ཆུང་ཚེ་རིང་ལ་ཡིག་བསྒྱུར་སྐོར་དྲིས་པ།


བཅར་འདྲི་ཞུ་ཡུལ་ཆུང་ཚེ་རིང་།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

སྐར་ཁུང་། ད་ཕན་ཁྱོད་ནས་བོད་ཡིག་ཏུ་གྲགས་ཅན་དེབ་གཉིས་བསྒྱུར་འདུག་པ་མ་ཟད་དེ་ལ་ཀློག་མཁན་ཚོས་དགའ་བསུ་ཡང་མི་ཉུང་བ་ཐོབ་འདུག འོན་ཀྱང་། ཁྱེད་ཀྱིས་ཡིག་སྒྱུར་དེ་ལས་ཞོར་ནས་བྱེད་ཀྱི་འདུག་མ་གཏོགས་དེ་ཆེད་ལས་ཀྱི་ངོ་བོའི་སྒང་ནས་བྱེད་གི་མི་འདུག དེའི་རྒྱུ་མཚན་ཅི་ཡིན་ནམ།

ཆུང་ཚེ་རིང་། སྤྱིར་བཏང་དེང་རབས་ཀྱི་ཆེད་ལས་པ་ཟེར་དུས། ཆ་རྐྱེན་གསུམ་ཚང་དགོས་རེད། དང་པོ་དེ། ལས་རིགས་སམ་ལག་རྩལ་བྱེ་བྲག་པ་ཞིག་གི་ཐད་ལ་རང་མགོ་ཐོན་ངེས་ཀྱི་དམིགས་བསལ་ སྦྱོང་བརྡར་ཡོད་པ་དང་། གཉིས་པ་སྦྱོང་བརྡར་དེ་གཞི་བཟུང་ལས་རིགས་སམ་ལག་རྩལ་བྱེ་བྲག་པ་དེ་རང་གི་སྒང་ལ་ལས་ཀ་བྱེད་པ། གསུམ་པ། ལས་ཀ་དེའི་ཐོག་ནས་ཕར་སྤྱི་ཚོགས་ལ་ཞབས་ཞུ་དང་ཚུར་སོ་སོའི་འཚོ་གོས་འགྲིག་འགྲོ་བ་དེ་འདྲ་ཞིག་ཡིན་དགོས་པ་རེད། སྤྱིར་བཏང་བོད་སྐད་ནང་རིགས་གཅིག་རྐང་འཛིན་དང་། ཆེད་ལས་པ། ཁྱད་ལས་པ་བཅས་ཀྱི་གོ་དོན་དེ་ཚོ་ཕན་ཚུན་འཁྲུག་འགྲོ་གི་འདུག ང་ལ་ཡིག་སྒྱུར་གྱི་སྦྱོང་བརྡར་ཐོབ་མ་མྱོང་ལ། སོ་སོའི་འཚོ་བ་དེ་ཡང་ཡིག་སྒྱུར་ལ་བརྟེན་ནས་སྐྱེལ་གྱི་མེད། བསྐྱལ་བསམས་པའི་དབང་དུ་བཏང་རུང་། བོད་པའི་སྤྱི་ཚོགས་ནང་། དབྱིན་སྐད་ནང་ཕར་བསྒྱུར་ན་བསྒྱུར་གླ་ཆེན་པོ་སྤྲོད་པ་དང་། སོ་སོའི་སྐད་ཡིག་ནང་ཚུར་བསྒྱུར་ན། བསྒྱུར་གླ་སྤྲོད་མཁན་ཡོད་མ་རེད། བསྒྱུར་གླ་སྤྲད་པ་ཡིན་ནའང་། དབྱིན་ཇི་སོགས་ཀྱི་ནང་ཕར་བསྒྱུར་བ་ནང་བཞིན་གྱི་མཐོ་པོ་སྤྲོད་མཁན་དཀོན་པོ་རེད། དེ་ཡིན་དུས། དུས་ཚོད་ཆ་ཚང་ཡིག་སྒྱུར་གྱི་སྒང་ལ་བཏང་ནས་འགྲོ་ས་དཀོན་པོ་རེད། (མུ་མཐུད་དུ་ཀློགས། …)

བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཅིག་གི་མི་སེར་རེད་། (ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའོ་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆག་སྒོ་བསླངས་བ།

༡༩༩༨ལོར་ང་ལ་ཨ་རིའི་ཝ་ཤིན་ཌོན་གྱི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་ཞིག་གིས་ཁ་པར་འབྱོར་ཏེ། རྒྱ་གར་ནས་ཡོང་བའི་ཨ་རིའི་བོད་མིའི་སྐྱབས་བཅོལ་སྤྱི་ཚོགས་ཁྲོད་ཀྱི་མི་ངན་གཏེ་བོ་(པདྨ་དགའ་གཞོན)ཞིག་གི་སྐོར་ལ་སྐད་ཆ་དྲིས་བྱུང་ལ། དོན་དངོས་ཐོག་རྒྱ་གར་ནང་གི་བོད་མི་ཚོ་ཉེན་ཚབས་ཆེ་བའི་གནས་སྟངས་ཤིག་གི་ནང་དུ་ལྷག་ཡོད་མེད་ཀྱང་དྲིས་བྱུང།ངས་རྒྱ་གར་ནང་སྲིད་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས།གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཡིག་ཆ་དང་མཉམ་དུ་རྒྱ་གར་གྱི་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མིར་རོགས་རམ་བྱས་པ་དང་། རྒྱལ་བ་རིན་པོ་ཆེ་མཆོག་ལ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད་པའི་ལོ་རྒྱུས་བཅས་བསྐུར་བ་ཡིན། དངོས་ཡོད་ཐོག་ནས་མི་སྒེར་རེ་ཟུང་ལ་བརྙས་བཅོས་དང། བཤུ་གཞོག་བྱས་པ་དེ་འདྲ་ཡོད་སྲིད་ཀྱང། སྤྱིའི་ཆ་ནས་རྒྱ་གར་གྱིས་བོད་མིའི་བདེ་རྩར་ཞབས་འདེགས་དང་། བོད་ཀྱི་ཆོས་དང་རིག་གཞུང་བདག་གཅེས་ཀྱི་ཆེད་དུ་ཞབས་ཞུ་སྒྲུབ་པ་ནི་བསྟོད་བསྔགས་བྱེད་འོས་པ་ཞིག་རེད།

