སྐར་ཁུང་ཚང་།

སྐར་ཁུང་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་།

ཚེ་རིང་ཤཱཀྱ། Tsering Shakya)
ཁ་ཎ་སྒྲའི་རྦི་རིས་ཀྲེས་ཞིས་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཁང་(University of British Columbia)གི་བོད་རིག་པའི་དགེ་རྒན་ཆེན་མོ་དང་བོད་ཀྱི་དེང་རབས་ལོ་རྒྱུས་མཁས་པ་ཡིན། ཁོང་གིས་བརྩམས་པའི་དཔེ་དེབ་གྲགས་ཅན་གྲས་སུ་གངས་ལྗོངས་ཀྱི་འབྲུག་དང་ཁ་བའི་འོག་གི་མེ་ལྕེ། བོད་དོན་ཆེད་འཐབ་རྩོད་སོགས་ཡོད།


ལོ་རན་ ཧར་ཁྲི་ལིས། (Lauran R. Hartley)
ཕྱི་ལོ་༢༠༠༣ལོར་ཨིན་སྒྲི་ཡ་ན་གཙུག་ལག་སློབ་ཁང་(Indiana University)ནས་འབུམ་རམས་པ་ཐོན། བོད་རིག་པའི་མཁས་པ་དང་བོད་རིག་པའི་ལས་གཞི་མང་པོར་སློབ་སྟོན་གྱི་ཕྱག་ལས་་རྒྱ་ཆེར་གནང་མྱོང་། ད་ལྟ་ཨ་རིའི་ཀོ་ལིམ་ཕིག་གཙུག་ལག་སློབ་ཁང་(Columbia University)གི་ཤར་ཨེ་ཤ་ཡེའི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་གིན་ཡོད། དྲན་ཐོ་སྨིན་དྲུག་སྐེ་འཁྱོག་ཟེར་བ་དབྱིན་ཡིག་ཏུ་བསྒྱུར་ཅིང་བོད་ཀྱི་དེང་རབས་རྩོམ་རིག་དང་སྤྱི་ཚོགས་ཀྱི་འགྱུར་བ་(Modern Tibetan Literature and Social Change)ཟེར་བའི་ཞིབ་འཇུག་བརྩམས་ཆོས་དེ་རྩོམ་སྒྲིག་བྱས།


གཡང་སྒྲོན་དོན་གྲུབ། (Yangdon Dhondup)
བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ཁོ་མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད།


སྡོམ་པ་ཚེ་རིང་དབང་མོ། (Tsering Wangmo Dhompa)
སྡོམ་པ་ཚེ་རིང་དབང་མོ་ནི་བཙན་བྱོལ་གྱི་མི་རབས་གསར་བའི་སྙན་ངག་པའི་མདུན་གྲལ་བ་ཞིག་ཡིན། ད་ཕན། ཁོ་མོས་ཁྱིམ་སྲོལ་(Rules of the House)དང་ཉིན་རེའི་ཆད་ལྷག་གི་ཁྲོད་དུ་(In the Absent Everyday)བཅས་པའི་སྙན་ངག་གི་དེབ་ཕྲེང་གཉིས་བརྩམས་གྲུབ་ཅིང་། ལྷུག་རྩོམ་དེབ་འཆར་སྣང་གི་ཕ་ཡུལ་(Imagined Country)ཟེར་བ་ཞིག་ཀྱང་བརྩམས་གྲུབ། ད་ལྟ་ཨ་རིར་རྩོམ་རིག་གི་སྒང་ལ་འབུམ་རམས་པ་འདོན་བཞིན་ཡོད།


བསྟན་འཛིན་བདེ་སྐྱིད་། (Tenzin Dickyi)
ཨ་རིའི་ཧར་བ་སྒྲི་གཙུག་ལག་སློབ་ཁང་(Harvard University)ནས་རྩོམ་རིག་ཐོག་སློབ་ཐོན་གནང་ཞིང་ཀོ་ལིམ་ཕིག་ཡ་གཙུག་ལག་སློབ་ཁང་(Columbia University)ནས་བཅོས་སྒྲུང་འབྲི་རྩོམ་གྱི་སྟེང་ལ་ཆེད་ལས་སྦྱངས། ལས་ཞོར་དུ། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱི་རྩོམ་སྒྲིག་པ་དང་དྲ་སྣང་དུས་དེབ་ཀྱི་དབྱིན་ཡིག་རྩོམ་སྒྲིག་པ་ཡང་གནང་གིན་ཡོད།


