་མཁན་ཕལ་ཆེར་རྒྱ་རིགས་རེད། འཛུགས་བསྐྲུན་ནི་རྒྱ་ནག་ནང་ལོགས་ཀྱི་འཛུགས་བསྐྲུན་དང་བཟོ་བཀོད་ལ་ཁྱད་པར་ཆེར་མེད། ཁྱད་དུ་འཕགས་པ་ཞིག་རེད། གླིང་བསྐོར་དུ་གནའ་རྫས་རྩ་ཆེན་རེ་ལྷག་པའི་ལྷ་སའི་གྲོང་ཁྱེར་རྙིང་པ་སྟེ། བོད་ཀྱི་བཟོ་བཀོད་ལྡན་པའི་ཐོག་སོ་དང་རྒྱུན་ལྡན་གྱི་སྲང་ལམ། རྣམ་པར་བཀྲ་བའི་མེ་ཏོག་བཅས་ནི་ཡུལ་བསྐོར་བའི་ཆེས་དགའ་སར་གྱུར། གངས་ཅན་པ་དེབ་ཁང་ནི་གྲོང་ཁྱེར་རྙིང་པའི་ཕག་སྟེ་གྲུ་ཟུར་ཞིག་ན་ཡོད། བོད་པ་ཚོང་བདག་མ་ཁ་ཁུ་སིམ་པོ་འདུག ཕོ་གསར་དེ་ཅུང་ཁ་མཁས་ཤིག་རེད། ཀློག་པ་པོས་རྒྱལ་དབང་སྐུ་ཕྲེང་དྲུག་པའི་མགུར་གླུ་འཚོལ་བ་མཐོང་སྐབས། ཉེ་འཁྲིས་སུ་བཅར་ནས་དེ་དག་ངོ་སྤྲོད་བྱེད། དོན་དངོས་ཐོག་དེ་ནི་དུས་རབས་ཕྱི་མའི་རྒྱ་མིའི་བྲིས་རྩོམ་མདོག་བྱེད། དེབ་ཁང་དུ་བརྙན་སྡེར་གྱི་རིགས་མི་འདུག་པས་ང་རེ་ཐག་ཆད་བཅུག་སོང་། སྐབས་འདིར་ཚོང་བདག་མས་གསལ་བཤད་ཞུ་རྒྱུར། ང་ལ་mp3ཁ་ཤས་U་སྡེར་ནང་དུ་བཤུས་ཏེ་སྤྲད་ཆོག་ཟེར། ཚོང་བདག་མས་ང་ལ་གླུ་གཞས་ཉན་བཅུག་སོང་། བགྲང་གིས་མི་ལང་བའི་ཉིན་མོ་དེ་དག་ཏུ་ཞིང་བྲན་མགོ་རྟིང་སློག ཏང་ལ་གླུ་གཞས་ལེན་ཞེས་པའི་གླུ་གཞས་འདིའི་རིགས་ནི་རྣ་བར་ཐོས་པ་ཙམ་མིན་པར་འདིས་ང་ལ་གཡོ་འགུལ་ཐེངས་གཅིག་བསླངས། གླུ་གཞས་འདི་དག་ནི་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་གདངས་དབྱངས་བཟོས་པ་རེད། བོད་གཞས་ཤིག་ལོ་འགའི་ནང་དུ་བཙལ་ནས་མི་རེག་པ་ཡིད་ལ་དྲན་བྱུང་། ངས་ཚིག་འགའ་གདངས་ལ་འགུག་རྒྱུ་ཡིན། ཚོང་བདག་མས་ཉན་པར་འཚལ། མོས་ཐོས་མ་ཐག་བཤད་རྒྱུར། འདི་མེད། གཞས་པ་འདིར་ཕུར་བུ་རྣམ་རྒྱལ་ཟེར། བོད་ཕྱི་ལོགས་ཀྱི་རེད། བོད་ཕྱི་ལོགས་ཨེ། རྒྱ་གར་ཟེར་གྱི་ཡོད་དམ། རེད། འོ་ན་མོས་ད་ལྟ་རང་ང་ལ་བཤུས་པའི་གླུ་གཞས་དེ་བོད་ནང་ལོགས་ཀྱི་ཡིན་ནམ་ཕྱི་ལོགས་ཀྱི་ཡིན། ཚོང་བདག་མས་ང་ལ་ཐད་ཀར་ལན་གནང་མ་སོང་། སྐད་དམའ་མོས་བཤད་རྒྱུར། ཁྱོད་ལ་སྤྲད་པའི་གཞས་འདི་དག་རེག་ཧ་ཅང་ཁག་པོ་རེད།