དེའི་རྗེས་ཅང་མ་འགོར་བར་སྐུ་ཞབས་པདྨ་དགའ་གཞོན་གྱིས་བཏང་བའི་འཕྲིན་ཡིག་ཅིག་འབྱོར་བྱུང། ཁོང་ནི་སྐབས་དེར་ནེའུ་ཡོག་དང་ནེའུ་རྗེར་སིས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགོ་ཁྲིད་ཅིག་རེད། ནེའུ་ཡོག་བོད་མི་ཚོའི་འདུ་འཛོམས་བྱེད་སར་མང་པོ་མཐོང་རྒྱུ་ཡོད་པའི་མི་ཞིག་རེད། ཁོང་གིས་རྒྱ་གར་ནས་ཨ་རིར་བོད་མི་སྐྱབས་བཅོལ་བ་ལེན་པའི་འཆར་གཞི་ཞིག་འདིང་གི་ཡོད་སྐོར་གྱི་ཡི་གེ་ཞིག་བསྐུར་བྱུང་། ཡི་གེ་དེའི་ནང་འདི་ལྟར་འཁོད་འདུག། “ང་ཚོའི་ལས་འཆར་འདིའི་རྒྱབ་ལྗོངས་ཀྱི་ཆ་ནས་གཞོགས་འདེགས་ཀྱི་གཞི་རྩ་བརྟན་པོ་མེད་པ་ཤེས་ཀྱི་ཡོད་པས།གལ་ཏེ།ཁྱེད་ཀྱིས་ང་ཚོའི་ལས་འཆར་འདིར་གྲོས་ཚོགས་འཐུས་མི་དང་སྲིད་འཛིན་ཁི་ལེན་ཌོན་གྱིས་རྒྱབ་སྐྱོར་འཐོབ་ཐབས་བྱ་ཐུབ་ཚེ།ང་ཚོས་ཁྱེད་ཀྱིས་འདོད་མོས་བཞིན་གླ་ཡོན་ཕུལ་ཆོག” (མུ་མཐུད་དུ་ཀློགས། …)

ཧན་ཧན་གྱིས་སྨྲ་བརྗོད་རང་དབང་རེ་བ་བྱེད་པ།


བསྒྱུར་མཁན། ཚེ་རིང་སྐྱིད་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༡ དྲི་བ། ད་ཐེངས་ཁྱེད་ཀྱི་བརྩམས་ཆོས་ཐེངས་དང་པོ་དབྱིན་ཡིག་ནང་བསྒྱུར་བ་རེད། དབྱིན་ཡིག་གི་ཁོར་ཡུག་ཁྲོད་དུ་ཁྱེད་ཀྱི་རྩོམ་ཡིག་གི་རྗེས་འབྲས་ཐད། ཁྱེད་ལ་རེ་བ་དང་སེམས་ཁྲལ་ག་རེ་ཡོད་དམ།

ཧན་ཧན། ང་འདི་ལ་རེ་བ་ཆེན་པོ་གང་ཡང་མེད། ཐ་ན་ངས་རང་ཉིད་ཀྱི་རྩོམ་ཡིག་རྣམས་དབྱིན་ཡིག་ནང་དུ་ནམ་ཞིག་ལ་བསྒྱུར་ཐུབ་པར་དོ་སྣང་བྱེད་མ་མྱོང་། རྩོམ་ཡིག་འབྲི་བ་པོ་ཞིག་གིས་རང་གི་མ་སྐད་ནང་དུ་རྩོམ་ཡིག་བྲིས་ཚར་བ་དེ་ཡིན་ན་བརྟན་པོ་དང་འགྱུར་བ་མེད་པ་དེ་རེད། དེའི་རྐྱེན་གྱིས་སེམས་ཁྲལ་དང་རེ་བ་ཚང་མ་ཕན་མེད་རེད། མ་ཟད། ངའི་རྩོམ་ཡིག་རྣམས་ནི་གཏམ་རྒྱུད་རང་གི་ཐོག་ནས་གྲུབ་འབྲས་ལྡན་པ་བྱུང་བ་མ་ཡིན་པར་བརྗོད་བྱ་ཟུར་འདོན་བྱས་ཡོད་པའི་ཡི་གེ་མང་པོ་ཡོད་པས། དེ་ལས་ཀྱང་ཡིག་བསྒྱུར་བྱ་རྒྱུ་ཁག་པོ་ཡོད་པ་རེད།

༢ དྲི་བ། ཁྱེད་ཀྱིས་བསམ་ན་ཁྱེད་རང་གི་རྩོམ་ཡིག་ནང་དུ་ནུབ་གླིང་གི་ཀློག་པ་པོ་ཚོར་གློ་ཡུལ་ལས་འདས་པའི་ཚོར་བ་སྤྲོད་ཐུབ་པའི་གནས་ཚུལ་དེ་འདྲ་ཡོད་དམ།

ཧན་ཧན། གནད་དོན་འདི་ཀློག་པ་པོ་ཚོས་ལན་བཏབ་པ་ཡིན་ན་རན་ཤོས་རེད། (མུ་མཐུད་དུ་ཀློགས། …)

བོད་ཀྱི་ངོ་བོར་འཛིན་པའི་ལྟ་ཚུལ་གསར་པ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བློ་བཟང་རབ་རྒྱས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་ཚོ་རླངས་འཁོར་ལ་བསྡད་དེ་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བོད་ཀྱི་གཞིས་ཆགས་ཁག་ལ་ལྟ་སྐོར་དུ་སོང་བ་ཡིན། རླངས་འཁོར་སྐྱོད་པའི་འགྲོས་སུ། དེར་སོ་ཕག་གི་རྩིག་གྱང་ལ་རྩི་དཀར་པོ་བྱུགས་ཤིང་། ཀླད་ཁེབ་འདམ་འབག་གིས་བྱས་པའི་དུད་ཁྱིམ་རྣམས་སྐོར་ཚན་སྐོར་ཚན་བྱས་ཏེ་ཆགས་ནས་ཡོད་པ་དང། གཞི་རྒྱ་ཆེ་བའི་ཞིང་ཁ་དག་རྨོད་འདེབས་ཀྱི་དུས་སུ་སླེབས་ནས་འདུག་པ། དེ་བཞིན་གཞུང་ལམ་གྱི་འགྲམ་དུ་དམར་པོ་དང་། སེར་པོ། ལི་ཁྲིའི་མདོག་སོགས་ལྡན་པའི་མེ་ཏོག་སྣ་ཚོགས་བཞད་ཡོད་པ་བཅས་མཐོང་བྱུང་ལ། མཐར་ང་ཚོ་བསྡད་པའི་རླངས་འཁོར་དེ་དཀྱོགས་མཚམས་ཤིག་ནས་ཁ་དགྱུས་ཏེ་སྐྱོད་པའི་ཚེ། ཤིང་ཏོག་ངང་ལག་སྐྱེས་པའི་སྡོང་པོ་ཞིག་གི་འོག་ཏུ་མཐུག་ཅིང་ནག་པའི་བོད་ལྭ་གྱོན་པའི་བུད་མེད་བགྲེས་སོང་ཞིག་སོས་དལ་བག་ཕེབས་ངང་དེར་འགྲེང་ནས་སྡོད་པ་མཐོང་བྱུང་། བདག་གིས་ཁོ་མོ་མཐོང་བའི་དུས་ཡུན་དེ་འཁྱུག་ཙམ་ཞིག་གི་རིང་ཡིན་ནའང། སྐབས་དེའི་སྣང་བརྙན་དེ་ཡིད་ངོགས་ནས་ནམ་ཡང་ཡལ་ཐབས་མེད། དེ་སྔ་ངས་གནམ་གཤིས་ཚ་གདུག་ཆེ་བའི་ཁོར་ཡུག་ཅིག་ཏུ་བོད་ཀྱི་ཁྱད་ཆོས་ཡོངས་སུ་རྫོགས་པའི་བོད་མི་ཞིག་གཏན་ནས་མཐོང་མ་མྱོང་། (མུ་མཐུད་དུ་ཀློགས། …)