བསྟན་འཛིན་རིག་གྲོལ། (Tenzing Rigdol)
ཕྱི་ལོ་༢༠༠༥ལོར། ཁོང་ནས་རི་མོའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་། ཨ་རིའི་ཁོ་ལོ་ར་སྒྲོའི་གཙུག་ལག་སློབ་ཁང་(The University of Colorado)དུ་རིག་གནས་རབ་འབྱམས་པ་ཐོན། ཁོང་གིས་ལོན་སྒྲོན་གྱི་(Rossi&Rossi)ལ་མཉམ་སྦྲེལ་ཐོག ཨ་རི་དང་རྒྱ་ནག དབྱིན་ཡུལ། ཧྥ་རན་སི་སོགས་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་ལ་རི་མོའི་འགྲེམས་སྟོན་བྱས། ལྷག་པར་དུ། ཕྱི་ལོ་༢༠༡༡ལོར། ཕ་ས་བུ་ཐུག་(Bringing Tibet Home)ཟེར་བའི་སྒྱུ་རྩལ་གྱི་ལས་འཆར་ཆེན་མོ་ཞིག་རྡ་ལམ་ས་ལར་བསྐྲུན། ད་ཕན། ཁོང་ནས་(“R”-the frozen ink 2008) “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།”དང་(Anotmy of Nights 2011)“མཚན་མོའི་རུས་ཀྲང་།”(Butterfly’s wings 2011)“ཕྱེ་མ་ལེབ་ཀྱི་གཤོག་ཟུང་”བཅས་དཔར་བསྐྲུན་བྱས་ཡོད་།


དཀའ་ཐུབ་ཚེ་རིང་། (Kathub Tsering)
ཁོང་གི་སྙན་ངག་གཅེས་བཏུས་ཀྱི་ཁག་དུས་དེབ་འདྲ་མིན་དང་དྲ་རྒྱ་འདྲ་མིན་བཅས་སུ་སླེབས་ཡོད་པ་མ་ཟད། ལྷག་པར་དུ་བཙན་བྱོལ་གྱི་དབྱིན་ཡིག་གི་སྙན་ངག་གཅེས་བཏུས་(An Anthology of Tibetan Poetry in exile)ཟེར་བ་དང་ཨི་ཁྲ་ལེའི་ཧི་མ་ལ་ཡའི་མཚན་མོ་(Himalaya’s Night)ཟེར་བའི་རྩོམ་བཏུས་བཅས་སུ་ཁོང་གི་སྙན་ངག་དཔར་བསྐྲུན་བྱས་མྱོང་། ཁོང་ནི་སྙན་ངག་པ་དང་ཡིག་བསྒྱུར་བ། རི་མོ་བ་བཅས་ཡིན་ལ་ཁོང་གིས་རྒྱ་ཡིག་གི་ཞོའེ་ལིན་(Xue Ling)ཟེར་བའི་མིག་ཐོག་ཏུ་སྙན་ངག་སྤེལ་གྱི་ཡོད།


རབ་འབྱོར།
ཁོང་ནི་བོད་རིག་པའི་མཁས་བ་དང་དེང་རབས་བོད་ཀྱི་རྩོམ་རིག་གི་སྐོར་ལ་ཆེད་མཁས་ཞིག་ཀྱང་ཡིན། ཁོང་གི་བརྩམས་ཆོས་ཁག་དབྱིན་ཡིག་དང་ཧྥ་ཡིག རྒྱ་ཡིག་བཅས་སུ་བསྒྱུར་ནས་དཔར་བསྐྲུན་བྱས་ཡོད།

 

སྐར་ཁུང་དྲ་རྒྱ་བཟོ་མཁན་དང་དོ་དམ་པ།
རྡོ་རྗེ་རྒྱལ་མཚན། (Dorji Gyaltsen)
ལོན་སྒྲོན་མེ་ཁྲི་རོ་པོ་ལིན་ཁྲིན་གཙུག་ལག་སློབ་ཁང་(London Metropolitan University)ནས་གློག་ཀླད་རིག་པའི་སྒང་ལ་ཆེད་ལས་ཐོན། ཁོང་ནི་ཨན་སྒྲོ་(Android)རྟགས་ཅན་དང་དྲ་རྒྱ། སྒེའུ་ཁུང་རྟགས་ཅན་བཅས་ཀྱི་མཉེན་ཆས་དང་ཉེར་སྤྱོད་མ་ལག་བཅས་བཟོ་བ་དང་ལྷུ་སྒྲིག་བྱེད་པར་སྤྲོ་སྣང་དང་འདུན་པ་ཆེ། ད་དུང་། ལྟ་གྲུབ་དང་རྩིས་རིག་གི་དཀའ་གནད་རིགས་སེལ་བར་དགའ་སྣང་ཡོད་མཁན་ཞིག་ཀྱང་ཡིན།


