སྐར་ཁུང་གི་གསལ་བསྒྲགས།

དང་པོ།
སྐར་ཁུང་དྲ་བར་བཀོད་ཟིན་པའི་བསྒྱུར་རྩོམ་རིགས་ཡིན་ཚེ། སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གི་ཆོག་མཆན་མེད་པར་གཞན་ལ་བཀོད་མི་ཆོག

གཉིས་པ།
སྐར་ཁུང་གིས་དབྱིན་ཡིག་དང་རྒྱ་ཡིག་ཏུ་ཡོད་པའི་ལེགས་རྩོམ་གཅིག་པོ་བསྒྱུར་བ་མ་ཡིན་པར། ཞོར་ནས་དྲི་བ་གསུམ་ཅན་གྱི་བཅར་འདྲིའི་ལེ་ཚན་ཞིག་ཀྱང་བསྒྲུབ་བཞིན་ཡོད་པས། བོད་རིགས་ཤེས་ཡོན་པ་དང་རྩོམ་པ་པོ། སྒྱུ་རྩལ་བ། ཆེད་ལས་བ་སོགས་ངོ་སྤྲོད་བྱེད་རྒྱུ་ཡོད་ཚེ། ང་ཚོར་ངོ་སྤྲོད་གནང་རོགས། དེ་ཡང་། གང་ཟག་དེའི་མིང་དང་གློག་འཕྲིན་ཁ་བྱང་། ལོ་རྒྱུས་མདོར་བསྡུས་བཅས་ང་ཚོའི་གློག་འཕྲིན་ཁ་བྱང་ཐོག་བསྐུར་རོགས།

གསུམ་པ།
སྐར་ཁུང་གིས་བསྒྱུར་རྩོམ་གཅིག་པོ་མ་ཡིན་པར་ལེགས་རྩོམ་རིགས་ཀྱང་འགོད་ཀྱི་ཡོད་པས། བོད་ཡིག་ཐོག་བྲིས་པའི་རྩོམ་ཡིག་ལེགས་པོ་དེ་འདྲ་ཡོད་ཚེ། སྐར་ཁུང་ལ་བསྐུར་རོགས་གནང་། སྐར་ཁུང་གིས་ལེགས་རྩོམ་རིགས་ལ་རྩོམ་ཡོན་ཡང་ཕུལ་གྱི་ཡོད། འོན་ཀྱང་། ལེགས་རྩོམ་གྱི་མཐའ་མའི་ཐག་གཅོད་དེ་སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གིས་ཐག་གཅོད་ཀྱི་ཡོད།

བཞི་པ།
སྐར་ཁུང་གིས་ལས་གཞི་རྒྱ་ཇེ་ཆེ་དང་སྣ་ཇེ་འཛོམས་སུ་གཏོང་ཆེད། ཡིག་བསྒྱུར་བ་གསར་བ་བསྡུ་བཞིན་ཡོད་ཅིང་། གལ་སྲིད་སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གི་ཁོངས་སུ་ཞུགས་འདོད་ཡོད་ཚེ། རང་ཉིད་ཀྱི་ངོ་སྤྲོད་ཡིག་འབྲུ་སུམ་བརྒྱ་ཡས་མས་ཤིག་དང་ད་ཕན་བསྒྱུར་ཚར་བའི་རྩོམ་ཡིག་ཞིག་མ་ཡིག་དང་ལྷན་དུ་ང་ཚོར་བསྐུར་རོགས། མཐའ་མའི་ཐག་གཅོད་དེ་སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གིས་བྱེད་གི་རེད།

ལྔ་པ།
སྐར་ཁུང་དྲ་བའི་ཡིག་བསྒྱུར་བ་ཞིག་ལ་མཚོན་ན། གལ་སྲིད་ཡིག་བསྒྱུར་བ་དེས་བསྟུད་མུར་བདུན་ཕྲག་བརྒྱད་ལ་རྩོམ་སྣ་རྐང་གཅིག་ཀྱང་བསྒྱུར་མ་ཐུབ་ཚེ། ཡིག་བསྒྱུར་བ་དེ་རང་བཞིན་ནས་སྐར་ཁུང་གི་ཡིག་བསྒྱུར་བ་ཟུར་པ་ཆགས་འགྲོ་གི་ཡོད།

དྲུག་པ།
སྐར་ཁུང་གིས་ཡིག་བསྒྱུར་བ་གསར་པ་ཞིག་ངོས་ལེན་གྲུབ་པའི་རྗེས་སུ། ཡིག་བསྒྱུར་བ་དེ་ཟླ་གསུམ་གྱི་རྗེས་སུ་མ་གཏོགས་སྐར་ཁུང་གི་ཡིག་བསྒྱུར་བའི་ངོ་སྤྲོད་ཁོངས་སུ་མི་འཇོག

སྐར་ཁུང་རྩོམ་སྒྲིག་པས།

གློག་འཕྲིན། karkhungeditor@gmail.com
དྲ་ཚིགས། http://karkhung.com/
ངོ་དེབ། https://www.facebook.com/karkhung.tsang

སྤྱི་ལོ་༢༠༡༣ལོའི་ཟླ་༧པའི་ཚེས་༢༩ཉིན།

མཆན་སྒོ་བརྒྱབ་ཟིན།