བཙན་བྱོལ་བོད་མི་ཚོ། སྐྱབས་བཅོལ་བ་རེད་དམ་རྒྱལ་ཁབ་ཅིག་གི་མི་སེར་རེད་། (སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའོ་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༡༡ལོར་བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གིས་ལས་འཁུར་ཞུས་བ་དང་མཉམ་དུ་བོད་མིའི་རང་བསྲེག་ངོ་རྒོལ་གྱི་དོན་རྐྱེན་ཛ་དྲག་ཆགས་པ་དེས་དབུས་བོད་མིའི་སྒྲིག་འཛུགས་ལ་བོད་ནང་གི་ཛ་དྲག་ཆེ་བའི་དུས་བབ་གཉན་འཕྲང་ཅན་དང་། རྒྱ་བལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་ཁག་ཁ་གསལ་གཏིང་གསལ་བཟོ་རྒྱུའི་གོ་སྐབས་དཀོན་པོ་ཞིག་བསྐྲུན་པ་རེད། བོད་ནང་གི་རང་ལུས་མེ་མཆོད་ལ་འབུལ་མཁན་གྱི་རྒྱལ་གཅེས་པ་དག་གི་སྣང་བརྙན་ནི། ཨེ་ཤ་ཡའི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་འབུར་ཐོན་བྱུང་བའི་ཞེད་སྣང་གི་གཡོ་འགུལ་ཏེ། རྒྱ་ནག་བཅིངས་འགྲོལ་དམག་མིའི་འཐབ་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་བསྐྱོད་པ་དང། བོད་ནང་དུ་རྒྱ་ནག་གིས་ཆུ་མཛོད་བརྒྱབ་སྟེ་གཙང་པོ་དང། རྒྱལ་མོ་རྔུལ་ཆུ། སེང་གེ་ཁ་འབབ་བཅས་ཀྱི་བཞུར་རྒྱུན་གྱི་ཁ་བསྐོར་བའི་ཚ་རླབས་འཕྱུར་བའི་དུས་དང་བསྡོངས་ནས་བྱུང་པ་ཞིག་རེད།(གནས་ཚུལ་རྒྱས་བ་དྲ་ཚིགས་འདི་ནས་ཀློག་ཐུབ།www.meltdownintibet.com)

འོན་ཀྱང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་བསྡུར་ན་བོད་ཀྱི་འཐབ་རྩོད་ལ་ནམ་ཡིན་ཡང་ཆ་རྐྱེན་གྱི་མ་འདང་བའི་འགོག་རྐྱེན་ཅིག་འཕྲད་ཀྱི་ཡོད། ༡༩༨༩་ལོའི་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་དམར་གསོད་དོན་རྐྱེན་བྱུང་བའི་རྗེས་ནས་བཟུང་རྒྱ་གཞུང་གིས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་སྤྱི་དམངས་འབྲེལ་ལམ་ལས་ཁུངས་ཧེལ་དང་ནོལ་ཌོན་(Hill and Knowlton)ལ་སྒོར་མོ་ས་ཡ་མང་པོ་སྤྲད་དེ། རྒྱ་གཞུང་གི་བྱས་ཉེས་ཁག་མཚོན་པའི་གཟུགས་བརྙན་རྣམས་བསུབ་ཏེ། དམར་ཤོག་ཚོགས་པའི་གཏན་འབེབ་སྲིད་ཇུས་དག་ཁྱབ་སྤེལ་དང། རྒྱ་ནག་དམར་ཤོག་ཚོགས་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མཚོན་པའི་ལམ་ལུགས་སྟེ། མ་རྩ་རིང་ལུགས་དང་གུང་ཁྲན་རིང་ལུགས་གཉིས་མཉམ་སྦྲེལ་བྱས་པ་འདི་འབྲས་བུ་གཡུར་དུ་སྨིན་པའི་དཔལ་འབྱོར་ལམ་ལུགས་ཤིག་དང་། རྒྱལ་ཁབ་འཛིན་སྐྱོང་གི་ལམ་ལུགས་མིག་དཔེར་འོས་པ་ཞིག་ཡིན་པ་རྒྱ་ཁྱབ་ཏུ་ཁྱབ་བསྒྲགས་བྱེད་པའི་ལས་གཞི་རྒྱུན་འཁྱོངས་ཡོང་ཆེད་འགྲོ་སོང་མང་པོ་བཏང་ཡོད། (མུ་མཐུད་དུ་ཀློགས། …)