མི་ཡུལ་ཀྱི་མཛེས་སྡུག

ཡུལ་བསྐོར་གྲུབ་རྗེས། ངས་ཡུལ་བསྐོར་འགྲིམས་པའི་དྲན་ཐོ་ཆ་ཚང་བོད་ལྗོངས་ཁ་ཁུ་སིམ་པའི་སྐར་མའི་གོ་ལ། ཞེས་པ་དེ་བོད་མི་གྲོགས་པོ་ཞིག་གི་ལག་ཏུ་བཞག་པ་ཡིན། དེབ་འདི་ནི་རྒྱ་ནག་ཏུ་བཀག་འགོག་བྱེད་ཀྱིན་པའི་དེབ་ཅིག་སྟེ་བརྩེ་གྲོགས་ཀྱི་སྙིང་སྟོབས་ཀྱིས་སྣེ་འཁྲིད་ཅིང་། གཞི་རྟེན་བླ་མས་བཟོས་པ་ཞིག་ཡིན་ལ། མཇུག་གི་གཏམ་དུ་བྲིས་ཡོད་པ་ནི་ཟིང་ཆའམ་རྩོད་གཞི་ཅི་འདྲ་ཞིག་བསླངས་ཀྱང་། ཀློག་པ་པོས་ང་ལ་མོས་མཐུན་བྱེད་པར་ཡིད་ཆེས་ཡོད་པ་སྟེ། བོད་ནི་མི་ཡུལ་གྱི་ཆེས་མཛེས་པའི་ས་ཆ་ཞིག་ཡིན། ངས་རྣམ་པ་ཀུན་ཏུ་ཡིད་ཆེས་ཐུབ། ཡུལ་བསྐོར་འདིས་སྐད་ཆ་ཚིག་དུམ་འདི་ར་སྤྲོད་བྱས་ཡོད།

༼རྩོམ་ཡིག་འདིའི་ནང་དུ་མིའི་མིང་དང་ཚོང་ཁང་གི་མིང་ལ་མིང་གཞན་བེད་སྤྱོད་བཏང་ཡོད།༽

ཀློག་པ་པོའི་ལན་སློག

ལྷ་ས་ནི་བོད་མིའི་གནས་མཆོག་ཡིན། དེང་སྐབས་ད་དུང་ཁོང་ཚོས་སེམས་ཚེགས་བྱེད་སའི་ས་ཆ་ཞིག་ཏུ་གྱུར་འདུག སྔོན་མར་བཙན་རྒྱལ་རིང་ལུགས་ཀྱིས་བཤད་རྒྱུར། རྒྱ་ནག་པ་དང་ཁྱི་ནང་དུ་འགྲོ་མི་ཆོག དེ་རིང་རྒྱ་ནག་གི་མི་དངོས་གནས་ཡར་ལངས་ཏེ། ཉུང་མཐར་ཡང་ང་ཚོས་བོད་མིའི་ལུས་སྟེང་དུ་འདི་འདྲའི་ཚོར་སྣང་རེག་ཐུབ། བོད་མི་དང་ཁྱི་ལྷ་སར་འགྲོ་མི་ཆོག མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདིས་བོད་ལྗོངས་ཡོངས་སུ་བསྐོར་ནས་མི་ལ་ལྟ་སྟངས་གསར་བ་ཞིག་བསྐྲུན་ཡོད། ཐ་ན་བོད་མིའི་འོད་སྟོང་འབར་བའི་དྲན་རྟེན་རྡོ་རིང་ཡང་བསྐོར་ནས་བཞག་ཡོད། གཞན་བོད་མིའི་དགོན་སྡེ་ཆ་ཚང་མངགས་གཏོང་ཉེན་རྟོག་སྡེ་ཁག་དང་ཏང་མིས་དོ་དམ་དང་ལྟ་རྟོག་འོག་ཚུད་ཡོད། མཱིན་རྒྱབས་རབས་ཀྱི་བཱི་ཀྲུང་ཤཱན་ནང་བཞིན་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་སྡེ་ཆེན་པོ་བཞིའི་འགོ་ཁྲིད་ཀྱང་དགོན་པར་འཛུལ་ནས་དགེ་བསྐོས་གོ་གནས་བཟུང་ཡོད། བོད་མིའི་དད་གུས་ལ་དང་ལེན་བྱ་སྲིད་དམ། རྒྱ་ནག ༢༠༡༢ལོ། ད་དུང་ངས་ཁྱོད་ལ་ཞབས་འདེགས་བསྒྲུབས་དགོས་པ་ལ་སོགས་པའི་གནས་སྟངས་ཁྲོད་ན་ཡོད། ——————ཆཱང་ཕཱའོ། ཐེ་ཝན།