སྐར་ཁུང་རྩོམ་སྒྲིག་པ།
རིག་འབྱུང་དོན་གྲུབ་བཀྲ་ཤིས། (Dhondup Tashi Rekjong)

སྤྱི་ལོ་༢༠༡༣ལོར་ཨ་རིའི་མེ་ཐོ་རྡེས་སི་གཙུག་ལག་སློབ་ཁང་(Methodist University)ནས་མཐར་ཕྱིན། བོད་ཀྱི་དྲ་སྣང་དུས་དེབ་དང་སྐར་ཁུང་དྲ་བ་གཉིས་ཀྱི་རྩོམ་སྒྲིག་པ་བྱེད་བཞིན་ཡོད་ཅིང་། བོད་ཡིག་གི་ཁ་བརྡ་དྲ་བའི་རྩོམ་སྒྲིག་པ་ཟུར་བ་བྱས་མྱོང་། ད་ལྟ་༢༠༡༥ལོར་སྒྲུའུ་ཁུ་དཔེ་སྐྲུན་ཁང་(Duke Press)ནས་དཔར་བསྐྲུན་བྱེད་་འཆར་ཡོད་པའི་”བོད་ཀྱི་ཀློག་པ་པོ་”ཟེར་བའི་དབྱིན་དེབ་ཞིག་མཉམ་སྦྲེལ་སྒོས་རྩོམ་སྒྲིག་བྱེད་བཞིན་ཡོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་།


བུད་ངྷ་སྐྱབས། (Buddha Kyab)

ད་ལྟ་ཤེས་རིག་ལས་ཁུངས་སུ་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཚོགས་ཚན་རིག་སློབ་དེབ་རྩོམ་སྒྲིག་པ་ཡིན་ཞིང་། བརྩམས་ཆོས་སུ་དེབ་<<ཁྱི་ཕྲུག་དང་ཞིམ་ཕྲུག་གི་སྒྲུང་།>>དང་<<མར་ཊེན་ལུ་ཐར་ཀེང་གི་མི་ཚེའི་ལོ་རྒྱུས།>>གཉིས་བོད་བསྒྱུར་བྱས་ཡོད་ཅིང་། གཞན་གསུང་བཤད་དང་འཕྲིན་ཡིག ‘ཤེས་ཡོན་གྱི་རྩ་དོན་བཞི་དང་།’ ‘རང་བྱུང་ཁམས་ཀྱི་དེབ་ཐེར། ‘མི་ཚེའི་ཆུ་གཏེར།”དང་‘མ་ཎི་འཁོར་ལོ་ཐོག་ཏེ་ལྷ་སར་བསྐྱོད་པ་བཅས་ཀྱང་བསྒྱུར་ཡོད་། ད་ལྟ་རྒྱ་གར་རྡ་སར་བཞུགས་ཡོད་།

སྐལ་བཟང་ཉི་མ། (Kalsang Nyima)

སྤྱི་ལོ་༡༩༩༨ལོར་སྐྱབས་བཅོལ་དུ་འབྱོར་ཞིང་ཐོག་མར་སུ་ཇཱ་བོད་ཁྱིམ་དུ་སློབ་ཞུགས་བྱས། སྤྱི་ལོ་༢༠༠༤ལོར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་(Sara College)དུ་སློབ་ཞུགས་བྱས་པ་དང་སྤྱི་ལོ་༢༠༠༧ལོར་མཐོ་རིམ་རིག་གནས་རབ་འབྱམས་པའི་བསླབ་པ་མཐར་སོན། སྤྱི་ལོ་༢༠༠༨ལོར་ཤེས་རབ་དགའ་ཚལ་སློབ་གླིང་དུ་དགེ་རྒན་བྱས། ད་ཆ་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་རྒན་དང་ཤེས་རིག་ལས་ཁུངས་ཀྱི་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་བྱེད་ཀྱིན་ཡོད།


སྦྲ་རིགས་ཐོགས་མེད་། (Darig Thokmey)