རྒྱ་ནག་གི་ཆེས་མཐོའི་དྲག་པོའི་དཔོན་རིགས་ཁག་བསྐྱར་དཀྲུགས།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བང་ཅེན་བིན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ས་ཁུལ་གནད་འགག་ཅན་གཉིས་ཀྱི་ནང་དུ། རྒྱ་ནག་གི་དྲག་པོའི་དཔུང་སྡེས་ཤེས་མེད་ཚོར་མེད་དུ་གོ་གནས་མཐོ་བའི་དཔོན་རིགས་མང་པོ་ཞིག་གི་ལས་གནས་བརྗེ་བསྒྱུར་བྱས་པ་དང་། ད་ལྟ་དམར་ཤོག་ཚོགས་ཁོངས་ནས་གནས་དབྱུང་བཏང་བ། རྒྱ་ནག་དམར་ཤོག་ཚོགས་པའི་ཆེས་གདུག་རྩུབ་ཅན་གྱི་ཤོག་ཁག་གིས་དམར་ཤོག་ཚོགས་པའི་འགོ་ཁྲིད་རྗེས་མར་འོས་དམིགས་བྱས་པའི་དཔོན་རིགས་པོའོ་ཞིས་ལེ་(Bo Xilai)ཡི་རྒྱབ་སྐྱོར་བ་མང་ཆེ་བ་ཞིག་གོ་གནས་ནས་ཕབ་ཡོད། ཟླ་བ་གཅིག་ཁོ་ནའི་ནང་དུ་རྒྱ་ནག་གི་དམག་ཁུལ་རིམ་པའི་དམག་དཔོན་གྱི་གོ་གནས་ན་ཡོད་པའི་དཔོན་རིགས་༡༤་ཙམ་གྱི་ལས་གནས་བརྗེ་བསྒྱུར་བྱས་ཡོད།

རྒྱ་ནག་ལྷོ་རྒྱུད་གྲོང་ཁྱེར་གྱི་ཉིན་རེའི་ཚགས་པར་གྱིས་འཚོལ་བསྡུ་དང་པར་བསྐྲུན་བྱས་པའི་སྙན་ཐོ་གཞིར་བཞག་ན། ཕྱི་ཟླ་༧པ་ནས་བཟུང་རྒྱ་ནག་གཞུང་གིས་ལན་ཀྲུའུ་(Lanzhou)དམག་ཁུལ་དང་། ཀང་ཀྲོའོ་(GuangZhou)དམག་ཁུལ། ཁྲིན་ཏུའུ་(Chendu)དམག་ཁུལ། ཧོང་ཀོང་(Hong kong)གི་གྲོང་སྲུང་དམག་སྡེ། སྤྱིར་བཏང་གི་དམག་འགུལ་ཐབས་ཇུས་སྡེ་ཁག་དང་མཚོན་་ཐོགས་ཉེན་རྟོག་པ་བཅས་ཀྱི་མཚོ་དམག་དང་གནམ་དམག་ཐེ་བའི་དམག་སྤྱི་རྒན་གྲས་ཁག་གང་མང་ཞིག་གི་གོ་སར་འཕོ་འགྱུར་བཏང་ཡོད། རྒྱ་ནག་གི་ལྷོ་བྱང་རྒྱ་མཚོའི་དམག་གྲུའི་དཔུང་སྡེ་གཉིས་ཀྱི་དམག་དཔོན་ཡང་བརྗེ་བོ་བརྒྱབ་ཡོད། འདི་ནི་༡༩༨༩་ལོའི་དྲུག་བཞིའི་དོན་རྐྱེན་གྱི་སློབ་མའི་དམར་གསོད་བྱུང་བའི་རྗེས་སུ་དྲག་པོའི་དཔོན་རིགས་འཕོ་འགྱུར་བཏང་བ་ཁྱབ་ཆེ་ཤོས་དེ་ཆགས་ཡོད། (མུ་མཐུད་དུ་ཀློགས། …)

མེ་ལྕེའི་ཁྲོད་ཀྱི་ས་ག་ཟླ་བ།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འོད་ཟེར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ས་ག་ཟླ་བ་ཚེས་པ་དང་ལྷ་སའི་ནང་དང་བོད་ས་ཧྲིལ་བོ་སྔར་དང་མི་འདྲ་བར་གནས་སྟངས་ཛ་དྲག་ཏུ་གྱུར་འགྲོ དོན་དངོས་སུ་ས་ག་ཟླ་བ་ནི་ཡུལ་ལུང་ཞིག་གི་དུས་ཆེན་ཞིག་གམ། རྒྱུན་སྲོལ་དུས་ཆེན་ཞིག་གམ། ཡང་ན་ཕྱི་མིས་བཙན་འགེལ་བྱས་པའི་དུས་ཆེན་ཞིག་གང་ལྟར་ཡང་ཅི་སྐྱོན་མོད། ད་ལྟ་མི་མང་བྱིངས་ཀྱི་བཤད་སྲོལ་ལྟར་ན། ཁོང་ཚོ་ཀུན་པོས་སུ་གང་ཡང་མ་ཚུད་པ་མེད་པར་ས་ག་ཟླ་བ་ནི་ཚོར་བ་རྣོ་བའི་ཉི་མ་མང་པོ་ཞིག་ཏུ་ངོས་འཛིན་བྱས་ཡོད་ཟེར་རོ།

ཚོར་བ་རྣོ་བའི་ཉི་མ་མང་པོ་ཞིག་ལས་ད་དུང་ཚོར་བ་རྣོ་བའི་ཟླ་བ་མང་པོ་ཞིག་ཀྱང་ཡོད་དེ། དཔེར་ན། ཟླ་གསུམ་པ་ལྟ་བུའོ། ཟླ་གསུམ་པ་ནི་ཚོར་བ་ཧ་ཅང་རྣོ་བའི་ཟླ་བ་ཞིག་ཡིན། རྒྱུ་མཚན་ནི་སྤྱི་ལོ་༡༩༥༩ནས་གལ་གནད་ཆེ་བའི་དོན་རྐྱེན་མང་དག་ཅིག་ཟླ་གསུམ་པའི་ནང་འབྱུང་གིན་ཡོད། མ་ཟད་དུས་ཡུན་རིང་བོ་ཞིག་ཏུ་ཚོར་བའི་ས་ག་ཟླ་བའི་ཟླ་ངོ་གཅིག་་དེའང་ཚོར་བ་རྣོ་བའི་ཟླ་བ་ཞིག་ཅིས་ཀྱང་ཡིན་ངེས། ཆོས་སེམས་ཅན་གྱི་བོད་མི་སྟོང་ཕྲག་མང་པོས་ཆོས་ལ་མི་དད་པའི་དངོས་གཙོ་སྨྲ་བ་ཚོར་གཏན་ནས་མེད་པའི་དད་སེམས་ཞིག་དང་མི་དེ་དག་གིས་མཐོང་འདོད་ཀྱང་མེད་པའི་ནང་པ་སངས་རྒྱས་པའི་དད་སེམས་ཉམས་ལེན་བྱེད་པ་རེད། (མུ་མཐུད་དུ་ཀློགས། …)