རྩོམ་ཡིག་གི་གླེང་ཕྱོགས་ཧ་ཅང་ཤུགས་ཆེན་པོ་འདུག ལྟ་ཞིབ་ཀྱི་གནས་ཚད་ད་དུང་འདང་མི་འདུག བོད་དུ་ཏཱ་ལའི་བྲོས་བྱོལ་དུ་བྱིན་རྗེས། གནས་ཚུལ་འདྲ་མིན་འབྱུང་མཚམས་མི་ཆད། ཚང་མ་རྒྱ་ནག་གུང་ཁྲན་གྱིས་བཟོས་པ་རེད་ཟེར་བ་དེ་གང་དྲན་བཤད་པ་རེད། སྐྱོན་འཛུགས་མཁན་གྱིས་རྒྱུན་དུ་མུན་ནག་གི་ནང་དུ་བསྡད་དེ་རྒྱ་ནག་གུང་ཁྲན་གྱི་སྐྱག་ལག་གིས་བཟོས་པའི་ཟིང་ཆ་དེར་ཁྲེལ་དགོད་བྱེད་ཀྱི་ཡོད། དེ་བཞིན་དྲིལ་བསྒྲགས་ཀྱི་སྐད་ཆ་ནི་ནུབ་ཕྱོགས་ཀྱི་མི་བོད་དུ་བསྐྱོད་པའི་གྲངས་ཚད་ཧ་ཅང་ཉུང་། བོད་རྒྱུས་ལོན་ལ་སོགས་པ་ཕལ་ཆེ་བ་ཏཱ་ལའི་ཁ་ནས་གོ་བ་རེད། ཤེས་ཡོན་པ་དང་ཚོང་པ་ཀུན་གྱིས་དེ་ནི་ཏཱ་ལའི་ཁ་ཚིག་ཡིན་པ་ཤེས་ཡོད། ཁྱོད་གལ་སྲིད་དངོས་གནས་ཡིད་ཆེས་པ་ཡིན་ན་དེ་དང་ན་ཙཱིའི་མི་རིགས་ཡོངས་སུ་བསྐོར་མཁན་དང་མི་འདྲ་ས་ཅི་ཡོད།
མིག་ཤེལ་ཚོན་ཅན་ཞིག་གོན་ནས་ཁ་ཡོངས་སུ་ཁྱོད་ཚོ་དང་ང་ཚོས་ཁེངས་འདུག བཀླགས་ཚར་རྗེས་བག་ལྷོད་ཅིག་ཁྱོན་ནས་བྱུང་མ་སོང་།
ཁྲང་ཨན་བཅོམ་པའི་མཚམས་པ་དེ་ནས་བརྩམས་ཏེ་ངས་རྩོམ་པ་པོས་ནི་ལངས་ཕྱོགས་གང་འདྲ་ཞིག་བཟུང་ཡོད་པ་ཤེས་སོང་། ངས་སྐད་ཆ་ཚིག་གཅིག་ཞུ་འདོད་བྱུང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱ་ནག་གི་སྲིད་དབང་མ་རེད། ཧཱན་མི་རིགས་ཀྱིས་གྲངས་ཉུང་མི་རིགས་ལ་གཉའ་གནོན་གཏོང་བའི་བཤད་ཡམས་དེ་དྲིལ་བསྒྲགས་བྱས་ན་རྒྱ་ནག་པ་ཇི་ཙམ་ཞིག་གིས་ཁྱོད་ལ་རྒྱབ་སྐྱོར་བྱ་སྲིད་དམ།
རྒྱ་ནག་ཧཱན་མི་རིགས། ཉི་ཧོང་།