ལོ་རབས་བརྒྱད་ཅུ་བའི་སྨད་དུ་བོད་ཤར་ཕྱོགས་རྔ་བ་རྒྱལ་སྟོད་སྡེ་བར་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་ནང་བསྟན་གཞུང་ཆེན་ཁག་ཁ་ཤས་ལ་སྦྱངས་བ་གང་ཐུབ་རེ་བྱས་མྱོང་། དེ་བཞིན་དུ་སྒྲ་སྙན་མངོན་བརྗོད་སྐར་རྩིས་སོགས་ཐུན་མོར་རིག་གནས་སྐོར་ལའང་དཔེ་ཁྲིད་ཁ་ཟིན་སྣ་ཟིན་རེ་ཐོབ། ནུབ་བྱང་སློབ་ཆེན་དུ་”ཟུངས་ཁྲག་གི་རླབས་སྒྲ།” པར་དུ་བསྐྲུན་རྗེས། རྒྱ་གར་དུ་སློབ་གཉེར་བྱེད་པར་སླེབས་ཤིང་སློབ་གྲྭ་ཆུང་འབྲིང་མཐར་ཕྱིན་རྗེས། ལྡི་ལི་གཙུག་ལག་སློབ་ཆེན་དུ་རྒྱལ་སྤྱིའི་རྩོམ་རིག་རིག་པའི་གཞུང་ལུགས་སྐོར་ལ་སྦྱང་བ་བྱེད་ཁུལ་དུ་མཆིས་ཤིང་། ད་ལྟ་ཡོ་རོབ་ཀྱི་བར་སོ་གཙུག་ལག་སློབ་ཁང་(University of Warsaw)དུ་སློབ་གཉེར་བྱེད་བཞིན་ཡོད།


འབྲོང་བུ་ཟླ་བ་ཚེ་རིང་། (Dawa Tsering Dongbu)

མཚོ་སྔོན་གཅན་ཚར་སྐྱེས། ཕ་ཡུལ་ནས་ལོ་རིམ་བརྒྱད་པ་ཐོན་མཚམས་རྒྱ་གར་དུ་འབྱོར་ཏེ་སུ་ཇ་བོད་ཁྱིམ་ནས་འཛིན་རིམ་བཅུ་པ་དང། རྡ་སྟེང་བོད་ཁྱིམ་ཚན་རིག་སྡེ་ཚན་ནས་འཛིན་རིམ་བཅུ་གཉིས་ཐོན། སྦེང་ལོར་མཐོ་སློབ་ནས་ལོ་གཅིག་རིང་དངོས་ལུགས་དང་ཨང་རྩིས། གློག་ཀླད་བཅས་སྦྱངས། ༢༠༡༠ ལོར་བོད་གཞུང་ཤེས་རིག་ལྷན་ཁང་བརྒྱུད་ནས་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་(Emory University)དུ་སློབ་ཡོན་ཐོབ་པ་ལྟར་དངོས་ཁམས་རིག་པ་སློབ་སྦྱོང་བྱེད་མུས་ཡིན། སློབ་ཞོར་དུ་རྩོམ་འབྲི་དང་བསྒྱུར་རྩོམ་ལ་འབད་བཞིན་ཡོད།


དབང་ཕྱུག་བཀྲ་ཤིས། (Wangchuk Tashi)

སྐྱེས་ཡུལ་ནི་མང་ར་ཡིན་ཞིང་། སྙུག་མིང་ལ་མང་རའི་གངས་ཐིགས་ཟེར། ཉིས་སྟོང་གཉིས་ལོར་རྒྱ་གར་དུ་འབྱོར་སྟེ་སུ་ཇཱ་སློབ་གྲྭ་རུ་དབྱིན་ཡིག་སྦྱངས་འགོ་བརྩམས། སློབ་ཞོར་དུ་སུ་ཇཱ་སློབ་གྲྭའི་སྐྱ་རེངས་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱས་མྱོང་ལ། ད་ལྟ་ཝ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་བསྟན་བཅོས་ལོ་རིམ་གཉིས་པའི་ནང་སློབ་གཉེར་བྱེད་བཞིན་ཡོད་ཅིང་། ཨ་རིའི་ཧམ་ཤར(Hampshire college)མཐོ་སློབ་ཀྱི་སློབ་ཡོན་འགྲན་བསྡུར་ཁྲོད་ཞུགས་ཏེ་འབྱུང་འགྱུར་མཐོ་སློབ་དེ་གར་རམ་འབྱམས་པའི་སློབ་གཉེར་ཆེད་དུ་ལོ་བཞི་ཡི་སློབ་ཡོན་རག་ཡོད།