ནང་ཆོས་དང་ཚན་རིག (ཚན་རིག་ནང་ཆོས་དང་འཕྲད་པའི་གལ་གནད།)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧྥ་རན་སེ་སི་ཀོ བ་རེ་ལ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ནང་ཆོས་ཀྱིས་ཕན་ནུས་དང་ལྡན་པའི་སྒོ་ནས་གཙོ་བོ་ཚན་རིག་གི་གནད་དོན་གཉིས་ཏེ། སེམས་པ་འཚོལ་བར་ཞིབ་ཕྲའི་བརྟག་དཔྱད་རང་བཞིན་གྱི་དཔང་པོ་དང་། ཚན་རིག་གི་རྨང་གཞི་སྟེ། ལྷག་པར་དུ་དངོས་ཁམས་ཚན་རིག་གི་རྨང་གཞི་ལ་ཚད་མ་རིག་པའི་ཤན་ཤུགས་ཅི་ཡོད་གཉིས་ཀྱི་སྒང་ལ་གལ་ཆེ་ཞིང་གྲུབ་འབྲས་ལྡན་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་དཔང་པོ་མང་དུ་འགྲོ་བཞིན་ཡོད་པ་རེད།
ཞིབ་འཇུག སྲོག་གི་ཚན་རིག་ལོ་ངོ་ལྔ་བཅུའི་རིང་ལ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་རེད། སྡེ་ཚན་གལ་ཆེན་ཞིག་ནི་ཀླད་པའི་ཚན་རིག་གིས་བྱ་བ་གཙོ་བོར་བྱེད་པའི་སེམས་པ་ཞིབ་འཇུག་དང་། ཡུལ་རྟོགས། ཚོར་བ། འབྲེལ་ཡོད་སེམས་ཀྱི་སྣང་ཚུལ་བཅས་རེད། ཤེས་པ་དང་ཚོར་བ། ལས་བཅས་ཀྱི་རང་བཞིན་སྟེང་སློབ་གཞི་མང་པོ་ཞིག་གིས་མཉམ་རུབ་ཀྱིས་ནུས་པ་སྤུངས་བར་རྒྱུན་ལྡན་མིན་པའི་ཤུགས་རྐྱེན་ཐེབས་ཡོད་པ་རེད། སློབ་གཞི་དེ་དག་ནི། ཀླད་རྩའི་ཚན་རིག་དང། ཕྲ་ཕུང་རིགས་རྒྱུན་དཔྱད་ཞིབ་རིག་པ། བརྟག་དཔྱད་སེམས་ཁམས་རིག་པ། མིས་བཟོས་རིག་སྟོབས་རིག་པ། སྐད་ཡིག་རིག་པ་བཅས་རེད། (མུ་མཐུད་དུ་ཀློགས། …)

གཟུངས་ཕྱུག་སྐྱིད་ལ་སྙན་ངག་སྐོར་དྲིས་པ།


བཅར་འདྲི་ཞུ་ཡུལ་གཟུངས་ཕྱུག་སྐྱིད་།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

དང་པོ། ཁྱེད་རང་རང་བཙན་བྱོལ་ལ་སླེབས་པ་དེས། ཁྱེད་ཀྱི་སྙན་ངག་གི་སེམས་ཁམས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད་དམ།

ལན། ང་རང་བཙན་བྱོལ་ལ་བསླེབས་པ་དེ་ནི་འཚོ་བ་དངོས་ལ་གདོང་ཐུག་བྱུང་བའི་བརྒྱུད་རིམ་ཞིག་ཡིན། སྙན་ངག་ནི་མ་གཞི་ནས་མིའི་འཚོ་སྡོད་ཀྱི་འཚོ་བ་དངོས་ལས་བྱུང་བའི་ནང་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་པས། ང་རང་བཙན་བྱོལ་ཏུ་བསླེབས་རྗེས་ཀྱི་འཚོ་བ་ནི་འཐུས་ཚང་རང་བཞིན་གྱི་བརྒྱུད་རིམ་ཞིག་ཡིན་པར་འདོད། རྒྱུ་མཚན་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དང་བྱམས་བརྩེ་ལྡན་པའི་ཡུལ་མི་དག་གི་འཛུམ་མདངས་དྲོད་མོ་ལས་རིང་དུ་གྱེས་ཏེ། རྒྱུས་མེད་ཡུལ་གྱར་དུ་གནས་པའི་འཚོ་བ་ནི་ཁ་དོག་སྣ་ཚོགས་དང་སྐྱོ་སྡུག་འདྲེས་མས་བྲིས་པའི་མི་ཚེའི་ཟློས་སྒྲུང་ལྟ་བུ་ཞིག་ཡིན། ཟློས་སྒྲུང་འདིའི་ནང་དུ་ངའི་མི་ཚེའི་དྲན་སྣང་དང་སྐྱོ་སྣང་། ཡང་ན་ན་ཟུག་དང་འཁང་སེམས་སོགས་དམར་རྗེན་རྗེན་དུ་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་དེ་ནི་ངས་རང་ཉིད་ཀྱི་སྙན་ངག་གི་སེམས་ཁམས་ངོ་མ་རྙེད་པའི་རིན་ཐང་དང་། ཡང་ན་རང་ཉིད་སྙན་ངག་ལ་དགའ་བའི་ཕུགས་འདུན་དང་ཐག་ཉེ་རུ་སོང་བའི་ཉམས་མྱོང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དངོས་ཡོད་འཚོ་བའི་ཁ་དོག་དངོས་ཀྱི་ནང་ནས་དགའ་དུས་དགོད་མྱོང་ལ། སྡུག་དུས་ངུ་མྱོང་བའི་ངའི་སེམས་ཁམས་ན་སྙན་ངག་གི་བསྡུས་གཟུགས་རེ་རེ་རི་མོ་བཞིན་བྲིས་ཡོད་མོད། ཡིན་ནའང་དེ་དག་རེ་རེ་བཞིན་ཚད་མཐོ་བའི་སྒྱུ་རྩལ་གྱི་ལམ་ལས་བཞེངས་བསྐྲུན་དང་ལས་སྣོན་གྱི་ལས་འགན་ད་དུང་འགྲུབ་མེད་པའི་གནོང་འགྱོད་ཅིག་ང་ལ་དུས་རྒྱུན་འཁོར་གྱིན་འདུག (མུ་མཐུད་དུ་ཀློགས། …)