མི་རིགས་མང་བའི་རྒྱལ་ཁབ་ཅིག་ལ་མཚོན་ན། སྲིད་སྐྱོང་བས་འདྲ་མཉམ་དང་དྲང་བདེན། བརྩི་བཀུར་དང་རྒྱབ་རོགས་བཅས་ནི་ཧ་ཅང་གལ་ཆེན་ཡིན། རྒྱ་ནག་གུང་ཁྲན་ནི་ཆེས་འཇོན་པའི་ཁ་ཡིས་སྐྱོང་བའི་རྒྱལ་ཁབ་རེད། གཞན་དང་བསྡུར་ནས་བཤད་ན། སྒོ་གཅིག་བརྒྱབ་པ་ཡིན་ན་གཞན་ཞིག་ཡོད། རྒྱུན་དུ་རྒྱལ་ཁབ་ཕྱི་ལོགས་ཀྱི་དཔྱད་བརྗོད་ནི་ནང་སྲིད་ལ་ཐེ་གཏོགས་བྱས་པ་རེད་ཅེས་ཐེངས་གསུམ་བཞིར་བཤད། རྒྱལ་ཁབ་ནང་ལོགས་སུ་ཡང་གང་བྱུང་དུ་བཤད་པ་དང་གང་བྱུང་དུ་བསྒྲུབས་ཤིང་ངན་སྐུལ་དང་དཀྲུག་ཤིང་འཕེན་གྱི་ཡོད། མི་རིགས་ཀྱི་ཆོས་དད་དང་འཚོ་གནས་ལ་སྟངས་འཛིན་ནན་པོ་བྱེད། དཔེ་མཚོན་ལས་སླ་བོ་ཞིག་བཞག་ན་ལྷ་སར་འགྲོ་བའི་རང་དབང་ཡང་དཀའ་ངལ་ཞིག་ཏུ་ཆགས་ཡོད། ས་ཆ་གང་ཞིག་ཏུ་ཐོན་པར་ཡང་ཚོར་སྣང་ཅི་ཞིག་སྟེར་རམ། མི་མང་གི་ངོ་རྒོལ་དང་གསར་བརྗེ་ཡོངས་རྫོགས་གནོན་ཤུགས་ཀྱི་ཁྲོད་ནས་བྱུང་། གསོན་པའི་བསྐལ་བ་ཡོད་བཞིན་དུ་བོད་མིས་ཅིའི་ཕྱིར་རང་ལུས་མེར་བསྒྲོན་པ་རེད་དམ། མཱིན་ཀཱོང་། ཧཱོང་ཀོང་།

ཨ་རཱི་བས་བྲིས་པའི་བོད་ཀྱི་མཐོང་ཐོས་ཏེ། གང་ལྟར་གཙོ་གནད་ལ་འཁེལ་བ་ནུབ་ཕྱོགས་པ་ཡིན་ས་རེད། ཡིན་ན་ཡང་རྩོམ་པ་པོ་རྒྱ་ནག་པ་ཡིན་པས་དེ་བས་ཀྱང་ཆབ་སྲིད་ཀྱི་ལེགས་ཉེས་དབྱེ་འབྱེད་བྱེད་ཐུབ། གཞན་ཡང་། རྒྱུན་དུ་འདི་འདྲའི་བསུན་བཙིར་དང་ནུབ་ཕྱོགས་པས་ཐེར་འདོན་དག་གླེང་། བསམ་ཚུལ་གསར་བ་རེ་གླེང་རྒྱུ་མེད་དམ་རང་དབང་རྩོམ་པ་པོ་ལགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*