གཟུངས་མོ་སྐྱིད་། (Sungmo Kyi)

༡༩༨༡ལོར་མདོ་སྨད་མང་རྫོང་ནས་སྐྱེས། ༡༩༩༩ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན། ༢༠༠༢ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར། ད་ལྟ་དྲ་བརྒྱུད་འབྲེལ་ཐབས་ལས་ཁུངས་སུ་ལས་ཀ་གཉེར་བཞིན་ཞོར་དུ་རང་མོས་ཀྱི་ཡིག་བསྒྱུར་དང་རྩོམ་འབྲི་ལ་འབད་བཞིན་ཡོད།


ཁ་སྒང་གཡང་འབུམ་ཚེ་རིང་། (Yangbhum Tsering Kagang)

སྨྱུག་མིང་ས་ལེ་སྦྲམ་ཟེར་ཞིང་བོད་མི་སྤྱི་ལ་འཕྲད་པའི་ཆག་སྒོ་དེ་དབང་གིས་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་ཞིང་། ད་ལྟ་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་མུས་ཡིན་ལ། སློབ་ཞོར་དུ་ཝཱཎའི་རིག་རླབས་རྩོམ་སྒྲིག་ཚོགས་ཆུང་གི་རྩོམ་སྒྲིག་པའི་འགན་ཁུར་བཞིན་ཡོད་། བོད་དུ་”ལང་ཚོའི་མཆོད་ཡོན་”ཟེར་བའི་སྙན་དེབ་ཞིག་དཔར་བསྐྲུན་བྱས།


ཆོས་རྒྱལ་སྐྱབས། (Choegyal Kyab)

བོད་ནས་སྐྱེས་ཤིང་༢༠༠༣་ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭར་འཛུལ། ༢༠༠༨ལོར་སུ་ཇཱ་སློབ་གྲྭའི་དུས་དེབ་སྐྱ་རེངས་ཀྱི་རྩོམ་སྒྲིག་པའི་འགན་ཁུར། ༢༠༡༠ལོར་གོ་པལ་པུར་བོད་ཁྱིམ་འཛིན་རིམ་བཅུ་གཉིས་ཀྱི་མཐར་ཕྱིན་ཆེད་དེབ་ “མི་རབས་གསར་བའི་འབོད་སྒྲའི་” རྩོམ་སྒྲིག་གི་ལས་ཀ་གཉེར་མྱོང་། སུ་ཇཱའི་ཕ་སྐད་གཅེས་སྐྱོང་ཚོགས་པའི་ཚོགས་མི་དང་།གོ་པལ་པུལ་གྱི་ཕ་སྐད་དང་བླངས་ཞབས་ཞུ་ཚོགས་པ་གསར་འཛུགས་ཐད་ནུས་པ་འདོན་མྱོང་། ༢༠༡༡་ལོར་ལྡི་ལིའི་ནེའུ་རོ་གཙུག་ལག་སློབ་གཉེར་(Jawaharlal Nehru University)ཁང་དུ་རྒྱའི་སྐད་ཡིག་གི་ཐོག་བག་ཆགས་མི་དམན་པ་བཞག ད་ལྟ་ལྷོ་ཀོ་རི་ཡའི་སྡོང་གུག་(Dongguk university)མཐོ་རིམ་སློབ་གཉེར་ཁང་དུ་ཀོར་རྒྱ་གཉིས་ཀྱི་སྐད་ཡིག་ལ་བརྩོན་པ་བསྐྱེད་མུས་སུ་ཡོད།


ལྗང་གཞོན། (Jangshon)
བོད་མདོ་སྨད་དུ་སྐྱེས། ཡིག་བསྒྱུར་དང་གསར་འགོད་ཀྱི་ཕྱག་ལས་གནང་གིན་ཡོད་ཅིང་། ད་ལྟ་རྒྱ་གར་དུ་བཞུགས།

བོད་ཡིག་ཞུ་དག་པ།
སྐལ་བཟང་ཉི་མ། (Kalsang Nyima)

སྐར་ཁུང་དྲ་བའི་ཡིག་བསྒྱུར་བ་ཟུར་བ།

༡ ཞི་བདེ་ཟླ་བ།
༢ བློ་བཟང་གྲགས་པ།

མཆན་སྒོ་བརྒྱབ་ཟིན།