པོ་ཞི་ལེ། ལན་བཏབ་མེད་པའི་དྲི་བ་དག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་རེས་ལིན་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་དམར་ཕྱོགས་ཚོགས་པས་དུས་རྒྱུན་དུ་མཛེས་རྒྱན་སྤྲོས་པའི་ཕྱི་རོལ་ཞིག་བརྒྱུད་ནས་ཆབ་སྲིད་ཀྱི་“ངོ་གདོང་”རྒྱུན་འཁྱོང་ཡོང་བར་ངོས་འཇམ་པོའི་ཕྱི་ཚུལ་ལ་ནན་བཤད་བྱེད་ཀྱི་ཡོད། མཐོ་རིམ་དཔོན་པོ་ཚོས་ཁོང་ཚོའི་སྐྲ་མདོག་ནག་པོར་བསྒྱུར་དགོས་ཤིང་སྐྲ་རྐང་ཉག་མ་རེ་རེའང་ངེས་པར་དུ་ཨ་འགྲིག་ཆ་འགྲིག་ཡིན་དགོས། ཡིན་ནའང་། མཚམས་རེར་འཇམ་ཤིག་ཤིག་གི་དཀྱིལ་ནའང་སེར་ཁ་ཡོད་ཅིང་། ཕྱི་ལོག་གི་མི་ཚོར་དེའི་ལྟག་རྒྱབ་ཏུ་ཡོད་པའི་ནག་ཚོགས་ལྟ་བའི་འཇིག་རྟེན་དེར་མིག་བལྟ་འཁྱུག་ཙམ་རེ་བྱེད་དུ་འཇུག་གིན་ཡོད།

སྤྱི་ཟླ་བདུན་པའི་ཚེས་ཉེར་དྲུག་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ཁང་གིས་པོ་གུའུ་ཁེ་ལེ་དང་ཁོང་མོའི་ལག་རོགས་གཉིས་ལ་མི་གསོད་ཁྲག་སྦྱོར་གྱི་སྐྱོན་འཛུགས་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད། པོ་གུའུ་ཁེ་ལེ་ནི་པོ་ཞི་ལེ་ཡི་ཆུང་མ་ཡིན་ཞིང་། ཁོང་ནི་དམར་ཕྱོགས་ཚོགས་པའི་“རྒྱལ་སྲས”་དང་མའོ་ཙེ་ཏུང་གི་ཆེས་འབྲེལ་འདྲིས་ཟབ་པའི་གྲོགས་པོ་ཞིག་གི་བུ་ཡིན། ཉེ་ཆར་བར་དུ་ཁོང་ནི་རྒྱ་ནག་དམར་ཕྱོགས་ཚོགས་པའི་མཁའ་དབྱིངས་ན་འོད་འཚེར་འཚེར་ངང་འཆར་གྱིན་པའི་སྐར་མ་ཞིག་ཡིན། མི་གསོད་ཁྲག་སྦྱོར་གྱི་གནོད་འཚེ་ཕོག་ཡུལ་ནི་ཨིན་ཇིའི་མི་སེར་ནེལ་ཧད་བོ་ཌུའུ་ཡིན་སྟབས་འཛམ་གླིང་གི་གསར་འགྱུར་རྒྱུད་ལམ་དག་གི་ནང་དུ་“ངོ་ཚ་ཁ་སྐྱེངས”་ཞེས་པའི་ཐ་སྙད་ཅིག་བེད་སྤྱོད་གཏོང་བཞིན་ཡོད། ཡིན་ནའང་། ང་པེ་ཅིན་གྱི་མགོ་ཁྲིད་ཚོའི་སེམས་ནང་ལ་ངོ་ཚ་ཁ་སྐྱེངས་ལྟ་བུའི་ཚོར་བ་གང་རུང་གིས་འགེངས་ཡོད་མེད་དོགས་པ་སྐྱེ་ཡི་ཡོད། དེ་ལས་ལྷག་པ་མང་པོ་ཞིག་ཆགས་འཇིག་གི་ཉེན་ཁར་ཐུག་ཡོད། (མུ་མཐུད་དུ་ཀློགས། …)

འཛུམ་མདངས་ཅན་གྱི་དཔའ་མོ་དང་མེ་ལ་བསྒྲོན་པའི་དཔའ་མོ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། ཁོ་ལོ་སྒྲིས་ཨར་པེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ད་ལོའི་ལོན་ཌོན་ཨོ་རྩེད་འགྲན་ཚོགས་ཀྱི་རྩེད་རིགས་ཁག་མཇུག་བསྒྲིལ་བ་རེད། རྒྱ་གར་གྱི་རྩེད་འགྲན་པ་ཚོའི་རྩེད་རིགས་གྲུབ་འབྲས་སྐོར་ལ་གླེང་སློང་ཅི་ཙམ་ཉུང་ན་དེ་ཙམ་གྱིས་ལེགས་པར་འདོད། རྒྱ་གར་གྱི་རྩེད་རིགས་བློན་ཆེན་མཆོག་དགའ་སྤྲོ་ཆེན་པོས་རྒྱ་གར་གྱི་མ་འོངས་ཨོ་རྩེད་གྱི་མདུན་ལམ་ནི་འོད་སྟོང་ལྡན་པ་ཞིག་ཏུ་གཟིགས་ཀྱི་ཡོད་བཟོ་འདུག་ཀྱང་། ཕྱིའི་དཔྱད་ཞིབ་པ་དག་གི་སྣང་ངོར་རྒྱ་གར་ནི་དཔལ་འབྱོར་ཡར་རྒྱས་ཀྱི་སྟོབས་ཤུགས་ཇེ་མཐོར་འགྲོ་བཞིན་པ་ཞིག་རྩེད་འགྲན་གྱི་ཐད་ནས་གནས་རིམ་གསུམ་པའི་ནང་དུ་ལྷག་འདུག་པར་ཆ་འཇོག་བྱེད་ཀྱི་ཡོད། གང་ལྟར་ད་ལོའི་རྒྱ་གར་གྱི་རྩེད་འགྲན་པ་དག་གི་གྲུབ་འབྲས་སྔོན་མའི་གནས་ཚད་ལས་བརྒལ་ཏེ་རྒྱལ་ཁའི་རྟགས་མ་ཁག་ཅིག་ལེན་ཐུབ་པ་དེ་ལ་རྗེས་སུ་ཡི་རངས་བྱེད་ཆོག ད་ལྟའི་ཆར་རྩེད་རིགས་བློན་ཆེན་སེམས་པ་སྤྲོས་བས་ཁེངས་ནས་ཡོད་པ་རེད། ཡིན་ནའང། བསྟུད་མར་ཚད་བརྒལ་གྱི་ཐབས་ལམ་དག་ལ་བརྟེན་ནས་བོད་པའི་གནས་སྟངས་ལ་འཛམ་གླིང་མི་མང་གིས་དོ་སྣང་ཡོང་བར་གཞོལ་གྱིན་པའི་བོད་པ་ཚོར་མཚོན་ན་རྒྱ་གར་རྩེད་རིགས་བློན་ཆེན་གྱི་སྤྲོ་སྣང་འདྲ་ཞིག་མེད། (མུ་མཐུད་དུ་ཀློགས། …)

ཨཱ་བ་ཏཱར་(阿凡达)་ནས་མཐོང་བའི་རྒྱ་ནག་གིས་བོད་རིགས་དམར་གསོད་བྱེད་ཚུལ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཡུའུ་ཅཱེ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བདག་གིས་ཁྲའོ་བེ་ཁྲར་(twitter)སྟེང་དུ་བོད་ནི་པཱན་ཏོ་ལཱ་དང་བཱང་ལི་ཤུང་ནི་ཅཱེ་ཁི། འོད་ཟེར་ནི་ནཱེ་ཐི་ལི་《西藏就是潘多拉,王力雄就是杰克,而唯色就是纳特莉》ཞེས་པའི་བརྗོད་གཞི་སྟེང་ཨཱ་བ་ཏཱར་གྱི་ཐད་ལ་དཔྱད་གཏམ་ཞིག་བྲིས་པ་ཡིན། ངའི་ཁྲེའུ་ཁྲར་གྱི་གྲོགས་པོས་དེ་མ་ཐག་ལན་དུ། འདི་ནི་ལོ་རྒྱུས་སྟེང་ཁ་བྱང་ཆེས་རིང་བའི་དཔྱད་བརྗོད་ཅིག་རེད་ཟེར། ངས་དེ་ནི་ཁ་བྱང་རིང་སོང་བ་མ་རེད། བོད་ཀྱི་དཀའ་སྡུག་གི་ལོ་ཟླ་ཧ་ཅང་རིང་བས་རེད་ཅེས་བཤད་པ་ཡིན། ཨཱ་བ་ཏཱར་ནི་མི་རིགས་ཤིག་གི་ལོ་རྒྱུས་མཚོན་པའི་སྙན་ངག་ཡིན་ལ། ཉམ་ཆུང་བའི་མི་རིགས་དག་གི་ལོ་རྒྱུས་མཚོན་པའི་སྙན་ངག་ཀྱང་རེད། དེ་ནི་སེ་པན་(西班牙)མི་སེར་སྤེལ་མཁན་གྱིས་མ་ཡ་པ་(玛雅人)་དམར་གསོད་བཏང་བའི་ལོ་རྒྱུས་མཚོན་པའི་སྙན་ངག་ཡིན་པ་དང་། ན་ཙི་(纳粹)ཡིས་ཡེའུ་ཐའེ་པ་(犹太人)དམར་གསོད་བཏང་བའི་ལོ་རྒྱུས་མཚོན་པའི་སྙན་ངག་ཡིན་ལ། ཀྲུང་གུང་གིས་བོད་མི་དམར་གསོད་བཏང་བའི་ལོ་རྒྱུས་མཚོན་པའི་སྙན་ངག་ཀྱང་ཡིན། གཙང་བཟོ་སྡེ་ཁག་གིས་རང་ནུས་གང་ཡོད་ཀྱིས་ཡོད་ཚད་རྫུན་སྒྲིག་བྱེད། གློག་བརྙན་འདི་དང་དངོས་ཡོད་འཚོ་བ་བསྡུར་སྐབས་ད་གཟོད་རང་མཚང་ཡོད་ཚད་ལྷང་ལ་འབུད་ཐུབ། (མུ་མཐུད་དུ་ཀློགས། …)

ཞོའོ་ཐོ་ཏོའུ། དངོས་མཚོན་གློག་བརྙན་དང་ངའི་སེམས་ནང་གི་བོད།


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཞོའོ་ཐོ་ཏོའུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འོད་ཟེར་གྱིས་བཤད་རྒྱུར། རྩོམ་ཡིག་འདི་གཉིས་ནི་རང་ལོ་བཅུ་གཉིས་(ངས་ཚོད་དཔག་བྱས་པ་ནོར་མེད་ཚེ་)་ལ་སོན་པའི་རྒྱ་རིགས་བུ་མོ་ཞོའོ་ཐོ་ཏོའུ་ཡིས་བྲིས་པ་རེད། ང་དང་མོའི་ཨ་མ། ད་དུང་མོའི་ཨ་མའི་གྲོགས་པོ་ནི་ཁྲོས་ཁྲེར་(推特)བརྒྱུད་ནས་ངོ་ཤེས་ཤིང་གྲོགས་པོར་ཆགས། དེ་དང་འབྲེལ་ནས་ལོ་ན་ཆུང་ཞིང་བསམ་བློ་རང་རྐྱ་འཕེར་བའི་བུ་མོ་ཆུང་ཆུང་འདི་ཡང་ངོ་ཤེས་སུ་གྱུར། ཁོ་མོའི་སེམས་ནང་གི་བོད་ནི་དོན་དངོས་དང་ཧ་ཅང་ཐག་ཉེ་བ་ཞིག་ཡིན་པ་མངོན་གསལ་རེད།
དངོས་མཚོན་གློག་བརྙན་དང་ངའི་སེམས་ནང་གི་བོད། (ཁག་གཉིས) (མུ་མཐུད་དུ་ཀློགས། …)

བོད་ཀྱི་དེང་རབས་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་དང་ལྷན་དུ་།

བཅར་འདྲི་ཞུ་ཡུལ་བསྟན་འཛིན་རིག་གྲོལ།
བཅར་འདྲི་ཞུ་མཁན་སྐར་ཁུང་དྲ་བ།

༡) བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་ན་ཅི་ཞིག་རེད་།

དེང་རབས་མ་བརྗོད་སྔོན་ལ། དེང་རབས་ཟེར་བའི་ཐ་སྙད་འདི་ལ་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག བོད་ཀྱི་དེང་རབས་སྒྱུ་རྩལ་ཟེར་དུས། ངས་བལྟས་ན་ཕལ་ཆེར་དགེ་འདུན་ཆོས་འཕེལ་གྱི་སྒང་ལ་ཐུག་གི་ཡོད་རེད་།
སྤྱིར་བཏང་ནས་དེང་རབས་ཟེར་དུས། ནུབ་ཕྱོགས་ལ་མཚོན་ན་དེང་རབས་ཟེར་ན་ཅི་ཞིག་རེད་ཟེར་བའི་སྐོར་ལ་ལྟ་ཚུལ་མང་པོ་ཡོད་རེད་། དེ་ཡང་མཚན་ཉིད་ཀྱི་སྒང་ལ་སྐོར་ན། དེ་དྲི་བ་གཏོང་མཁན་ཞིག་ལ་ཐུག་གི་ཡོད་པ་རེད་། དཔེར་ན། དེང་དུས་ཤེར་རྟོགས་རིག་པ་འགོ་འཛུགས་མཁན་སུ་རེད་ཟེར་དུས། (Rene Descarts) རེ་ནེལ་ སྒྲེ་ཁར་ཁྲི་ལ་ཐུག་གི་ཡོད་པ་རེད་། ཁོང་གི་ལྟ་གྲུབ་གཙོ་བོ་དེ་། བྱ་དངོས་ཅི་ཞིག་ཡིན་རུང་དེ་ལ་དོགས་འདྲི་བྱེད་དགོས་ཟེར་བ་དེ་རེད་། བྱ་དངོས་ཤིག་ལ་དོགས་འདྲི་བྱེད་མ་ཐུབ་པའི་ཚད་ལ་སླེབས་ན་ད་གཟོད་དེ་བདེན་པ་རེད་ཟེར་གི་ཡོད་རེད་། དོགས་འདྲི་ཟེར་དུས། བྱ་དངོས་ག་རེ་ཡིན་ན་ཡང་དེ་ལ་གློ་བུར་དུ་ཡིད་ཆེས་མི་བྱེད་པར་དྲི་བ་ཐོངས་ཟེར་བ་དེ་རེད་། དོགས་འདྲི་བྱེད་པ་ནི་དེང་རབས་མཚན་ཉིད་ཀྱི་སྤྱོད་པ་དེ་རེད་། ད་འདི་དགེ་འདུན་ཆོས་འཕེལ་གྱི་སྒང་ལ་སྦྱར་ན། དགེ་འདུན་ཆོས་འཕེལ་གྱི་ལྟ་སྤྱོད་ཀྱིས་ཀྱང་དེང་རབས་མཚོན་པ་མ་ཟད་། ཁོང་གིས་སོ་སོའི་རི་མོ་ལ་མཚན་རྟགས་བསྐྱོན་པ་སོགས་དེ་ངས་མཐོང་སོང་། དེ་ངའི་ཡིན། དེ་ངའི་ལྟ་ཕྱོགས་ཡིན་ཟེར་བ་ལྟ་བུ་ང་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཡོང་གི་ཡོད་པ་རེད་། དོན་དངོས་སུ། ནུབ་ཕྱོགས་སུ་ང་ཟེར་བ་དེ་བསམ་བློ་ཐ་ཤལ་བ་ལ་བརྩི་གི་ཡོད་མ་རེད་། དགེ་འདུན་ཆོས་འཕེལ་ཁོ་རང་ཐང་ཀའི་སྒྱུ་རྩལ་ནས་ཕྱི་ལ་བཏོན་པ་ཙམ་མ་ཡིན་པར་སྲོལ་རྒྱུན་གྱི་གཤིས་ཀ་ནས་ཀྱང་ཕྱི་ལ་ཐོན་པ་རེད་། (མུ་མཐུད་དུ་ཀློགས། …)

ཡར་ཀླུང་གཙང་བོ་འཛིན་སྐྱོང་བྱེད་ཐབས་ཀྱི་ཁ་ཕྱོགས་གསར་པ་ཞིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བཀྲ་ཤིས་ཚེ་རིང་།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྲིད་བྱུས་བཟོ་མཁན་ཚོས་ངེས་པར་དུ་མི་མང་གི་དགོས་འདུན་དང་སྣོད་བཅུད་རྟེན་འབྲེལ་རིག་པ་གཉིས་རྒྱལ་ཁབ་ཀྱི་དམག་དོན་གྱི་དམིགས་ཡུལ་དག་གི་སྔུན་ལ་འཇོག་དགོས། བཀྲ་ཤིས་ཚེ་རིང་གིས་ཡར་ཀླུང་གཙང་བོའམ་རྟ་མཆོག་ཁ་འབབ་དང་མཉམ་དུ་བསྡེབས་ནས་ལས་གཞི་དག་གོང་སྤེལ་གཏོང་ཐབས་ལ་གཞི་རྩའི་ཐབས་ལམ་ཞིག་གྲོས་འཆར་འདོན་གྱིན་ཡོད།

རྒྱལ་སྤྱིའི་གཙང་བོ་དག་གི་དོ་དམ་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་སྐབས་མི་མང་པོས་གཙང་བོ་ཞིག་ཐུན་མོང་དུ་ལོངས་སྤྱོད་བྱེད་མཁན་གྱི་རྒྱལ་ཁབ་དག་གིས་ཆུ་ཤུགས་གློག་འདྲེན་དང་རྒྱ་ཆེ་ས་ནས་བཤད་ན་དཔལ་འབྱོར་གོང་འཕེལ་གྱི་ཆེད་དུ་མཉམ་སྦྲེལ་ཐོག་འབད་བརྩོན་བྱེད་ཐུབ་པ་དང་བྱེད་དགོས་པ་ཞིག་ཡིན་པ་ཆ་འཇོག་གནང་གི་ཡོད། རྒྱལ་སྤྱིའི་སྒྲིག་འཛུགས་དག་སྟེ་ཨེ་ཤ་ཡའི་ཡར་རྒྱས་དངུལ་ཁང་དང་འཛམ་གླིང་དངུལ་ཁང་ལྟ་བུ་དག་གིས་ལས་གཞི་འདི་འདྲ་དག་གིས་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་ཙམ་མ་ཡིན་པར་ས་ཁུལ་དུ་ཞི་བདེ་ཡོང་བར་མཐུན་འགྱུར་གནང་གི་རེད་བསམ་སྟེ་ཚོད་དཔག་འདིའི་སྒང་ལ་ཨ་སྒོར་དུང་ཕྱུར་བཅུ་ཕྲག་མང་པོའི་མ་རྩ་འཇོག་གི་ཡོད། མཉམ་འབྲེལ་འཛིན་སྐྱོང་གི་དཔེ་གཟུགས་འདི་ལྟ་བུ་དག་གནས་སྟངས་ལ་ལར་འོས་འཚམ་ཡིན་སྲིད་མོད། དེ་ནི་གཞན་པ་དག་སྟེ་ཡར་ཀླུང་གཙང་བོའམ་རྟ་མཆོག་ཁ་འབབ་ཐུན་མོང་དུ་ལོངས་སྤྱོད་བྱེད་མཁན་གྱི་ཨེ་ཤ་ཡ་ནང་གི་རྒྱལ་ཁབ་དག་ལ་འཚམ་པོ་མིན། (མུ་མཐུད་དུ་ཀློགས། …)